[001A] ༄༅། །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་རྗེ་ཕ་བོང་ཁ་པའི་གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ་ལས་བེའུ་བུམ་སྐོར་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ། །། [001B] །རབ་འབྱམས་འགྲོ་ལ་བརྩེ་བའི་གཞན་དབང་ཅན། །ལུང་རྟོགས་བསྟན་པའི་ཆོས་ཚུལ་འཕེལ་མཛད་པ། ། དཔལ་ལྡན་བླ་མའི་ཞབས་ལ་སྙིང་ནས་འདུད། །མ་ལུས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་གཟུགས། །གསོལ་འདེབས་ཟབ་མོ་རྒྱལ་བའི་གསང་མཛོད་ནས། །མཁས་མང་སོ་སོས་བླངས་པའི་ ལེགས་བཤད་རྒྱན། །དཀར་ཆག་གསེར་གྱི་སྐུད་པར་བསྟར་བ་བཞིན། །མན་ངག་ཟབ་དགུའི་ལེགས་གསུང་གངྒཱའི་ཀླུང། །བཤེས་གཉེན་ཛ་ཧུའི་མགྲིན་ལམ་ལས་འོངས་པ། །སྐལ་བཟང་ གདུལ་བྱའི་བགོ་སྐལ་དུ་ཐོབ་པའི། །གྲངས་དང་བརྒྱུད་པའི་ཐོབ་བྱང་འདི་ན་བསྟར། །དེ་ཡང་དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ [002A]༄༅། །ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་གསོལ་འདེབས་དམིགས་བརྩེ་མའི་ཆོས་སྐོར་ཕྱོགས་བསྒྲིགས་བེའུ་བུམ་ཡོངས་རྫོགས་ཀྱི་ལུང་ལེགས་ པར་ནོས་པའི་དཀར་ཆག་དང་བརྒྱུད་རིམ་བཅས་བཀོད་པར། བོད་དང་པོ་ དོན་མིང་གིས་བསྒྲིགས་པ། དགའ་ལྡན་ལྷ་བརྒྱ་མ་འདུལ་ནག་བས་མཛད་པ། རྣམ་དག་འོད་གསལ་མ་བླ་མ་བྱམས་པས་མཛད་པ་བཅས་ལ། གྲུབ་འབྱུང་གནས་ལྕགས་ར་ངག་དབང་འཕྲིན་ལས་ཀྱིས་མཛད་པ། བ་ བ་ [002B] བ་ བརྟེན་ནས་མཚོན་བསྲུང་བ་དབེན་ས་པས་མཛད་པ། དགའ་ལྡན་ལྷ་བརྒྱ་མའི་དམར་ཁྲིད་ཞལ་ཤེས་འཇམ་དབྱངས་བཞད་པས་མཛད་པ། བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཙིནྟ་མ་ཎིའི་འཕྲེང་བ། འཕོ་བ་ཚིགས་ བཅད་མ། འཕོ་བ་ཚིག་ལྷུག་དགའ་ལྡན་བགྲོད་པའི་བདེ་ལམ་རྣམས་འཇམ་དབྱངས་བདེ་བའི་རྡོ་རྗེས་མཛད་པ་བཅས་ལ། ལས་ཚོགས་དངོས་ གྲུབ་ཀུན་འབྱུང་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་མཛད་པ་ལ། པར་ནག་འགྲོས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་ལ། བསྙེན་ཡིག་ཉེར་མཁོ་ཁ་ཚར་རྣམས་ཀྱང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་བཅས་ལ། སྒྲུབ་དོན་གཉིས་ཐེམ་སྐས། ས་བཅུད་བུམ་སྒྲུབ་ཀྱི་ལྷན་ཐབས་རྣམས་ལྕགས་ར་ངག་དབང་འཕྲིན་ལས་ཀྱིས་མཛད་པ། བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་གུང་ཐང་རིན་པོ་ཆེས་མཛད་པ། མེ་ཏོག་འཐོར་ཚུལ་རྗེ་ [003A]༄༅། །དྲུང་རིན་པོ་ཆེས་མཛད་པ་བཅས་ལ། དམིགས་བརྩེ་མའི་སྒོ་ནས་གདོན་ བགེགས་ཞི་བར་བྱ་ཚུལ། རི་ཁྲུས་བྱ་ཚུལ་དོན་གྲུབ་རྒྱལ་མཚན་གྱིས་མཛད་པ། དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གུང་ཐང་རིན་པོ་ཆེས་མཛད་པ་བཅས་ལ། ཉན་བྱ་ཚུལ་ལ། བྱེད་མའི་སྒྲུབ་ཐབས་པཎ་ཆེན་བསོད་ནམས་གྲགས་པས་མཛད་པ་ལ། བཅས། སྨད་ཆ་ལ་ པར་འདོད་ལྷ་འགའ་ཞིག་གི་ཐུགས་རྗེ་བསྐུལ་བའི་ཆོ་ག་བསམ་དོན་ལྷུན་གྲུབ་སྟག་ཕུ་གར་དབང་གིས་མཛད་པ་ལ། འཇམ་དཔལ་བསྟན་པ་རབ་རྒྱས་ཀྱིས་མཛད་པ་ལ། [003B] དམིགས་བརྩེ་མའི་རྩ་འགྲེལ་སུམ་བརྩེགས་རིན་ཆེན་གསུམ་གྱི་ཕྲེང་བ་ལ། ཟུར་འདེབས་ལ། དོན་སྦྱོར་གསུམ་ལྡན་ལ། རྒྱུན་ཡོངས་འཛིན་བྱམས་པ་རིན་པོ་ཆེས་མཛད་པ་ལ། མིག་གི་ཉེས་སྐྱོན་སེལ་བའི་གདམས་པ་ཟུག་རྡུ་ཚ་གདུང་སེལ་བའི་ཟླ་ཟེར་སྟག་ཕུ་རིན་པོ་ཆེས་མཛད་པ་ལ། བཅས་ཁྱོན་གྲངས་་དཀར་ཆག་ལ། ༈ མཆོག་ཐུན་དངོས་གྲུབ་ཀུན་གྱི་འབྱུང་གནས་རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པ་ལ། [004A]༄༅། །དགའ་ལྡན་ལྷ་བརྒྱ་མའི་བླ་བརྒྱུད་གསོལ་འདེབས་དང་བསྡུས་དོན་བློ་གྲོས་མིག་འབྱེད་བཅས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། ཉམས་མགུར་ཤར་གངས་རི་མ་དང་ཐར་པ་དང་ཐམས་ཅད་ མཁྱེན་པར་བསྐུལ་བའི་ཉམས་མགུར་གཉིས་རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པ། ཞྭ་སེར་བསྟན་པའི་གནས་ཚད་དང། གཏེར་དུང་ལོ་རྒྱུས་རྒྱལ་བ་དབེན་ས་པས་མཛད་པ་བཅས་ལ། ཞུས་ཀྱི་ཟུར་འདེབས་ལོ་རྒྱུས་དང་རྗེ་རིན་པོ་ཆེ་རིགས་གསུམ་སྤྱི་སྒྲུབ་ཀྱི་སློབ་མ་རྗེས་འཛིན་ཆོ་ག་བླ་མའི་ཞལ་ཤེས་ལྟར་བཀོད་པ་དཔའ་ཤོད་བླ་མ་བྱམས་པ་དགེ་ལེགས་ཀྱིས་མཛད་པ་ལ། བྱིན་རླབས་བྱ་ཚུལ་དོན་ཡོད་འཕྲུལ་གྱི་ལྕགས་ཀྱུ་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པ་ལ། སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་ལ་ དུས་གསུམ་སངས་རྒྱས། བླ་མ་ལྷག་པའི་ལྷ། ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་ལེ་ཚན་གསུམ་བཅས་དབེན་ས་བློ་བཟང་དོན་གྲུབ་ཀྱིས་མཛད་པ། རྒྱལ་བ་བློ་བཟང་གྲགས་པ་ལ་བརྟེན་པའི་ཕྱི་ནང་གསང་གསུམ་གྱི་སྒྲུབ་ཐབས་དང་བླ་མའི་རྣལ་ འབྱོར་གྱི་སྙིང་པོ་བཅས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ། རྗེ་བཙུན་བླ་མའི་རྣལ་འབྱོར་ཚིགས་བཅད་མ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པ། དམིགས་བརྩེ་མ་དང་འབྲེལ་བའི་རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་ [004B] རྗེ་བླ་མ་ལ་བརྟེན་པའི་སེམས་དཔའ་སུམ་བརྩེགས་ཀྱི་རྣལ་འབྱོར་སྐྱིད་ཤོད་སྤྲུལ་སྐུ་ངག་དབང་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པ། བླ་མའི་རྣལ་འབྱོར་ ཙོནྟ་མ་ཎིའི་ཕྲེད་མཇོས་རྗེ་འཇམ་དབྱངས་བཞད་པས་མཛད་པ། དམིགས་བརྩེ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་མཛད་པ། རྗེ་བླ་མ་དང་འཇམ་དབྱངས་དབྱེར་མེད་ཀྱི་རྣལ་འབྱོར་རོང་པོ་སྐལ་ལྡན་རྒྱ་ མཚོས་མཛད་པ། འཕགས་པ་རིགས་གསུམ་མགོན་པོ་དང་རྗེ་རིན་པོ་ཆེ་དབྱེར་མེད་ཀྱི་རྣལ་འབྱོར་དང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དཔལ་གྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པ་དམིགས་བརྩེ་མའི་ཕན་ཡོན་བཅས་རྒྱལ་བ་བསྐལ་བཟང་རྒྱ་ མཚོས་མཛད་པ། བླ་མེའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཟུང་འཇུག་བང་མཛོད་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ་བཅས་ལ། ལ་བརྟེན་པའི་བླ་མའི་རྣལ་འབྱོར་མདོར་བསྡུས་བཅས་ཁྲི་རྒྱ་ནག་པས་མཛད་པ། རྗེ་བདག་ཉིད་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་དང་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་གཉིས་ལྕང་སྐྱ་རོལ་པའི་རྡོ་རྗེས་ མཛད་པ། རྗེ་རིགས་གསུམ་སྦྱི་སྒྲུབ་ཀྱི་རྣལ་འབྱོར་ཤིན་ཏུ་བསྡུས་པ་དང་རྗེ་རིན་པོ་ཆེས་མཁས་གྲུབ་རིན་པོ་ཆེ་ལ་གདམས་པ་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། རྗེ་རིན་པོ་ཆེ་ལ་བརྟེན་པའི་རིགས་ [005A]༄༅། །གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་དགོས་འདོད་ཀུན་འབྱུང། ལྷ་དང་བླ་མ་ལ་གསོལ་བ་འདེབས་ཚུལ་ཤིན་ཏུ་བསྡུས་པ་བཅས་རྗེ་ངག་དབང་བྱམས་པས་མཛད་པ། སྲད་བརྒྱུད་ལུགས་ཀྱི་དགའ་ ལྡན་ལྷ་བརྒྱ་མའི་ཉམས་ལེན་དམར་ཁྲིད་སྙན་བརྒྱུད་གདམས་པའི་གཏེར་མཛོད་བདུད་རྩིའི་ཆར་རྒྱུན་རྒྱལ་སྲས་བསྐལ་བཟང་ཐུབ་བསྟན་གྱིས་མཛད་པ། དམིགས་བརྩེ་མ་དངོས་གྲུབ་ཀུན་འབྱུང་རྗེ་བཙུན་སྒྲོལ་མ་ཞེས་པ་ཀློང་རྡོལ་བླ་ མ་རིན་པོ་ཆེས་མཛད་པ། དམིགས་བརྩེ་མ་ཚིག་རྐང་བརྒྱད་མ་གུང་ཐང་རིན་པོ་ཆེས་མཛད་པ་བཅས་ལ། ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། དགའ་ལྡན་ལྷ་བརྒྱ་མས་གཞུང་བསྲངས་ཏེ་མདོ་སྔགས་ཆ་ཚང་བར་ཉམས་སུ་ལེན་ཚུལ་དགའ་ལྡན་ཞིང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས། ཟབ་ལ་མ་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་སྒོ་ ནས་རང་གཞན་གྱུཨ་དོན་རླབས་པོ་ཆེ་སྒྲུབ་ཚུལ། བླ་མའི་རྣལ་འབྱོར་འདོན་ཐབས་རྒྱུན་གྱི་ཉམས་ལེན་འོག་མཇུག་ཀུན་ཏུ་ཀུན་སློང་འཆོས་ཚུལ་སོགས་ཚང་ཞིང་འཁྱེར་བདེ་བ། དགའ་ལྡན་ལྷ་བརྒྱ་མ་དང་སྦྱོར་བའི་ཆོས་དྲུག་དཀྱུས་གཅིག་ཏུ་ཉམས་ སུ་ལེན་ཚུལ་ལམ་བཟང་སྒོ་འབྱེད། དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བར་རིགས་གསུམ་མགོན་པོའི་བཟླས་བརྗོད་བྱེད་ཚུལ་བྱིན་རླབས་གཏེར་ཆེན་དང་བུམ་ཆོག་དམིགས་བརྩེ་མའི་བསྙེན་པ་བྱ་ཚུལ། རྣམ་རྒྱལ་བུམ་པ་ཚད་ལྡན་བྱ་ཚུལ་བཅས་ [005B] རྗེ་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་ཟབ་གནད་ཅན་དགའ་ལྡན་ལྷ་བརྒྱ་མར་གྲགས་པ་ཉམས་སུ་ལེན་ཚུལ་དངུལ་ཆུ་དྷ་རྨཱ་བྷ་དྲས་མཛད་པ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བསྒོམ་ བཟླས་བྱ་ཚུལ་དངོས་གྲུབ་ཆར་དུ་བསྙིལ་པའི་སྤྲིན་ཕུང་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པ། རྗེ་བླ་མ་དང་རིགས་གསུམ་མགོན་པོ་དབྱེར་མེད་དུ་སྒྲུབ་ཚུལ་བྱིན་རླབས་མྱུར་འཇུག་སྒོ་མང་མཁན་ཆེན་དགེ་འདུན་སྦྱིན་པས་མཛད་པ། རྗེ་ ཙོང་ཁ་པ་ལ་བརྟེན་པའི་ཤེས་རབ་བློ་འཕེལ་སྒྲུབ་ཚུལ་མན་ངག་ལུགས་བློ་གྲོས་འདབ་བརྒྱ་བཞད་པའི་ཉིན་བྱེད་གཞོན་ནུ་རྗེ་བཀའ་འགྱུར་བ་ལྷོ་སྤྲུལ་རིན་པོ་ཆེས་མཛད་པ་བཅས་ལ། མ་ལ་ཆིག་བརྒྱུད་དུ་སྩལ་བའི་བླ་མའི་རྣལ་འབྱོར་གྱི་བརྗེད་བྱང་གྲུབ་གཉིས་དགའ་སྟོན་རྗེ་ཤེས་རབ་རྒྱ་མཚོས་མཛད་པ་ལ། འཇོན་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་མཛད་པ་ལ། དགའ་ལྡན་ལྷ་བརྒྱ་མར་གྲགས་པའི་བླ་མའི་ རྣལ་འབྱོར་གྱི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་རྗེ་བློ་བཟང་ཐུགས་རྗེས་མཛད་པ། དགའ་ལྡན་ལྷ་བརྒྱ་མའི་ཟབ་གནད་ཡོངས་སུ་རྫོགས་པ་ཐོ་ཙམ་དུ་བཀོད་པ་ཁྲི་གུང་ཐང་པས་མཛད་པ། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་བྱིན་རླབ་ [006A]༄༅། །མྱུར་འཇུག་དང། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་ལས་ཚོགས་དང་བཅས་པ་དངོས་གྲུབ་ཀུན་འབྱུང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པ། དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་སྲད་འརྒྱུད་ ལུགས་ཀྱི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དཔལ་མང་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ་བཅས་ལ། ནོར་བུའི་སྙེ་མ་རྗེ་ཤེས་རབ་རྒྱ་མཚོས་མཛད་པ་ལ། བླ་མའི་རྣལ་ འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་འཇམ་དཔལ་སྙིང་པོའི་བྱིན་རླབས་མྱུར་འཇུག་མན་ངག་ནོར་བུའི་གཏེར་མཛོད་ཁྲི་ཆེན་ངག་དབང་ནོར་བུས་མཛད་པ་བཅས་ལ། གཙོ་གསུམ་རྩ་ཚིག་གི་སྟེང་ནས་གཞུང་བསྲངས་ཏེ་ཉམས་ལེན་སྙིང་པོར་བྱེད་ཚུལ་དམ་པའི་གསུང་རྒྱུན་ལེགས་བཤད་སྒྲོན་མེ་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ་གྱིས་མཛད་པ་ལ། དཀར་ཆག་ལ། ་བཅས་ཁྱོན་གྲངས་་ ༈ [006B] མཆོག་སྤྲུལ་གྱིས་མཛད་པ་ལ། མཛད་པ། རྗེ་ཚེ་འཛིན་མའི་སྒྲུབ་ཐབས་འཆི་མེད་རིག་འཛིན་མྱུར་འགྲུབ་གྲྭ་སྒོམ་མཆོག་སྤྲུལ་བློ་གྲོས་དཔལ་ལྡན་འོད་ཟེར་གྱིས་མཛད་པ། རྗེ་ཙོང་ཁ་པ་ཚེ་འཛིན་མའི་ཚེ་དབང་བྱ་ཚུལ་འཆི་བདག་གཡུལ་རྒྱལ་གོ་ཁྲབ་གྲུབ་དབང་ཕུན་ཚོགས་ ཆོས་འབྱོར་གྱིས་མཛད་པ་བཅས་ལ། བླ་མའི་རྣལ་འབྱོར་དང་འབྲེལ་བའི་དམིགས་བརྩེ་མའི་བསྙེན་ཡིག་དང་སྤྱིན་སྲེག་བྱ་ཚུལ་དངོས་གྲུབ་ནོར་བུའི་གཏེར་མཛོད་སྒོ་མཁན་སྤྲུལ་ངག་དབང་ཐུབ་བསྟན་གྱིས་མཛད་པ་ལ། འབྱུང་བའི་སྙེ་མ་རྒྱལ་མཁན་བོ་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ལ། [007A]༄༅། །མཛད་པ་ལ། རྗེ་བླ་མ་ལ་ བརྟེན་པའི་ཆར་འབེབས་ཀྱི་ཆོ་ག་མན་ངག་སྙན་བརྒྱུད་ཁྱེར་བདེ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོས་མཛད་པ། དམིགས་བརྩེ་མ་ལ་བརྟེན་པའི་ཆར་འབེབས་བྱ་ཚུལ་གྱི་ལྷན་ཐབས་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་ པོས་མཛད་པ། དམིགས་བརྩེ་མའི་སྒོ་ནས་ཆར་འབེབས་བྱེད་ཚུལ་གྱི་ཆོ་ག་དངོས་གྲུབ་གྲུ་ཆར་གཡོ་བའི་སྤྲིན་ཕུད་ཐུའུ་བཀན་དྷརྨ་བཛྲ་གྱིས་མཛད་པ། རིགས་གསུམ་སྤྱི་སྒྲུབ་ཀྱི་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཆར་འབེབས་ཀྱི་ཆོ་ག་ལག་ ལེན་གསལ་བྱེད་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་དགེ་ལྡན་སྙན་བརྒྱུད་མན་ངག་གི་གཏེར་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་བཅས་ལ། བསྟན་པའི་ཉི་མས་མཛད་པ། དགེ་ལྡན་རིལ་སྒྲུབ་བྱ་ཚུལ་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཆར་འབེབས་དཀོན་མཆོག་འཇིགས་མེད་དབང་པོས་མཛད་པ། རྗེ་བླ་མ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་སྒོ་ནས་བྱིན་རླབས་རིལ་ སྒྲུབ་བྱ་ཚུལ་དངོས་གྲུབ་ཀུན་འབྱུང་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ། དགེ་ལྡན་རིལ་སྒྲུབ་འདོན་ཆ་ཟུར་བཀོད་གུང་ཐང་རིན་པོ་ཆེས་མཛད་པ་བཅས་ལ། [007B] བུམ་པ་གཅིག་འཐུས་སུ་སྒྲུབ་པའི་བཅའ་སྒྲིགས་སྒྲུབ་སྦས་ཀྱི་ཆོ་གའི་ཁྲིགས་བསྡེབས་བྱིན་རླབས་འོད་སྟོང་འདྲེན་པའི་ངོ་མཚར་སྐྱ་རེངས་གསར་པ་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་མཛད་པ་ལ། གསལ་བྱེད་རིན་ཆེན་བུམ་བཟང་མན་ངག་མཛོད་འཛིན་རྗེ་ཤེས་རབ་རྒྱ་མཚོས་མཛད་པ་ལ། ་ སྲད་བརྒྱུད་ལུགས་ཀྱི་དགའ་ལྡན་འཕོ་ཁྲིད་ཀྱི་བརྗེད་བྱང་མི་ཕམ་བླ་མའི་ཞལ་ལུང་རྗེ་ཤེས་རབ་རྒྱ་མཚོས་མཛད་བ། སྲད་བརྒྱུད་ལུགས་ཀྱི་འཕོ་བའི་གདམས་པའི་ངག་འདོན་ཁྲིགས་ཆགས་སུ་བསྡེབས་པ་ཁྲི་གུང་ཐང་དཀོན་མཆོག་བསྟན་ བའི་སྒྲོན་མེས་མཛད་པ། དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་འཕོ་བ་ཐུན་མོང་མ་ཡིན་པ་དངུལ་ཆུ་དྷརྨ་ཕ་དྲས་མཛད་པ་བཅས་ལ། སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་མཛད་པ། བླ་མ་ཡི་དམ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ནང་གི་ཁོང་སྐྲན་འདོན་པའི་སྐྱུགས་སྨན་པཎ་ཆེན་ཆོས་རྒྱན་གྱིས་མཛད་པ། འཇམ་མགོན་རྒྱལ་བ་གཉིས་པ་ལ་བསྟན་པའི་སྙིང་ [008A]༄༅། །པོ་གསལ་བར་མཛད་པའི་ཚུལ་ལས་བརྩམས་ཏེ་བསྟོད་པ་དོན་དང་ལྡན་པ་ཁྲི་གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པ་བཅས་ལ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པ་ལ། གི་ལོ་རྒྱུས་ཅུང་ཟད་བརྗོད་པ་མཉན་པར་འོས་པའི་གཏམ་གྱི་ཕྲེང་བ་རྗེ་ཤེས་རབ་རྒྱ་མཚོས་མཛད་པ་ལ། སངས་བྱེད་ཡིད་བཞིན་ནོར་བུ་རྗེ་འཇམ་དབྱངས་འཕྲིན་ལས་ཀྱིས་མཛད་པ་ལ། རྗེ་བླ་མའི་བསྟན་པ་དང་ཚེ་རབས་ཀུན་ཏུ་མི་འབྲལ་བའི་སྨོན་ཚེག་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ། དམ་པའི་བཀའ་དྲིན་དྲན་པའི་སྨོན་ཚིག་ [008B] རྗེ་རིན་པོ་ཆེའི་བསྟན་པ་དང་མཇལ་བའི་སྨོན་ལམ་མཁྱེན་བརྩེའི་འདྲེན་ལྡན་སྐྱབྶ་མགོན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོས་མཛད་པ། རྗེ་བླ་མའི་བསྟན་ པ་དང་མཇལ་བའི་སྨོན་ཚིག་རྗེ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པ། སྤར་བྱང་སྨོན་ཚིག་མཁན་ཆེན་བསྟན་པ་ཆོས་འཕེལ་གྱིས་མཛད་པ་བཅས་ལ། དཀར་ཆག་ལ། ཁྱོན་གྲངས་་བཞུགས། ༈ གསར་བསྒྲིགས་སྐབས་སྤར་མ་འཁོད་པ་ཕྱིས་སུ་སྤར་གསར་བརྐོས་པོད་ཕྱི་མ་གཉིས་ཀྱི་དཀར་ཆག་ཏུ་མི་གསལ་བའི་བཞུགས་བྱད་ནི། པོད་གཉིས་པའི་ རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་འདེབས་སྙིང་པོ་བསྡུས་པའི་རྣལ་འབྱོར་དབེན་ས་པས་མཛད་པ། རླབས་མྱུར་འཇུག་ མཎྜལ་འབུལ་ཚུལ་སྙིང་པོ་བསྡུས་པ། པོད་གསུམ་པར། གྱིས་མཛད་པ། བླ་མའི་རྣལ་འབྱོར་ལ་བརྟེན་པའི་ཆར་འབེབས་ [009A]༄༅། །དང༑ ཐོག་སེར་བསྲུང་བ་ལ་རླུང་གི་འཇིགས་པ་སད་དང་ཕྱུགས་ཀྱི་ནད་ཡམས་སོགས་ཞི་བའི་གསོལ་འདེབས་འགྲོ་ཀུན་བདེ་སྐྱིད་རབ་རྒྱས་ཞེས་བྱ་བ་སྨྱུང་གནས་བླ་མ་རིན་པོ་ཆེས་མཛད་པ། ཟབ་ལམ་བླ་ མའི་རྣལ་འབྱོར་ལ་བརྟེན་པའི་ཤྭ་འོད་ཆུ་བསྒྱུར་ནག་འགྲོས་སུ་བཀོད་པ་གསེར་གྱི་ལྷུན་པོ་དང། ཡང་པོད་གཉིས་པར་ བཅས་ཡོངས་རྫོགས་ཀྱི་ལུང་ནོས་པའི་བརྒྱུད་པ་ནི། བེའུ་བུམ་བསྒྲིགས་པ་པོ་ཡན་འདི་ནང་གི་བརྒྱུད་ཐོ་སྐལ་ལྡན་སྙིང་ནོར་ལྟར་དང། དེ་ནས་བསྒྲིགས་པ་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་སྒོ་མང་མཁན་ཆེན་རྡོ་རྗེ་འཆང་རྗེ་ བཙུན་མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པོའི་ཞལ་སྔ་ནས་བདག་ལ་བཀའ་དྲིན་དུ་སྩལ་བའོ།། །། ༈ ཕྱག་འཚལ་ཉེར་གཅིག། པ༑ [009B] འགྲགས་པ་བརྩོན་འགྲུས་ཀྱིས་མཛད་པ། གི་རྣམ་བཤད། མཛད་པ། ཐབས་ཙིཏྟ་མ་ཎི། ཆོམ་རྐུན་སྲུང་ཚུལ། [010A]༄༅། །རྒྱལ་གྱིས་མཛད་པ། གནང་གི་ཆོ་ག་ ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྗེ་དོན་གྲུབ་རྒྱལ་མཚན་ཡན་དེ་གའི་བརྒྱུད་ཡིག་ལྟར་ལ། དེ་ནས་རྗེ་འཇམ་དབྱངས་འཕྲིན་ལས། རྗེ་བཀའ་འགྱུར་བ་བྱམས་པ་ཚེ་དབང། འབྲས་སྤུངས་སྒོ་མང་མཁན་ཟུར་རྡོ་རྗེ་ འཆང་མཁྱེན་རབ་བསྟན་པ་ཆོས་འཕེལ། འཇིགས་མཛད་མིའི་གར་རོལ་རྗེ་བླ་མ་བཀའ་དྲིན་མཚུངས་མེད་སྟག་བྲག་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ བདག་ཕ་བོང་ཁ་པ་བྱམས་པའི་མིང་ཅན་ལ་དགྱེས་བཞིན་དུ་བཀའ་དྲིན་སྩལ་བའོ།། ། [010B] ༈ །ཀུན་བཟང་ཆོས་དབྱིངས་ཀློང་ནས་བཞད་པའི་གར། །སྙིགས་དུས་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐུར། །ཡོངས་བཞེངས་སྲིད་ཞིའི་རྒྱན་གྱུར་མགོན་དེས་སྐྱོངས། །བཅོམ་ལྡན་འདས་ པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྟ་པོད་གསར་མར་གྲགས་པ་རྗེ་བཙུན་དམ་ཚིག་རྡོ་རྗེས་ལྗགས་སྒྲིགས་མཛད་པ་པོད་གསུམ་བཞུགས་པའི་ཆོས་སྐོར་གྱི་དཀར་ཆག་བཀོད་པ་ལ། སྐོར་ཇི་ལྟར་ནོས་ཚུལ་དང་གསར་བ་སྒྲིགས་རྣམས་ཀྱི་ཐོ་ཡིག་དགོས་འདོད་ཀུན་འབྱུང་ལ། ་ ་ མའི་རྣལ་འབྱོར་བྱིན་རླབས་མྱུར་སྩོལ་ལ། ་ ་ ་ ་ ་ དབྱངས་ཀྱི་སྒོམ་རིམ་བསྙེན་ཐབས་དང་བཅས་པའི་རྣམ་བཤད་བཀའ་རྒྱ་མ་གནད་དོན་རབ་གསལ་ཀུན་ཕན་སྒྲོན་མེ་ལ། ་ ་ [011A]༄༅། །ཉེར་མཁོ་སྨན་རཀ་གཏོར་གསུམ་བྱིན་རླབས་ཀྱི་དམིགས་རིམ་དབང་ཆེན་དགྱེས་སྐྱེད་ལ། དམིགས་རིམ་གེགས་སེལ་གྱི་གདམས་པ་དང་བཅས་པ་དོན་གཉིས་འདོད་འཇོ་ལ། རྣམ་རྒྱལ་ལ། པར་རྒྱལ་དབང་ལས་བྱང་སྙིང་པོ་བཅུད་བསྡུས་ཀྱི་སྒོམ་རིམ་དངོས་གྲུབ་འདོད་འཇོ་པད་རཱག་བུམ་བཟང་ལ། པའི་དངོས་གྲུབ་བསྡུ་བའི་སྦྱིན་སྲེག་དངོས་གྲུབ་རིན་ཆེན་བང་མཛོད་ལ་ཉེར་མཁོའི་ཡིག་ཆུང་གི་ཞབས་བསྲིངས་པ་ལ། བརྟེན་པའི་ཞི་བའི་སྦྱིན་སྲེག་བྱ་ཚུལ་གདུང་སེལ་སྣང་བ་གསར་ངོམ་ལ། [011B] ལྷག་གནས་དང་དཀྱིལ་འཁོར་རབ་གནས་བྱ་ཚུལ་བདེ་ཆེན་ལམ་སྟེགས་ལ། གསལ་དགའ་བསྐྱེད་ལ། བསྐུར་ཚུལ་བྱིན་རླབས་ཆར་འབེབས་ལ། བཤགས་ཀྱི་ཆོ་ག་འཁྱེར་བདེ་རྩ་གསུམ་དགྱེས་སྐོང་དག་བྱེད་བདུད་རྩི་ལ། [012A]༄༅། །རྒྱ་མཚོ་ལ། ཀུན་སེལ་ལ། འཕྲིན་ལས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལ། བའི་མཚམས་སྦྱོར་གྱི་ཟུར་འདེབས་དགེ་ཚོགས་རབ་འཕེལ་ལ། གུར་ཁང་ལ། གསལ་བྱེད་ཀྱི་ཡིག་ཆུང་བཏགས་པ་ལ། [012B] འབྲེལ་དུ་ཐུན་མོང་མ་ཡིན་པའི་རིག་གཏད་བྱ་ཚུལ་གྱི་ཐོ་བཀོད་པ་ལ། བཀའ་བརྒྱད་སྤྱིའི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་དབང་ཆེན་སྤྱིའི་བཀའ་སྲུང་རྣམས་ལ་མཆོད་གཏོར་འབུལ་ཚུལ་འཕྲིན་ལས་མྱུར་འགྲུབ་ལ། རྒྱུད་བཀའ་རྒྱ་ཅན་རྣམ་གྲོལ་ལམ་བཟང། བརྒྱུད་ལུགས་ཀྱི་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་ནང་ཚན་བཅོམ་ལྡན་འདས་པདྨ་དབང་ཆེན་རྟ་མགྲིན་ཡང་གསང་ཁྲོས་པའི་ལྷ་དགུའི་ལས་བྱང་བཀླགས་ཆོག་ཏུ་བཀོད་པ་རྟ་མཆོག་ཞལ་ལུང་ལ། [013A]༄༅། །པདྨ་དབང་ཆེན་རྟ་མགྲིན་དམ་སྲི་ཟིལ་གནོན་གྱི་ལས་བྱང་དང་དབང་བསྐུར་ཆོ་གའི་ཁྲིགས་རིམ་ལ། ཆ་ལག་དམ་ཚིག་དང་སྡོམ་པའི་རྣམ་གཞག་མདོར་བསྡུས་སུ་བཀོད་པ་དངོས་གྲུབ་འདོད་འཇོ་དབང་གི་རྒྱལ་པོ་ལ། བའི་བླ་མའི་སྣང་བརྙན་འདྲི་ཚུལ་ཕྱག་བྲིས་ལས་བཤུས་པ་ལ། མངའ་གསོལ་ཆོས་སྐྱོང་གི་ཐུགས་མཉེས་པར་བྱེད་པ་ཀ་ལ་པིངྐའི་དབྱངས་སྙན་གྱི་གླུ། རྫོ་ང་ཆུང་ཚེ་སྒྲུབ་ཀྱི་གདམས་པ་ལ་བཅས་ཁྱོན་གླེགས་བམ་པོད་གཉིས་ཙམ་བཞུགས་པ་ལས་རྟགས་མེད་ཡོངས་རྫོགས་ཀྱི་ལུང་མ་ཐོབ་ཅིང། ཐིག་ལེའི་རྟགས་ཅན་རྣམས་ཀྱི་ལུང་གི་བརྒྱུད་པ་ནི། མཛད་པ་པོ་དམ་ཚིག་རྡོ་རྗེ་ རྗེ་ངག་དབང་ཆོས་ཀྱི་དབང་ཕྱུག་དགེ་ལེགས་བསྟན་པའི་རྒྱལ་མཚན། རྫ་ཆོས་རྗེ་བསྟན་འཛིན་མཐུ་སྟོབས། ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ། མཚུངས་མེད་སྟག་བྲག་རིན་པོ་ཆ་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་ [013B] བདག་ལ་དགྱེས་བཞིན་དུ་སྩལ་བའོ། །ཡུང་རྟགས་ཅན་གྱི་བརྒྱུད་པ་ནི། མཛད་པ་པོ་དམ་ཚིག་རྡོ་རྗེ། བྲག་རི་དགེ་བཤེས་སྐལ་བཟང་རྣམ་རྒྱལ། བྲག་རི་ཆོས་འབྱོར་རྒྱ་མཚོ། རྫ་ ཆོས་རྗེ་བསྟན་འཛིན་མཐུ་སྟོབས་མན་གོང་དང་འདྲ།། །། ༈ རང་གི་གདུལ་བྱ་ཡེ་ཤེས་ཀྱིས་གཟིགས་ཤིང། །དོན་གཉིས་མཐར་ཕྱིན་གྲུབ་ཐོབ་ཚུལ་བསྟན་ཏེ། །རྗེས་འཇུག་རྣམས་ལ་སླར་ ཡང་བཀའ་གདམས་པའི། །ལམ་སྲོལ་བཟང་པོའི་རྒྱལ་མཚན་བཙུགས་ལ་འདུད། །འདིར་མང་ཐོས་གདམས་པའི་མཛོད་འཆང་རྗེ་ལྷ་བཙུན་དོན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས། མན་ངག་ཟབ་མོ་སྙིང་དུ་གཅེས་ པ་གཅིག་ཏུ་བསྡུས་པའི་མེན་ངག་བེའུ་བུམ་ཞེས་མཚན་གསོལ་བ་དེ་ཉིད་ཀྱི་ལྗགས་ལུང་ལེགས་པར་ཐོབ་པའི་དཀར་ཆག་དང་བརྒྱུད་རིམ་ཆབས་ཅིག་ཏུ་འགོད་པ་ལ། ཐོག་མར། སྒྲོལ་དཀར་ཆོས་སྐོར་ལ། པཎྜི་ཏ་ངག་དབང་ གྲགས་པས་མཛད་པའི་སྒྲོལ་དཀར་གྱི་བསྟོད་པ་འཁོར་བ་ལས་སྒྲོལ་མ་གཟུངས་སྔགས་དང་བཅས་པ་མངའ་བའི་ཚུལ་ནི། པཎ་ཆེན་དགེ་འདུན་གྲུབ་པ། པཎ་ཆེན་ཡེ་ཤེས་རྩེ་མོ། པཎ་ཆེན་ལུང་རིགས་རྒྱ་མཚོ། ཤཱནྟི་པ་བློ་གྲོས་རྒྱ་ མཚོ༑ མཁས་གྲུབ་བསྟན་པ་དར་བཟང། གསེར་སྡིངས་པ་བཀྲ་ཤིས་རིན་ཆེན། པཎ་ཆེན་བློ་བཟང་ཆོས་རྒྱན། དྲུང་པ་རྟ་ཕུག་པ་དམ་ཆོས་རྒྱལ་མཚན། ཐོར་གྭོད་མེར་གན་ངག་དབང་བློ་གྲོས། ཕ་བོང་ཁ་པ་གནས་བརྟན་ [014A]༄༅། །འཇམ་དབྱངས་གྲགས་པ། མངའ་རིས་དྭགས་པོ་དགེ་བཤེས་དགེ་ལེགས་རྒྱ་མཚོ། སེར་བྱེས་ཆབ་མདོ་ངག་དབང་བྱམས་པ། འཇམ་བཞད་དཀོན་མཆོག་འཇིགས་མེད་དབང་པོ། དཔལ་མང་ཆེ་ཚང་ དཀོན་མཆོག་རྒྱལ་མཚན། རྗེ་དོན་གྲུབ་བསྟན་པའི་རྒྱལ་མཚན། རྗེ་འཇམ་དབྱངས་འཕྲིན་ལས། རྒྱུད་སྨད་ལྷོ་བ་དགེ་བཤེས་བྱམས་པ་ཚེ་དབང། སྒོ་མང་མཁན་ཟུར་མཁྱེན་རབ་བསྟན་པ་ཆོས་འཕེལ། སྟག་བྲག་མཆོག་ སྤྲུལ་རྗེ་བཙུན་ངག་དབང་གསུང་རབ་མཐུ་ཐོབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བདག་ལ་དགྱེས་བཞིན་སྩལ་བའོ། །པཎྜི་ཏ་ངག་དབང་གྲགས་པའི་གསུང་སྒྲོལ་དཀར་གྱི་སྒྲུབ་ཐབས་དོན་ཡོད་རྡོ་རྗེ་དང་རྗེ་དགེ་འདུན་གྲུབ་ཀྱི་ གསུང་འབུམ་གྲས། ལོ་ཙཱ་བ་རིའི་འགྱུར། གཉན་ལོ་ཙཱ་བ་ལ་བཀའ་སྲུང་གཉིས་ཀྱིས་སྲོག་སྙིང་ཕུལ་བའི་ཡི་གེ་ལོ་རྒྱུས་བཅས་ལས་ཚོགས། རྒྱ་མཚོའི་རྒྱུད་ལས་ཀྱང། ལས་བཞི་སྒྲུབ་པའི་མན་ངག་བྱུང་བ་ཡིན་གྱི་མཐའ་ཅན་ དེའི་སྒྲུབ་ཐབས་བུམ་ཆོག་གཏོར་མ་སྲུང་འཁོར་གྱི་ཡི་གེ་འགོ་རི། འཕགས་མ་སྒྲོལ་མ་བྱང་ཆུབ་སྒྲུབ་པའི་གང་ཟག་དམིགས་ནས། བཟླས་པ་བྱ་བའི་མཐའ་ འདི་ལ་བརྟག་དགོས། ཅན། བྲི་བ་སྲུང་འཁོར་གྱི་ཡི་གེ་འགོར་ན་མོ་གུ་རུ་ བཙུན་སྒྲོལ་མ་དཀར་མོའི་བསྲུང་བའི་འཁོར་ལོའི་གདམས་ངག་ནི་ནས། ཡོན་ཏན་དཔག་ཏུ་མེད་ཀྱི་མཐའ་ཅན། བར་ཆད་ཞི་བའི་ཡི་གེ་འགོར། བར་ཆད་ཞི་བར་བྱེད་པ་ལྟས་ངན་གཡང་དུ་ལེན་པའི་མན་ངག་ནི་ནས་མིང་སྤེལ་ [014B] བྱང་གྲོལ་གྱི་ཡི་གེ་སློབ་དཔོན་པདྨ་ནག་པོས་མཛད་པ། སྒྲིབ་ཤིང་གི་མན་ངག་ཀླུ་སྒྲུབ་ཀྱིས་མཛད་པ་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་བ་རིའི་འགྱུར། སྒྲོལ་མའི་སྤྲུལ་པ་ལྕེ་སྦྱང་སྔོན་མོའི་བསྲུང་བ་ ཐེ་ཚོམ་མེད་པའི་མཐའ་ཅན། ལྕེ་སྦྱང་སྔོན་མོའི་ལམ་བསྲུང་གི་གསལ་བྱེད། ལམ་བསྲུང་ཟབ་བོའི་མཐའ་ཅན། འཆི་བླུ་བྱེད་པའི་མན་ངག་རཏྣ་ཤྲཱིས་བྲིས་པའི་མཐའ་ཅན། འཆི་མེད་རང་གཟུངས་ཞེས་བྱ་བ་ལུས་བསྲུང་ བ་རིག་སྔགས་ཀྱི་སྒོམ་བཟླས་འགོར། སྔ་དྲོའི་ཚེ་ནས། ཨ་ཡུ་པུཥྚིཾ་ཀུ་རུའི་མཐའ་ཅན། སྔགས་ཚན་ཕྱི་མ་ནི་ལེགས་སྤྱར་ཡིན་གསུང་ངོའི་མཐའ་ཅན། བརྒྱུད་འདེབས་ཐུབ་དབང་མ་པནྡེ་བློ་གསལ་གྱིས་སྦྱར་བ་ཞེས་པའི་ མཐའ་ཅན། ཚེ་ཁྲིད་ སྡེ་དགེ་སྤར་མར། ཟབ་ཁྲིད་དམིགས་རིམ་ཟིན་བྲིས་ཞེས་འདུག་པ་འདི་དང་གཅིག་ཡིན་འདྲ། ཟླ་བའི་ཆུ་རྒྱུན་ཉམས་ལེན་སྙིང་པོ་བསྡུས་པ་ཚར་ཆེན་གྱིས་མཛད་པ་འགྲོ་སསྟི། སྐྱབས་ཡུལ་ཞིང་ཁམས་ཡོངས་སུ་དག་པའི་དབུས་ཞེས་པའི་ཚེ་ཁྲིད། ཚིམ་པར་འཐུངས་ཤིག་གུའི་མཐའ་ཅན། ལོ་ རྒྱུས་དང་རྗེས་གནང་གི་ཡི་གེ་མཁྱེན་བརྩེས་བགྱིས་པ་འགོར། དང་པོ་རྗེ་བཙུན་སྒྲོལ་མ་ཉིད་ཀྱིས་རྗེས་སུ་གནང་པ་ལ་བརྟེན་ནས་ཞེས་ཡོད་པ། གཉིས་པ་ནི། སསྟི་ བདག་བསྐྱེད་མདུན་བསྐྱེད་བུམ་བཟླས་རྣམས་ཞེས་ཡོད་པའོ། །སྦྱིན་སྲེག་གི་ཆོ་ག་ཚེ་དང་བསོད་ནམས་ཀྱི་ཉི་མ་བདུན་འབར་ཞེས་བྱ་བ་མཁྱེན་བརྩེ་དབང་ཕྱུག་གིས་མཛད་པ། འབར་ཞིང་བརྟན་པར་གྱུར་ཅིག་གི་མཐའ་ཅན། སྒྲུབ་ཐབས་རྒྱུན་འཁྱེར་འཆི་ [015A]༄༅། །མེད་ཚེ་སྦྱིན་དབང་ཕྱུག་རབ་བརྟན་གྱིས་མཛད་པ། རིང་དུ་གནས་པར་གྱུར་ཅིག་གི་མཐའ་ཅན་རྣམས་སོ། །དེ་ལས་རྟགས་མེད་རྣམས་ནི། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་ནས། མཁན་ ཆེན་བསླབ་གསུམ་རྒྱལ་མཚན། རྗེ་དབང་ཕྱུག་རབ་བརྟན། འ་ཞྭ་མགོན་པོ་བསོད་ནམས་མཆོག་ལྡན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཀུན་དགའ་ལྷུན་གྲུབ། རྒྱལ་སྲས་འཇིགས་མེད་གྲགས་པ། ཀླུ་འབུམ་མཁན་པོ་ དགེ་འདུན་རྒྱ་མཚོ། འཇམ་བཞད་འཇིགས་མེད་དབང་པོ། རྗེ་བཙུན་རིག་པའི་རལ་གྲི། སེམས་ཉིད་སྤྲུལ་སྐུ་མཆོག་གྲུབ་ཉི་མ། དཔལ་མང་དཀོན་མཆོག་རྒྱལ་མཚན། ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་ པའི་རྒྱལ་མཚན། ལྷ་བཙུན་བསྟན་པའི་རྒྱལ་མཚན་མན་གོང་ལྟར་རོ། ། མཁྱེན་བརྩེ་ནས། དྲུང་པ་དཀོན་མཆོག་དབང་རབ་མན་འདྲའོ། ། དབང་རབ། དཔལ་ལྡན་དོན་གྲུབ་ དཔལ་མཆོག་རྒྱལ་མཚན། ཞྭ་ལུ་བ་མན་འདྲ། ཞེས་བླ་མའི་གསན་ཡིག་ལྟར་བྲིས་པས་བརྟག་དགོས། རྗེ་དྲུང་ངག་དབང་དཀོན་མཆོག་ཉི་མས་མཛད་བའི་ཚེ་ཁྲིད་ཡང་ཟབ་ཟླ་བའི་ཆུ་རྒྱུན་གྱི་ཡི་གེ་གསལ་བ་ནི། ཆ་དཀར་བློ་བཟང་མི་ འགྱུར་རྡོ་རྗེ་ཡན་ཚོལ་དགོས། དེ་ནས་བཀའ་འགྱུར་བ་བློ་བཟང་བཀྲ་ཤིས། དཔལ་མང་དཀོན་མཆོག་རྒྱལ་མཚན། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྒྱ་ཡག་པ་དགེ་བཤེས་གྲགས་པ་རྒྱ་མཚོ། རྗེ་འཇམ་དབྱངས་ [015B] ༈ མཛད་པ་པོ་ཤར་དྭགས་པོ་བཀྲ་ཤིས་རྣམ་རྒྱལ། རྗེ་བདེ་ལེགས་བཟང་ངོ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ། འཇམ་དབྱངས་ ཤེས་རབ་རྒྱལ་མཚན། བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། རྗེ་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཀུན་དགའ་ལྷུན་གྲུབ། ཉི་སྡིང་བླ་ ཟུར་འཇམ་དབྱངས་བདེ་བའི་རྡོ་རྗེའམ་འཇམ་དཔལ་རྒྱ་མཚོ། ཀླུ་འབུམ་མཁན་ཆེན་དགེ་འདུན་རྒྱ་མཚོ། རྗེ་ཨིནྡྲའི་མཚན་ཅན། འཁྱིལ་ཟུར་བསོད་ནམས་གྲགས་པ། རྒྱ་ཚང་རྒོད་པ་བློ་བཟང་རྒྱལ་མཚན། ལྕང་ལུང་པཎྜི་ཏ། ཨ་སག་ ཞབས་དྲུང་བློ་བཟང་ཨེ་པཾ། རྗེ་བཙུན་ཨྲྠ་སིདྡྷི་དྷཱ་ཛ། རྒྱ་ཡིག་གྲགས་པ་རྒྱལ་མཚན། རྗེ་འཇམ་དབྱངས་འཕྲིན་ལས་མན་འདྲ། ༈ པཎྜི་ཏ་རིག་པའི་ཁུ་བྱུག་གིས་མཛད་ པའི་བསྟོད་པ་ཤེས་བྱའི་མཁའ་དབྱིངས་མནི། པཎ་ཆེན་བློ་བཟང་ཆོས་རྒྱན། རྟ་ཕུག་པ་དམ་ཆོས་རྒྱལ་མཚན། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། ཕུར་ལྕོག་ངག་དབང་བྱམས་པ། རྗེ་ཨིནྡྲ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ལྕང་སྐྱ་ཧོ་ཐོག་ཐུ་ སྐལ་བཟང་ཡེ་ཤེས་དར་རྒྱས། ལྕང་ལུང་པཎྜི་ཏ། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྗེ་འཇམ་དབྱངས་འཕྲིན་ལས་མན་འདྲ། དམ་པ་རྒྱ་གར་གྱིས་མཛད་པའི་འཇམ་དབྱངས་སྨྲ་སེང་གི་སྒྲུབ་ཐབས་ཚིགས་བཅད་མ་མཆན་བཅས། རྗེ་བཙུན་དམ་ [016A]༄༅། །པའི་གདམས་ངག་བློ་འཕེལ་སྒྲོན་མེ་རྫོགས་སོའི་མཐའ་ཅན། འཁོར་ལོ་བྲི་ཆུལ་བྲི་ཐབས་ཨྀ་ཐིའི་མཐའ་ཅན། དེ་གཉིས་ནི། རྗེ་བཙུན་འཇམ་པའི་དབྱངས། དྲང་སྲོང་ཉི་མའི་ཤིང་རྟ། བྲམ་ཟེའི་རིག་བྱེད་ གཞོན་ནུ་དབྱངས་ཅན་བཟང་པོ། དམ་པ་སངས་རྒྱས། དམ་པ་ཀླུ་རིགས། ལྡོ་སྟན་དགེ་བ་བློ་ཆེན་རྒྱལ་མཚན། གར་ཐིག་པ་བསོད་ནམས་རྒྱལ་མཚན། བླ་མ་མགོན་པོ་འབུམ། ས་བཟང་གཞོན་ནུ་མ་ཏི་བློ་གྲོས། ངོར་ཆེན་ཀུན་དགའ་ བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། ལེགས་པའི་འབྱུང་གནས། ལྷ་མཆོག་སེང་གེ་ངོར་དཀོན་མཆོག་ལྷུན་གྲུབ། རྗེ་སངས་རྒྱས་སེང་གེ་ཐར་རྩེ་ནམ་མཁའ་དཔལ་བཟང་ བཅོ་བརྒྱད་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ངག་དབང་ལེགས་འབྱུང། བདག་ཆེན་ཀུན་དགའ་བློ་གྲོས། སངས་རྒྱས་ བསྟན་པའི་རྒྱལ་མཚན། གཟིམས་འོག་སྤྲུལ་སྐུ་བྱམས་པ་ངག་དབང་བསྟན་འཛིན་འཕྲིན་ལས། བྱམས་པ་འཕྲིན་ལས་ཡོན་ཏན། ནཱ་ལེནྡྲ་པ་ངག་དབང་བསྟན་འཛིན་སྙན་གྲགས་ལྷ་བཙུན་དོན་གྲུབ་བསྟན་པའི་རྒྱལ་མཚན་ རྗེ་གྲགས་པ་རྒྱ་མཚོ། རྗེ་འཇམ་དབྱངས་འཕྲིན་ལས་མན་གོང་ལྟར་རོ། །འཇམ་དཔལ་དམར་པོའི་གསུང་གི་སྒྲུབ་ཐབས་ཚིགས་བཅད་མ་རྗེ་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོའི་མཐའ་ཅན། དེའི་སྒྲུབ་ཐབས་ལས་ཚོགས་ [016B] གང་ཟག་ཤེས་རབ་བརྟུལ་བ་ནས། དགེ་བ་བྱང་ཆུབ་ཏུ་བསྔོའོ་ཞེས་པའི་མཐའ་ཅན། ཡབ་ཡུམ་གྱི་བསྟོད་པ་ཆོས་དབྱིངས་རྣམ་དག་མ་དང། དུས་གསུམ་བདེ་གཤེས་ མ༑ འགོར་ན་མོ་གུ་རུ། ཤེས་རབ་འཕེལ་བར་འདོད་ན་འཇམ་དབྱངས་ཀྱི་བསྐྱེད་རིམ་གཞུང་ལྟར་བྱ་ཞེས་ཡོད་པའི་རྫོགས་རིམ་རྒྱས་བསྡུས་གཉིས། ཞལ་མཐོང་བའི་མན་ངག་འགོར་འཇམ་དཔལ་གྱི་ཞལ་ལྟ་བར་འདོད་པས་ནས་ དབང་དུ་བྱ་བའི་མཐའ་ཅན། རྒྱལ་པོ་དབང་སྡུད། མུ་ཏྲ་དབང་སྡུད། གཞན་གྱི་ངག་བརྐུ་བ། ཕ་རོལ་གྱི་ཤེས་པ་འཕྲོག་པ། མངོན་ཤེས་སྒྲུབ་པ། རྐང་མགྱོགས་སྒྲུབ་པ། སྨན་གྱི་ཐུན་ཚད། རིལ་བུའི་དབྱིབས་ཁ་དོག་སྒྲུབ་ དུས་བསྟན་པ་ཚིགས་བཅད་མ། བཅའ་ཐབས་དང་རིལ་བུའི་གདན་གྱི་རྣམ་གཞག་གསུང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རྫོགས་སོའི་མཐའ་ཅན། རྗེས་གནང་གི་ཆོ་ག་སྒྲུབ་ཐབས་དང་རྗེས་གནང་གི་མཎྜལ། སྒྲུབ་ པའི་ཚད་སྲུང་འཁོར་ལ་འབད་པ་གལ་ཆེའོ་ཞེས་པའི་མཐའ་ཅན། སཱཙྪ་དཀར་ནག་གི་སྦྱོར་བ་རབ་གནས་བཅས་ཐེ་ཚོམ་མེད་ཀྱི་མཐའ་ཅན། དབང་སྡུད་འཁོར་ལོ་བྲི་ཐབས་གདམས་པའི་བྱུང་ཚུལ་བཅས་སྨན་ལུང་མ་ཏིའི་ཟིན་བྲིས་ སོའི་མཐའ་ཅན། འཁོར་ལོ། གཏོར་མ། སྦྱིན་སྲེག་འབོགས་ཆོག་རྗེས་ཀྱི་བྱ་བ་རྣམས་བྱ་བཏང་ཀརྨ་གུ་རུས་ཀོང་པོ་རྩེ་ལྷ་སྒང་དུ་སྦྱར་ཞེས་པའི་མཐའ་ཅན། དེས་མཛད་པའི་གེགས་སེལ་གནད་ཀྱི་མན་ངག་རྨོངས་པའི་མུན་ [017A]༄༅། །ལས་རྣམ་པར་རྒྱལ་གྱུར་ཅིག་གི་མཐའ་ཅན། སྒབ་འདྲེ་མནན་ཚུལ། པྲོ་བརྡུང་ངོའི་མཐའ་ཅན། དེའི་དཔེ་རིས་ལ། རིལ་བུའི་ཞལ་ཁེབས། ཡབ་འཁོར་ཡུམ་འཁོར། རིལ་བུ་གདན་ འཁོར། མཛེས་རྒྱན་འཁོར་ལོ། དབང་སྡུད་རིལ་བུའི་ཞལ་ཁེབས་རྣམས་ནི། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཡན་སྔར་དང་འདྲ་ལ། དེ་ནས་འཇམ་དབྱངས་བདེ་རྡོར། བྱ་བཏང་ཕུན་ཚོགས་རྒྱ་མྪོའམ་ཆོས་རྡོ་རྗེ། ཞང་ཞུང་ཡེ་ ཤེས་མཐའ་ཡས། བཞད་སྤྲུལ་འཇིགས་མེད་དབང་པོ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། བ་རི་བློ་བཟང་དགེ་ལེགས་བསྟན་འཛིན། བླ་བྲང་དཔལ་མང་དཀོན་མཆོག་རྒྱལ་མཚན་མན་ཚེ་ཁྲིད་ཡང་ཟབ་དང་ འདྲ། ཕྱག་མཚན་གྱི་རི་མོ་སྡོམ་བརྩོན་མ་ནི། མཛད་པ་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། བྱང་ཆུབ་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། རྗེ་རྒྱལ་བ་བཟང་པོ། བྱང་ཆུབ་ སེང་གེ་ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་པ་ཀུན་དགའ། ཀུན་དགའ་དབང་ཕྱུག་དཀོན་མཆོག་འཕེལ། ཀུན་དགའ་བསོད་ནམས། དཀོན་མཆོག་ལྷུན་གྲུབ། ཤེས་རབ་རྒྱལ་མཚན། ཐར་རྩེ་བ། ཀུན་དགའ་ བཀྲ་ཤིས། ནམ་མཁའ་སངས་རྒྱས། དཔལ་མཆོག་རྒྱལ་མཚན། ནམ་མཁའ་བཟང་པོ། སངས་རྒྱས་ཡེ་ཤེས། ས་སྐྱ་ཀུན་དགའ་བློ་གྲོས། ཆོས་བཀྲ་ཤིས། ཀུན་དགའ་རབ་རྒྱས། ཆོས་དཔལ་འབྱོར། རྗེ་ངག་དབང་གྲགས་པ་ [017B] རྗེ་ལྷ་བཙུན། རྒྱ་ཡག་པ། འཇམ་དབྱངས་འཕྲིན་ལས་མན་འདྲ། ༈ ས་པཎ་གྱིས་མཛད་པའི་འཇམ་དཔལ་ནག་པོའི་མངོན་རྟོགས་གནད་པ་གཅིག་གི་ཞལ་ གདམས་བཅས། དམ་ཚིག་སུ་ལའང་མི་སྤེལ་བཀའ་རྒྱ་ཡིན་ནོའི་མཐའ་ཅན་གྱི་བརྒྱུད་པ་ནི། སངས་རྒྱས་བཅོམ་ལྡན་འདས། ཕྱག་ན་རྡོ་རྗེ། གྲུབ་ཆེན་ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ་མྱ་ངན་མེད། ཆུང་བ་དོན་ཡོད་རྡོ་རྗེ་ ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། འཇམ་དབྱངས་གྲགས་རྒྱན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན། ཞང་དཀོན་མཆོག་དཔལ་ ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བླ་མ་མཉམ་མེད་པ། བླ་མ་ཤཱཀྱ་པ། ས་བཟང་གཞོན་ནུ་བློ་གྲོས། ངོར་པ་ཀུན་བཟང། གུ་གེ་གྲགས་རྒྱན། གློ་བོ་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་དཔལ་རྡོ་རྗེ་ ངོར་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནམ་མཁའ་དཔལ་བཟང། བཅོ་བརྒྱད་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་ འབྱུང། བདག་ཆེན་ཀུན་བློ། རྗེ་ཨིནྡྲ་པ། དྲུང་ཡིག་འཇིགས་མེད་དཔལ་འབྱོར། ཐོ་ཡོན་བློ་བཟང་བསྟན་འཕེལ། ཐུ་མེད་འཇམ་དབྱངས་བློ་བཟང། ལྷ་བཙུན་དོན་གྲུབ་རྒྱལ་མཚན། རྒྱ་ཡག་པ། རྗེ་འཇམ་དབྱངས་འཕྲིན་ལས་མན་འདྲ་ [018A]༄༅། །་འགོར་དྲིན་ཅན་རྩ་བའི་བླ་མ་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ་ཞེས་ཡོད་པའི་སྲུང་འཁོར། སྒྲུབ་ཐབས་ཞལ་གདམས་བཅུ་གཅིག་བཅས་བཅུ་གསུམ་ཡོད་པའི་གཅིག་འདི་ཡིན་ནོའི་མཐའ་ཅན། དེའི་ཉམས་ལེན་དཔལ་ ལྡན་ས་སྐྱ་ཞེས་པ་ནས། དེ་ཉམས་སུ་མྱོང་ཞེས་པའི་མཐའ་ཅན། དེའི་རྗེས་གནང་གི་ཡི་གེ་གཏང་རག་ཏུ་མཎྜལ་འབུལ་རྗེས་བསྔོ་བ་སོགས་བྱའོའི་མཐའ་ཅན། འདི་རྣམས་ནི་བདག་ཆེན་ཀུན་བློ་ཡན་སྔར་ལྟར་ལ། དེ་ནས་རྗེ་རིན་ཆེན་རྒྱལ་མཚན། ལྔ་རིག་ ཀུན་དགའ་བཀྲ་ཤིས། ཤེས་རབ་འོད་ཟེར། རྗེ་ཀུན་དགའ་རྒྱལ་མཚན། རྗེ་ཨརྠའི་མཚན་ཅན། རྒྱ་ཡག་པ་མན་གོང་བཞིན་ནོ། །འགུ་གེ་པཎ་ཆེན་གྱིས་བདག་ཆེན་མ་དཀོན་མཆོག་རྒྱལ་མོའི་དོན་དུ་མཛད་པའི་སྒྲུབ་ཐབས་ནི། གུ་གེ་གློ་བོ། ས་ ལོ༑ ལྷ་མཆོག་སེང་གེ་སངས་རྒྱས་སེང་གེ་ཐར་རྩེ་མཆོག་ལེགས། མཁྱེན་བརྟན། མཁྱེན་བྱམས། རྨོར་ཆེན། གནས་གསར་བ། ཀུན་བློ། རིན་ཆེན་རྒྱལ་མཚན། མཁྱེན་རབ་དགེ་འཕེལ། གཟིམས་འོག་སྤྲུལ་སྐུ། འཕྲིན་ ལས་ཡོན་ཏན། ལྷ་བཙུན་མན་འཇམ་ནག་ལས་ཚོགས་དང་འདྲ། སྒྲུབ་ཐབས་རྗེས་གནང་གི་ཡི་གེ་བཀའ་འབངས་ཀྱི་ཐ་ཤལ་ལྷུན་གྲུབ་ཀྱིས་བྲིས་པ་དྒེའོའི་མཐའ་ཅན་ནི། མཛད་པ་པོ་རྨོར་ཆེན། གནས་གསང་བ། ས་ཆེན་ཀུན་གློ། གྲུབ་ དབང་རིན་ཆེན་རྒྱ་མཚོ། བྱམས་པ་ཀུན་དགའ་བཀྲ་ཤིས། རྗེ་ཀུན་དགའ་རིན་ཆེན། ཞི་བ་ལྷ་དོན་གྲུབ་རྒྱལ་མཚན། ལྷ་བཙུན་མན་འཇམ་ནག་དང་འདྲ། སྒྲུབ་ཐབས་རྗེས་གནང་ལས་ཚོགས་བཅས། བྱང་ཕྱོགས་ལྷ་བཙུན་རྡོར་རྒྱལ་གྱི་ [018B] རྒྱལ་བ་རྡོ་རྗེ་འཆང། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། ནོར་བུ་གླིང་བ། བ་རི་ལོ་ཙཱ་བ། ས་སྐྱ་གོང་མ་རྣམ་ལྔ། ཞང་དཀོན་མཆོག་དཔལ། རྗེ་བྲག་ཕུག་པ། རྗེ་ཡེ་ཤེས་ དཔལ་བ། བློ་བཟང་དཀར་པོ། རྗེ་དཀོན་མཆོག་ཐུགས་རྗེ། པཎྜི་ཏ་ཤེས་རབ་དཔལ་ལྡན། རྡོར་གདན་པ། སློབ་དཔོན་རིན་ཆེན་ཆོས་མཆོག་རྗེ་ཡོན་ཏན་རྒྱ་མཚོ། རྗེ་ཚེ་དབང་བཀྲ་ཤིས། རྗེ་རྣམ་རྒྱལ་བཀྲ་ཤིས། རྗེ་དབང་ ཕྱུག་པ། མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཆེན་དཔལ་འབྱོར་རབ་རྒྱས། རྒྱལ་དབང་ལྔ་པ། རྗེ་འཇམ་དབྱངས་གྲགས་པ། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། མཁར་རྡོ་བཟོད་པ་རྒྱ་མཚོ། ཀླུ་འབུམ་མཁན་ཆེན་དགེ་བདུན་ རྒྱ་མཚོ། བཞད་སྤྲུལ་འཇིགས་མེད་དབང་པོ། ཡེ་ཤེས་བརྩོན་འགྲུས་སྡེ། རྭ་ཚང་བསོད་ནམས་དབང་རྒྱལ། དཔལ་མང་དཀོན་མཆོག་རྒྱལ་མཚན་མན་ཚེ་ཁྲིད་ཡང་ཟབ་དང་འདྲའོ། ། ༈ སྒྲུབ་ཐབས་ སྒེག་པའི་རྡོ་རྗེས་མཛད་པ་ཁ་ཆེ་པཎ་ཆེན་དང་ཁྲོ་ལོའི་འགྱུར། དེས་མཛད་པའི་བསྐྱེད་རིམ་དང་མཐུན་པའི་བསྟོད་པ་དོན་ཟབ་མ་གཉན་ལོའི་འགྱུར། ལོ་རྒྱུས་རྗེས་གནང་གི་ཡི་གེ་པཎྜི་ཏ་ཤཱཀྱ་ཤྲིའི་ཕྱག་ལེན་ཇི་ལྟ་བར་ལོ་ཙཱ་བ་བྱམས་པའི་ དཔལ་གྱིས་བསྡེབས་པའོའི་མཐའ་ཅན། རྒྱ་སྟོན་གྱིས་མཛད་པའི་རྩ་བའི་སྒྲུབ་ཐབས། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། རྩོད་པ་བྱ་ཐབས། མ་ཤ་ལ་བརྟེན་པའི་ལས་སྦྱོར་རྣམས་འགོར་ཤིན་ཏུ་དཀར་བའི་མདངས་ལྡན་ནས་ [019A]༄༅། །འགྲོ་ཀུན་འཇམ་དབྱངས་ཉིད་འགྱུར་ཤོག་གི་མཐའ་ཅན་རྣམས་ནི། རྗེ་བཙུན་འཇམ་དཔལ་དབྱངས། སློབ་དཔོན་སེང་གེ་རྡོ་རྗེ། ནོར་བུ་གླིང་པ་ཆུང་བ། པཎྜི་ཏ་འབྱུང་གནས་སྦས་པ། ཁ་ཆེ་པཎ་ཆེན་ ཤཱཀྱ་ཤྲཱི། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། གྲགས་པ་གཞོན་ནུ། རིན་ཆེན་བསོད་གྲགས། བུ་སྟོན་རིན་ཆེན་གྲུབ། ཟླ་མགོན་ཤེས་རབ། མཁས་གྲུབ་དགེ་ལེགས་དཔལ་བཟང། འབྲོང་རྩེ་ལྷ་ བཙུན་རིན་ཆེན་རྒྱ་མཚོ་བློ་གྲོས། པཎ་ཆེན་བློ་བཟང་བཀྲ་ཤིས། པཎ་ཆེན་ཡེ་ཤེས་རྩེ་མོ། རྒྱལ་བ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས་ པཎ་ཆེན་བློ་བཟང་ཆོས་རྒྱན༑ གུང་རུ་སངས་རྒྱས་བཀྲ་ཤིས། བསམ་སྒང་བ་བློ་བཟང་ངག་དབང། ཁྲི་ཆེན་བློ་གྲོས་རྒྱ་མཚོ། རྗེ་འཇམ་དབྱངས་བཞད་པ། འཇམ་དབྱངས་བདེ་བའི་རྡོ་རྗེ། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་ མཚན། དཀོན་མཆོག་འཇིགས་མེད་དབང་པོ། ཟམ་ཟ་ཧོ་ཐོག་ཐུ་འཇིགས་མེད་ནམ་མཁའ། རྗེ་ལྷ་བཙུན་མན་སྨྲ་སེང་དང་འདྲའོ། །སྒྲུབ་ཐབས། སྲན་མའི་ལས་སྦྱོར། མིག་སྨན། རལ་གྲིའི་ལས་སྦྱོར། མི་བརྗེད་པའི་ གཟུངས་དང། འཆད་རྩོད་རྩོམ་གསུམ་གྱི་མན་ངག་སྟེ། སེམས་ཅན་ཐམས་ཅད་མཁྱེན་རབ་ཕུན་སུམ་ཚོགས་པར་གྱུར་ཅིག་གི་མཐའ་ཅན་རྣམས་ནི། མཛད་པ་པོ་བསོད་སྙོམས་པ། རིན་ཆེན་རྒྱལ་མཚན། མཁྱེན་རབ་ཆོས་རྗེ་ [019B] ཤེའུ་ལོ་ཙཱ་བ་བྱམས་པ་ཀུན་དགའ་ཆོས་གྲགས། མཁྱེན་བརྟན། མཁྱེན་བྱམས། རྨོར་ཆེན། གནས་གསར་བ། འཕྲིན་ལས་དབང་པོ། གཟིམས་འོག་མན་གུ་གེའི་འཇམ་ནག་དང་འདྲའོ། ། ༈ དེའི་སྒྲུབ་ཐབས། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པ། ཡང་དེས་མཛད་པའི་སྒྲུབ་ཐབས་ལས་ཚོགས་ཚིགས་བཅད་མ། ཡང་དེའི་སྒྲུབ་ཐབས་མདོར་བསྡུས་ཡི་གེ་པ་ནི་དཔལ་མཆོག་ དོན་གྲུབ་བོའི་མཐའ་ཅན། གེགས་སེལ། རིན་རྣམ་གྱིས་ལྷན་ཅིག་ཏུ་བྲིས་སོའི་མཐའ་ཅན། ལོ་རྒྱུས་ཚིག་དོན་གཉིས་ཀ་བྱུང་ངོའི་མཐའ་ཅན། རྗེས་གནང་གི་ཆོ་ག་ཐུགས་དམ་གྱི་རྗེས་གནང་གི་ཆོ་གའོའི་མཐའ་ཅན་རྣམས་ནི་ མཛད་པ་པོ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། བླ་མ་རོལ་པའི་རྡོ་རྗེ། ཙནྡྲ་ཤྲི་སྐུ་ཞང་མཁྱེན་རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་དཀོན་མཆོག་ལྷུན་གྲུབ། ཤོད་ཁང་པ་ཤེས་རབ་རྒྱལ་ མཚན། ཐར་རྩེ་ནམ་མཁའ་དཔལ་བཟང། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་བསྟན། མཁྱེན་བྱམས། རྨོར་ཆེན། བདེ་བའི་རྡོ་རྗེ། ཀླུ་འབུམ་མཁན་ཆེན། བཞད་སྤྲུལ་མན་འཇམ་དམར་སྒྲུབ་ཐབས་ཚིགས་ བཅད་མ་དང་འདྲའོ། །བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ལམ་དབྱངས་ཅན་དགའ་བ་ཆོས་ཀྱི་རྒྱལ་མཚན་འཇིགས་མེད་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས། བསྟོད་པ་རྒྱན་ཕྲེང་ངམ་བུང་བའི་གླུ་དབྱངས་བཅས་པ་ནི། མཛད་པ་པོ་ [020A]༄༅། །དོང་པཎ་ཆེན། སྟག་ལུང་ངག་དབང་གྲགས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་རྗེ་དབང་རབ། ཞ་ལུ་བ་ བསོད་ནམས་མཆོག་གྲུབ། རྒྱལ་དབང་ལྔ་པ། ཐུགས་སྲས་འཇམ་དབྱངས་གྲགས་པ། ཀུན་དགའ་མང་ཐོས་རྒྱ་མཚོ། བདེ་རྡོར་མན་སྔར་དང་འདྲའོ། ། ༈ ལོ་རྒྱུས་བསྙེན་པའི་དུས་ནག་ པོ་དང་མི་འགྲོགས་གཙང་སྦྲ་གལ་ཆེའི་མཐའ་ཅན། གཏོར་འབུལ། བསྟོད་པ་གང་སྲིད་མ། རྗེས་གནང་གི་ཆོ་ག་གོ་འཕང་ཉིད་ལ་འགོད་པར་ཤོག་གི་མཐའ་ཅན་གྱི་ཡི་གེ་རྙིང་པ་རྣམས་ནི། སྒྲ་དབྱངས་ལྷ་མོ་ པཎྜི་ཏྲ་ཤྲཱི་ཏ་ཐཱ་ག་ཏ་རཀྵི་ཏ། ཁ་ཆེ་པཎྜི་ཏ་ཛ་ཡ་ཀ་པཎྜི་ཏ་བྷ་སྐ་ར་དེ་བ། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། དཱ་ན་ཤཱི་ལ། ས་པཎ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། སེང་གེ་བཟང་པོ། ཡར་ཀླུངས་པ་ སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག་བསམ་གླིང་པ་ནམ་མཁའ་བསོད་ནམས། ཆོས་ཀྱི་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཚར་ཆེན། བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན་ སྤྱན་སྔ་གཞོན་ནུ་ཆོས་དཔལ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་དཔལ་འབྱོར་འཕྲིན་ལས་རབ་རྒྱས། རྒྱལ་དབང་ལྔ་པ་ཆེན་པོ། སྐྱེ་ཆུ་མཁན་པོ་དགེ་བའི་དབང་པོ། སྙེ་ཐང་ངག་དབང་སྦྱིན་པ། བློ་གྲོས་དབང་ཕྱུག་ [020B] རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། རྗེ་འཆི་མེད་བསྟན་པའི་སྒྲོན་མེ། རྗེ་འཕྲིན་ལས་བསྟན་པའི་སྒྲོན་མེ། ནཱ་ལེནྡྲ་པ་འཕྲིན་ལས་ཡོན་ཏན། ལྷ་བཙུན་རིན་པོ་ཆེ། རྒྱ་ཡ་ནས་ རྗེ་འཇམ་དབྱངས་འཕྲིན་ལས་མན་འདྲའོ། ། ༈ སྒྲུབ་ཐབས་ཀུན་འདུས་ཀྱི་པོད་ སྤྱན་རས་གཟིགས་སེང་གེ་སྒྲའི་ངག་གྲོལ་གྱི་སྒོ་ནས་ཞེས་པ་ནས་ ཆོས་ཀྱི་གདམས་པ་ཤིན་ཏུ་ཟབ་བོའི་མཐའ་ཅན་ས་པཎ་གྱིས་མཛད་པ། རྨོར་ཆེན་གྱིས་མཛད་པའི་མིག་གྲོལ། མིག་གི་ནད་མཐའ་དག་སེལ་བ་མྱོང་བས་གྲུབ་བོའི་མཐའ་ཅན། ཧྲཱི་དཔེ་ཚར་ཆེན་གྱིས་མཛད་པའི་སེང་གེ་སྒྲའི་ སྒྲུབ་ཐབས་རྣམས་ནི། ཚར་ཆེན། མཁྱེན་བརྩེ། དབང་རབ། འ་ཞྭ་མགོན་པོ་བསོད་ནམས་མཆོག་ལྡན། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ། པར་འདིར་བརྟག་རྗེ་མཆོག་ལེགས་རྡོ་རྗེ། བསྟན་འཛིན་བཟང་པོ། ངག་དབང་ལྷུན་ གྲུབ། རྨོར་ཆེན། གནས་གསར་པ། ཀུན་བློ། བྱམས་པ་ནམ་མཁའ་འཆི་མེད། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། སྡེ་དགེ་ངག་དབང་བཟང་པོ། ས་སྐྱ་རྡོ་རྗེ་རིན་ཆེན། རྗེ་ལྷ་བཙུན། རྒྱ་ཡག་པ། འཇམ་ དབྱངས་འཕྲིན་ལས་མན་འདྲའོ། །ས་ཆེན་གྱིས་མཛད་པའི་བུམ་གཏེར་འཛུག་པའི་མན་ངག་བསོད་ནམས་རྩེ་མོས་མཛད་པའི་སེང་གེ་སྒྲའི་སྒྲུབ་ཐབས། གདོན་གྲོལ་གྱི་བསྡུས་དོན་ལས་སྦྱོར་བཅས་ནི། དཀར་པོ་རྣམས་གསུམ་ [021A]༄༅། །ས་པཎ། དམར་ཆོས་རྒྱལ། གཞོན་ནུ་རྒྱལ་མཚན། གཞོན་ནུ་སེང་གེ་ཤེས་རབ་རྡོ་རྗེ། མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ་ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་ཀུན་དགའ་ བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་ཆོས་འཕེལ། ས་སྐྱ་ཀུན་དགའ་བསོད་ནམས། ངོར་པ་དཀོན་མཆོག་ལྷུན་གྲུབ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང། ས་སྐྱ་ཀུན་དགའ་ བསོད་ནམས། མཁན་ཆེན་ངག་དབང་ཆོས་གྲགས། སྟག་ལུང་ངག་དབང་རྣམ་རྒྱལ། ཡངས་པ་ཅན་བཀྲ་ཤིས་ལྷུན་གྲུབ། འཕགས་པ་ཆོས་ཀྱི་རྒྱལ་མཚན། བསོད་ནམས་དབང་ཕྱུག་རྒྱ་རི་ཆོས་ཀྱི་ཉི་མ། བཀྲ་ཤིས་ཆོས་བཟང། སྤྲུལ་སྐུ་ངག་དབང་ བསོད་ནམས། བླ་མ་དགེ་འདུན་རྒྱ་མཚོ། སྡེ་དགེ་ངག་དབང་བཟང་པོ། ལྷ་བཙུན་མན་གོང་ལྟར་རོ། ། ༈ དབྱངས་ཀྱིས་ངག་ཏུ་བཀོད་པའི་མཐའ་ཅན་གྱི་བརྒྱུད་པ་ནི། མཛད་པ་པོ་འཇམ་དབྱངས་བསྟན་འཛིན། འཇམ་བཞད་ངག་དབང་བརྩོན་འགྲུས། གོ་བོ་ལེགས་བཤད། བྲག་གཡབ་བློ་བཟང་བསྟན་པ། གདོང་ཀོང་ཕུན་ཚོགས་རྒྱ་མཚོ། སྟག་ཕུ་བློ་ བཟང་བསྟན་པའི་རྒྱལ་མཚན། བཞད་སྤྲུལ་ཨིནྡྲའི་མཚན་ཅན། མར་བཙུན་ཁྱབ་བདག་རྡོ་རྗེ། རྗེ་རིན་ཆེན་དབང་རྒྱལ། སྤང་ངག་དབང་ཆོས་འཛིན། བློ་ཆེན་བྱང་ཆུབ་ཆོས་འཕེལ། ཐེ་སྤྲུལ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། རྗེ་ལྷ་བཙུན་མན་འདྲ། ལོ་ [021B] འདི་མཛད་བྱང་མེད་ཀྱང་ཞི་བལྟ་གོང་མའི་གསན་ཡིག་ཏུ་དྭགས་པོ་དགེ་བཤེས་དཀོན་མཆོག་ཡར་འཕེལ་གྱིས་གསུངས་པ་ཞེས་སོ། །འདིའི་ལས་ཚོགས་ཀྱི་སྐོར་ ཀྱང་ཐོབ། རྒྱུད་ཆེན་དཀོན་མཆོག་ཡར་འཕེལ། འཇམ་བཞད་སྤྲུལ་སྐུ། བློ་བཟང་ཆོས་འཛིན། སྤྲུལ་སྐུ་བློ་བང་བསྟན་པ། གདོང་ཀོང་ཕུན་ཚོགས་རྒྱ་མཚོ། རྗེ་དགེ་ལེགས་རྒྱ་མཚོ། ལྕགས་ར་ངག་དབང་འཕྲིན་ལས། བསྐལ་བཟང་དགེ་ལེགས་རྒྱལ་ མཚན། རྭ་བླ་བློ་བཟང་བསྟན་པའི་དངོས་གྲུབ། ཆུ་བཟང་ཡེ་ཤེས་རྒྱ་མཚོ། ཐོ་ཡོན་བླ་མ་མན་འདྲ། ༈ འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ རྒྱ་གར་གྱི་མཁན་པོ་དའི་པཾ་ཀ་ར་ཤྲི་ཛྙཱ་ན་དང། ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། བ་ནས་བ་བར། རོང་སྟོན་གྱིས་མཛད་པའི་བསྟོད་པ་ཐབས་མཁས་ཐུགས་རྗེ་མ། མཆོག་ལེགས་རྡོ་རྗེས་མཛད་པའི་རྗེས་ཆོག་དཔལ་ལྡན་ ཆོས་སྐྱོང་གིས་མཛད་པའི་ཆར་འབེབས་བྱིན་རླབས་དཔལ་སྟེར། འདི་མ་རྙེད། ལུང་བརྒྱུད་ནི། བཅོམ་ལྡན་རལ་གྲི་ཡན་རྗེས་གནང་དང་འདྲ་ལ། དཔལ་ལྡིང་འདུལ་འཛིན་གྲགས་པ། མངའ་རིས་བྱང་ཆུབ་བླ་མ། ཤེས་རབ་རྒྱལ་མཚན། སེང་གེ་ རྒྱལ་མཚན། རོང་སྟོན་ཤཱཀྱ་སེང་གེ་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་ཀུན་དགའ་རྒྱལ་མཚན། སྤྱན་སྔ་བསོད་ནམས་ལྷ་དབང། ལོ་སྤྱན་སྔ་ངག་དབང་ཆོས་གྲགས། ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་ [022A]༄༅། །བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས། མཁན་ཆེན་སངས་རྒྱས་ཕུན་ཚོགས། དབང་བྱ་ཀུན་དགའ་བསྟན་འཛིན། བསྟན་འཛིན་ལྷུན་གྲུབ། འཇམ་དབྱངས་སངས་རྒྱས་ དཔལ་བཟང། མུས་ཆེན་བསོད་ནམས་དཔལ་བཟང། མུས་པ་ཆོས་ཉིད་ཡེ་ཤེས། ཆོས་འཕེལ་ལྷུན་གྲུབ། བྱམས་པ་དཔལ་ལྡན་བཟང་པོ། ནཱ་ལེནྡྲ་པ་བྱམས་པ་འཕྲིན་ལས་ཡོན་ཏན། རྗེ་ཨརྠའི་མཚན་ཅན་མན་འདྲའོ། །ན་ བཟའ་སྟོབས་འབར་འོད་ཟེར་གྱིས་མཛད་པའི་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ལས་ཚོགས་མཆོག་ཏུ་བསྔགས་ཤིང་ཕན་ཡོན་མཐའ་ཡས་སོའི་མཐའ་ཅན་ནི། རྗེ་ཡེར་ཤོད་པ་འཇམ་དབྱངས་བློ་གྲོས། རི་ཁྲོད་པ་འཇམ་དབྱངས་གྲགས་པ། རྡོ་ རྗེ་འཇམ་དབྱངས་གྲགས་པ། བྲག་དཀར་དཀའ་བཅུ་དག་དབང་གྲགས་པ། དཔལ་མང་དཀོན་མཆོག་རྒྱལ་མཚན་མན་ཚེ་ཁྲིད་ཡང་ཟབ་དང་འདྲའོ། ། ༈ འུར་འདེད་ཀྱི་མན་ངག་ལ། ལོ་རྒྱུས། བསྙེན་པ། སྒྲུབ་པ། ལས་སྦྱོར་ཆར་དང་སེར་བ་གཅོད་པ། མིག་འབྱར་བཅོས་པ། དུག་སྲུང། དུག་འབྲེད། སྲིའུ་གསོ་བ། གདོན་བགེགས་བསྐྲད་པ། སྨྱོ་འདུལ་བ། བཅུད་ལེན་པ། མཛེ་གསོ་བ་ སྤྱི་འགྲོས་ལས་སྦྱོར་དང་བཅས་བ་ནི། རྡོ་རྗེ་འཆང། ཨཱ་ཙརྱ་དམར་པོ། བོད་དུ་ལན་གསུམ་བྱོན་པའི་དང་པོ་ཁྲི་སྲོང་གི་དུས། གཉིས་པ་གྱི་དར་གྱི་འོང། །རྗེས་ལ་ས་ཆེན་དང་མཇལ་ཏེ་ཚེ་ཡི་རིག་འཛིན་བརྙེས་པ་ལྷ་མོ་གདན་དྲངས་པ་གསང་བ་ཤེས་པ་དེ་ཡིན་ཞེས་ལྷ་བཙུན་གསུངས། དཀར་པོ་རྣམ་ [022B] རོང་མི་གྲགས་པ་དཔལ། རོང་མི་དར་མ་གྲགས། རོང་མི་སངས་རྒྱས་རྒྱལ་མཚན། རོང་མི་བསོད་ནམས་རྒྱལ་མཚན། ཤར་འབུག་པ་དཔལ་ལྡན་གྲགས་པ། བྲག་ཐོག་པ་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ། མུས་པ་དཀོན་མཆོག་ རྒྱལ་མཚན། རྗེ་རིན་ཆེན་ཆོས་དབང། འབུམ་པ་ཀུན་དགའ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་རྟ་ར་བ་བསོད་ནམས་ཆོས་འཕེལ། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མཁན་ཆེན་ངག་དབང་ཆོས་གྲགས། བདག་ཆེན་ཀུན་ དགའ་བསོད་ནམས། མཁན་ཆེན་ནམ་མཁའ་སངས་རྒྱས། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ། གྲུབ་དབང་མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་རྡོར། ཀླ་འབུམ་མཁན་ཆེན་དགེ་འདུན་རྒྱ་མཚོ། རྗེ་འཇིགས་མེད་དབང་པོ། ཆ་ དཀར་མི་འགྱུར་རྡོ་རྗེ། ཡོ་ག་ཙ་རི་བླ་མ་བློ་བཟང་ཐུབ་བསྟན། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས་མན་ཚེ་ཁྲིད་ཡང་ཟབ་དང་འདྲའོ། ། ༈ ནཱ་རོ་པས་ མཛད་པ་རི་ཁྱུར་ཁྲའི་སྒྲུབ་ཐབས། ཧཱུཾ་སོགས་ཀྱིས་བསྲུང་བ་བ་བྱ་དགེ་བ་བྱང་ཆུབ་ཏུ་བྶྔོའོའི་མཐའ་ཅན་གཉིས་ནི། རྡོ་རྗེ་འཆང། ཡེ་ཤེས་ཀྱི་མཁའ་འགྲོ་མ། པཎ་ཆེན་ནཱ་རོ་པ། ཕམ་མཐིང་པ་འཇིགས་མེད་གྲགས་པ། གཅུང་ངག་གི་དབང་པོ། ཀློག་ སྐྱ་ཞེས་རབ་བརྩེགས། མལ་ལོ་བློ་གྲོས་གྲགས། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དང་ལ། བླ་མ་དམ་བ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ། བཟང་པོ་རྒྱལ་མཚན། རྒྱལ་མཚན་དཀོན་ [023A]༄༅། །མཆོག་གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། ཤེས་རབ་རིན་ཆེན། བྷ་ཡན་རའི་སྲུང་འཁོར་ཞེས་བྱ་བ་འཆི་མེད་རྡོ་རྗེ་ལྷ་མོའི་རྩ་ཚིག་གི་སྡོམ་བརྩོན་མ་དང་འདྲའོ་ཞེས་བླ་མའི་གསན་ཡིག་ཏུ་གསུངས། འཇམ་དབྱངས་ཀུན་དགའ། བྱམས་ པ་བཟང་པོ། ཀུན་དགའ་རྒྱལ་མཚན། ཀུན་དགའ་རྒྱལ་པོ། ཆོས་རྒྱལ་མཚན། རབ་བརྟན་བཟང་པོ། ཚུལ་ཁྲིམས་དཔལ་འབྱོར། བསྟན་འཛིན་ངག་དབང། མུས་པ་ཆོས་ཉིད་ཡེ་ཤེས། རྗེ་ཀུན་དགའ་རྒྱལ་མཚན་ ས་སྐྱ་རྡོ་རྗེ་རིན་ཆེན། རྗེ་ཨརྠའི་མཚན་ཅན་མན་འཇམ་དབྱངས་སྨྲ་སེང་ལྟར་རོ། །ས་སྐྱའི་གསེར་ཆོས་ཁྱུང་ཁྲའི་མན་ངག་ཡི་གེར་བཀོད་པ་ལག་པས་བྱབས་པས་དུག་ཐམས་ཅད་ཞི་བར་འགྱུར་རོའི་མཐའ་ཅན། འགོར་ གུ་རུ་བཛྲ་གུ་རུ་ཏཱ་ཡ་ན་མཿ་ཞེས་ཡོད་པའི་སྒྲུབ་ཐབས། བསྟོད་པ། གཏོར་འབུལ་གྱི་ཆོ་ག་བོང་ང་བསྟན་ཐབས། ཁྱི་སྨྱོན་གསོ་ཐབས། གཉེར་གསོ་བ། སྲུང་སྐུད་འདོགས་པ། རིལ་བུའི་སྦྱོར་བ། བསྟོད་པ་རྒྱས་པ་ རྣམས་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ། འགོར་ཡང་འདིའི་སྒོ་ནས་བཟླས་ལུང་སྟེར་བ་ནི། ཞེས་ཡོད་པའི་ཆོ་ག་རྣམས་ནི། རྡོ་རྗེ་འཆང། ཆོས་རྒྱལ་ཟླ་བ་བཟང་པོ། རིགས་ལྡན་འཇམ་དཔལ་གྲགས་པ་ རིགས་ལྡན་པདྨ་དཀར་པོ། དུས་ཞབས་ཆེ་ཆུང་གཉིས། གྲུབ་ཆེན་ཏི་ལོ་པ། ནཱ་རོ་པ་ནས་བྲག་ཕུག་པའི་བར་སྔར་དང་འདྲ། བློ་གྲོས་བརྟན་པ། དམར་སྟོན་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན། ངོར་ཆེན། གུ་གེ་པཎ་ཆེན་ [023B] གློ་བ་མཁན་ཆེན་ངག་དབང་ཀུན་ལེགས། ལྷ་མཆོག་སེང་གེ་སངས་རྒྱས་སེང་གེ་ཐར་རྩེ་ནམ་མཁའ་དཔལ་བཟང། ས་སྐྱ་ཀུན་དགའ་བསོད་ནམས། མཁྱེན་རབ་བསྟན་འཛིན་བཟང་པོ་མན་འཇམ་དཔལ་ནག་པོའི་ཉམས་ལེན་ཟབ་ མོ་དང་འདྲ། ་སྔགས་འཆང་གཟུངས་ཀྱི་དཔལ་བས་བསྒྲིགས་པའི་ཁྱུང་ཁྲིའི་ལས་ཚོགས་ལ། མཉམ་མེད་བཟང་པོ་རྒྱལ་མཚན་ཕྱིས་མཛད་པའི་དཀར་ཆག་ཐུབ་བསྟན་མི་མཛད་མ། བྱིས་གདོན་དང་མིག་བཅོས་ཐབས་གཟུངས་པས་མཛད་ པ་ལ་ཞལ་ཤེས་གོ་བདེ་ཕྱིར་ཕ་ལའི་མིང་ཅན་གྱིས་བྲིས་པ། བྱ་མདོས་ཀྱི་ཡི་གེ་གཟུངས་པས་མཛད་པ། ངན་སོང་སྒོ་འགགས་ཁྱི་ལད་བཅོས་ཐབས་གཟུངས་ཀྱིས་མཛད་པ། ཞལ་ཤེས་ཕ་ལས་བྱས་པ། གཟའི་བཅོས་ཐབས་ གཟུངས་ཀྱིས་མཛད་པ་ལ་སླར་བསམ་རྩེ་བྷ་དྲའི་མིང་ཅན་གྱིས་བྲིས་པ། དཀར་ཁྲ་མན་བརྟག་ཐབས། གཟའ་གདོན་འབྲིང་པོའི་ཆོ་ག་གཟའ་བཅོས་ལེ་ལག་དང་ཤོག་དྲིལ་ཀྱུང་རྒྱ་མ། ཕྱི་རུ་རྟེན་འབྲེལ་རྩིས་ཚུལ་གཟའ་བརྒྱད་ཀྱི་ སྔགས། རཱ་ཧུ་ལའི་བྱད་གྲོལ། ལས་ཐེ་གཤེད་སྐོར་གྱི་མན་ངག་སྤྲུལ་ལྤགས་ལ་བརྟེན་པའི་བསྲུང་བ། ཆུ་བརྟག་ཐབས། དུག་གསོ་བའི་མན་ངག་བཻཌཱུརྱའི་ཕྲེང་བ་གཟུངས་པས་མཛད་པ། དུག་བསྲུང་བརྟག་ཐབས་ཟབ་མོ། ལས་སྦྱོར་ དྲུག་པ་ལ་བོད་ངའི་བཅུད་ལེན། གཉན་གྱི་སོམ་བརྟག་པ་གསོ་བ། དུག་བསྲུང་བ། དུག་ཁོང་དུ་སོང་བ་བཟློག་པ། ནད་ཕྱོགས་མེད་འཇོམས་པའི་ཐབས། དེའི་གེགས་སེལ་དང་དམིགས་པའི་ཁྱད་པར་རྣམས་འཕགས་པས་མཛད་པ། རྟགས་གཉིས་ཀྱི་བར་ [024A]༄༅། །མ་རྙེད་པས་མ་ཐོབ། ལས་མཐའ་བརྒྱད་པ་དུག་བོང་པ་ལ་བརྟེན་པ། དུག་གཅོད་པ། བུམ་པའི་ཆོ་ག་གཏོར་ཆོག་བཅས་གཟུངས་པས་མཛད་པ། དྲེག་བཅོས་པའི་ལས་མཐའ་དཔལ་གྱི་མིང་ཅན་གྱིས་སྦྱར་བ་ དྲེགས་སེལ་བཀའ་རྒྱ་མ་སྡིག་ཆུང་བའི་མཐའ་ཅན། མཇེ་ནད་གསོ་ཐབས། ཐུམ་པོ་ལུས་ལ་བཏགས་སོའི་མཐའ་ཅན། ཐོག་བསྲུང་པའི་གདམས་པ་འཕགས་པས་མཛད་པ། བགེགས་སེལ་གཟེར་ལྔའི་སྙན་བརྒྱུད་གཟུངས་པས་མཛད་པ། ཆུ་སྦྱོང་ བའི་གདམས་པའི་དོན་བསྡུ། འོག་རླུང་ལ་འབེབས་སོའི་མཐའ་ཅན། ལམ་དུ་ཆོམ་རྐུན་བསྲུང་པའི་གདམས་པའི་དོན་བསྡུས། རིགས་གསུམ་འདུས་པའི་བསྒོམ་བཟླས་ཕྱག་ཆ་རང་ལ་བསྐོར་བ་ཞེས་བྱ་བའི་སྐྱིན་ཐང་བསྲུང་བའི་མན་ངག་གི་མཐའ་ ཅན། སེར་བསྲུང་བའི་མན་ངག་ཟབ་མི་ཟབ་སེར་བསྲུང་ན་མངོན་ཞེས་པའི་མཐའ་ཅན། ལོ་ཚེག་དང་ལོ་ཕུད་ཀྱི་ལག་ལེན། སྟེང་འོག་ཕྱོགས་མཚམས་བརྒྱད་དུ་ཐོ་བཙུག་ཁ་བ་བསྲུང་པའི་གདམས་ངག་གི་མཐའ་ཅན། འཕགས་པས་མཛད་པའི་ སྦྱིན་སྲེག་རྗེས་གནང་གི་ཆོ་ག་མ་ཏ་བྷ་དྲས་མཛད་པའི་མངོན་རྟོགས་རྣམས་ནི། རྒྱུད་གསུམ་སྨྲ་བ་ཤེས་རབ་རིན་ཆེན་ཡན་ནཱ་རོའི་ཁྱུང་ཁྲའི་སྒྲུབ་ཐབས་དང་འདྲ་ལ། དེ་ནས་རྡོ་རིང་བ་ཀུན་བཟང་ཆོས་ཀྱི་ཉི་མ། སྐྱེ་སྐུ་མཁན་ཆེན་བྱམས་པ་བཟང་པོ་ འབྲུམ་ཆེན་ཀུན་དགའ་དཔལ་འབྱོར། བྱམས་པ་ངག་དབང་དཔལ་བཟང། ཞྭ་ལུ་རིན་ཆེན་བསོད་ནམས་མཆོག་གྲུབ། གནས་གསར་མཁན་ཆེན་འཇམ་དབྱངས་བསྟན་འཛིན། ངག་དབང་ཕུན་ཚོགས། རྨོར་ཆེན་མན་འཇམ་ནག་གི་ཉམས་ལེན་ཟབ་མོ་ [024B] ༈ མཁས་པ་ཡོན་ཏན་ཁྲིས་མཛད་པའི་ཤེས་རབ་བློ་འཕེལ་གྱི་སྒྲུབ་ཐབས་བཅུད་ཀྱི་སྙིང་པོ། ཞལ་གདམས་གསུམ་སྔར་ཡེ་གེ་བྱས་པ་མེད་ཀྱི་མཐའ་ཅན། རྗེས་ སུ་གནང་བའི་མཆལ། ལྟ་བ་བཀར་རྟགས་ཀྱི་ཕྱག་རྒྱའི་ཉམས་ལེན་སྐྱོར་མོ་ལུང་གི་ཆོས་གྲྭ་ཆེར་ཡི་གེར་བཏབ་པའི་མཐའ་ཅན། འགོར་སྐད་གཉིས་ཤན་སྦྱར་མ། བསྟོད་པ་རྒྱན་ཡན་ལག་བདུན་ལྡན་རྣམས། སྒྲུབ་ཐབས་ཀུན་འདུས་ཀྱི་ནང་པོད་ ན་ནས་བ་བར་ཡོད་པའི་ལུང་རྒྱུན་ནི། འཕགས་པ་མི་གཡོ་བ། མགོན་དེའི་ཞལ་གཟིགས་མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་སེང་གེ་མཁན་ཆེན་རྒྱལ་མཆོག་ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱ་ མཚོ༑ ༈ རྡོ་རིང་པ་ཆེན་པོ། ཚར་ཆེན། མཁྱེན་བརྩེ། དྲུང་པ་དཀོན་མཆོག་དཔལ། དབང་རབ། ཨ་མེས། དེ་སྲས་བསོད་ནམས་དབང་ཕྱུག། རྨོར་ཆན། གནས་གསར་བ། ཀུན་བློ། གྲུབ་དབང་ཕྱོགས་ ལས་རྣམ་རྒྱལ། རྗེ་འཕྲིན་ལས་ཡོན་ཏན། དེ་མན་ཕ་དམ་པའི་སྨྲ་སེང་དང་འདྲའོ། ། ༈ ས་ཆེན་གྱིས་མཛད་པའི་གཏམ་རྒྱུད། བསོད་ནམས་རྩེ་མོས་མཛད་པའི་སྒྲུབ་ཐབས་ལས་ཚོགས་དང་བཅས། མི་གཡོ་བའི་འཁོར་ལོ་པཎྜི་ ཏ་ཆོས་ཀྱི་རྡོ་རྗེ་དང་ལོཙཱ་བ་ནམ་མཁའ་རྡོ་རྗེའི་འགྱུར། བསྟོད་པ་སངས་རྒྱས་ཀུན་ཐུགས་མ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུད་ནས་ཕྱུང་བ་རྣམས་ནི། སྒྲུབ་ཐབས་ཀུན་འདུས་ཀྱི་བོད། འཕགས་པ་མི་གཡོ་བ། དཀར་ [025A]༄༅། །[#DATA APPARENTLY MISNUMBERED THIS PAGE]པོ་རྣམ་གསུམ། ས་སྐྱ་པཎྜི་ཏ། མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན། བག་སྟོན། ཤར་རྡོར་མན་རྩེ་མོའི་སེང་གེ་སྒྲའི་སྒྲུབ་ཐབས་དང་འདྲ། །བཅོམ་ལྡན་འདས་ཁྲོ་རྒྱལ་སྨེ་བརྩེགས་དུད་ཁའི་སྒྲུབ་ཐབས་ལས་ཚོགས་ལ་ སྨྱོ་འབོག་འདུལ་བ། སེར་བ་བཟློག་པ། རིམས་གསོ་བ། ཕྱུགས་བསྲུང་བ། ཕྱུགས་ནད་བསྲུང་བ། མི་གློ་ནད་གསོ་བ། ར་ལུག་ལ་སྦྱང་ཀྱི་བསྲུང་བ། འབྲས་དང་ཕོལ་མིག་གསོ་བ། ནད་པའི་སྔས་བསྲུང་བ། ཞིང་གི་འབུ་བསྲུང་བ་ བང་མཛོད་བསྲུང་བ། འགོང་སྲེག་རྣམས་ནི། ཐུབ་དབང། ཇོ་བོ་ཨ་ཏི་ཤ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ། ཕྱག་སོར་བ་ཤེས་རབ་མཐོང། བྱ་འདུལ་འཛིན་བརྩོན་འགྲུས་འབར། ན་བཟའ་འཕྲིན་ལས་ཆོས་ཀྱི་དབང་ཕྱུག་མཁན་པོ་ ཆོས་ཀྱི་བྱང་ཆུབ། ལོ་ཙཱ་བ་མཆོག་ལྡན། གྲགས་པ་རྒྱལ་མཚན། བླ་མ་ཤཱཀྱ། ས་བཟང་འཕགས་པ། ངོར་ཆེན། དམར་སྟོན་རྒྱལ་མཚན་འོད་ཟེར། གོད་མ་གྲགས་པ་འབྱུང་གནས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། སྤྱན་སྔ་བསོད་ནམས་ལྷ་དབང་ སྦྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ས་སྐྱ་ཀུན་དགའ་བསོད་ནམས། རྒྱལ་རྩེ་བསོད་ནམས་རྒྱཔའི་བར་བཅུ་དྲུག་མཛད་པ་ཁ་འཐོར་བའི་སྐོར། སྲོང་བཙན་སྒམ་པོས་སངས་རྒྱས་གཞན་ གྱི་བསྟན་པ་ལ་མཛད་པ་མཛད་པའི་ལོ་རྒྱུས། རྒྱལ་བུ་འཇིག་རྟེན་དབང་ཕྱུག་ཏུ་སྐྱེས་པ་ནས། རྒྱལ་བུ་ཐུགས་ལྡན་དུ་སྐྱེས་པའི་རབས་ཀྱི་བར་བཅུ་གཅིག། རྒྱལ་བུ་འཇིག་རྟེན་དབང་ཕྱུག་གི་སྐྱེས་རབས། ཡང་རྒྱལ་བུའི་མཛད་པ་ཉེར་གཅིག་ རྣམས་ཏེ་ལོ་རྒྱུས་ཀྱི་སྐོར་རོ། །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སྐོར་ལས་ཚོགས་དང་བཅས་པ་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་གསུམ་སྐོར། ཡིད་བཞིན་ནོར་བུའི་སྒྲུབ་ཐབས་གཅིག་སྐོར་སྤྱིའི་འཁོར་འབུབས་སོགས་བཤད་ཐབས་ཡན་ལག་དྲུག་ གིས་འཆད་པ། རྣལ་འབྱོར་གསུམ་གྱི་ཞལ་གདམས་སྒྲུབ་ཐབས་བསྡུས་པ། དཀྱིལ་འཁོར་གསུམ་གྱི་གཞལ་གདམས་སྒྲུབ་ཐབས་འབྲིང་པོ། གསང་སྔགས་གནད་ཀྱི་ཞལ་གདམས་ཐུགས་རྗེ་ཆེན་པོ་གཅིག་སྒྲུབ། སྒྲུབ་ཐབས་རྒྱས་ པ༑ རྒྱལ་བ་སུམ་དྲིལ། རྟ་མགྲིན་དྲེགས་པ་དབང་བསྡུས་ཀྱི་སྒྲུབ་ཐབས། མཁའ་འགྲོ་མའི་གསང་སྐོར། གསང་བ་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་བྱིན་རླབས་སྤེལ་ཆོས་ཀྱི་སྐོར། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱི་སྒྲུབ་ཐབས་ བཅས་ཡོངས་རྫོགས། པོད་གཉིས་པར། སྲོང་བཙན་སྒམ་པོ་ལ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གདམས་པའི་ཐུགས་རྒྱུད། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ་ཞེས་པ་ནས་ཡབ་རྟོགས་གྲོལ་དུས་གཅིག་ཏུ་སངས་རྒྱས་སོ་ཞེས་པའི་བར་དང་ [082B] ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནས་པལ་མོ་བཟའ་རྟོགས་གྲོལ་དུས་གཅིག་ཏུ་སངས་རྒྱས་སོའི་བར། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ནས་རྒྱ་མོ་ཀོང་ཇོ་ རྟོགས་གྲོལ་དུས་གཅིག་ཏུ་སངས་རྒྱས་སོའི་བར་དང། ཐུགས་རྗེ་ཆེན་པོའི་སྤྲུང། སད་སྲུང། ལྷོག་སྲུང། རིམས་སྲུང། འབྲུམ་སྲུང། འཁྲུ་བ་གཅོད་པ། གཟའ་ནད་གཅོད་པ། འགོ་ཡུར་སྲུང་བ། མཚོན་སྲུང། ཞིང་གི་འབུ་སྲུང་བ། ལུག་ནད་གཅོད་པ། གཡག་ནད་གཅོད་པ། ཇག་སྲུང་རྣམས་མཁའ་འགྲོའི་གདམས་ [026A]༄༅། །པ་རྒྱ་མཚོའི་ནང་ནས་ཟབ་ལམ་ཆུ་ཐིགས་ཙམ་བཀོད་པའི་མཐའ་ཅན། ཁྱད་པར་གྱི་བཟློག་པ། མཁའ་འགྲོའི་ཞལ་དུ་བསྟབ་པར་བསམ་མོའི་མཐའ་ཅན། འགོར། ན་མཌཱཀྐི་ནཱི་ཡ། མཁའ་འགྲོ་མའི་ཕྱིར་བཟློག་མན་ ངག་ཅེས་ཡོད་པའི་ཡི་གེ་བཅུ་བཞི་པའི་ལས་ཚོགས་རྣམས་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཛཻ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང། བ་རི་ལོ་ཙཱ་བ། ས་སྐྱ་གོང་མ་ལྔ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། ཀུན་དགའ་བཀྲ་ཤིས་ ངང་ཚུལ་བཟང་པོ། ཚུལ་ཁྲིམས་རྒྱལ་མཚན། རོང་པོ་བློ་བཟང། སྐུ་ཞང་མཁྱེན་རབ་ཆོས་རྗེ། ལོ་ཆེན་ཆོས་སྐྱོང་བཟང་པོ། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་དཀོན་ཅོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མཆོག་ལེགས་རྡོ་རྗེ་མན་འཇམ་ནག་གི་ཉམས་ ལེན་ཟབ་མོ་དང་འདྲའོ། །གོང་དཀར་ལུགས་ཀྱི་སེང་གདོང་མའི་རྗེས་གནང་མི་གཅིག་ལས་མང་བ་ལ་བྱ་བའི་སྲོལ་མེད་དོའི་མཐའ་ཅན་ནི། ཞལ་ཤེས་ལ། ལོ་རྒྱུས། སྡིག་སྦྱོང་དུ་གསེར་གྱི་གསུང་རབ་བྲིས་གསུངས་པའི་མཐའ་ཅན། མཆན་བཅས་ ཀྱི་སྲུང་བ། ཐལ་བརྡབ་ཀྱིས་དགྲ་འཆི་བ། ངག་མནན། ཕྱོགས་ངན་བདུད་གཅོད་བསྲུང་བ། བཟླ་བའི་མཆིལ་མས་མཆན་སྲུང། རྐང་འོག་གི་སའི་རང་ཕྱོགས་བསྲུང་བ། བསྙེན་སྔགས་ཀྱི་ཇག་འཆིང། ནོར་སྒྲུབ། ཚེ་སྒྲུབ། རྨི་ལམ་ངན་པ་བཟློག་ པ༑ རིམས་སྲུང་རྣམས་མཁའ་འགྲོ་མའི་ཐབས་ཟབ་མོའི་མཐར་ཐུག་བསམ་ཡ་རྒྱའི་མཐའ་ཅན། སེང་གདོང་མ་དམར་མོ་ལ་བརྟེན་པའི་ཁྱད་པར་གྱི་བཟློག་པ་བསམ་པའི་དོན་ཐམས་ཅད་འགྲུབ་བོའི་མཐའ་ཅན། ཕྱིར་བཟློག་པའི་ཞལ་གདམས་ཚིགས་ [026B] བླ་མའི་མན་ངག་ལས་བྱུང་དོའི་མཐའ་ཅན། རྡོ་རྗེ་ཕག་མོ་ཞལ་གསུམ་ཕྱག་དྲུག་མའི་མངོན་རྟོགས་བཟླས་པ། གཏོར་ཆོག་མེའི་མཆོད་པ་དང་བཅས་པ། བཛྲ་ཌཱཀྐི་ནི་འགྲུབ་བོའི་མཐའ་ཅན། འགོར་ན་མོ་གུ་རུ་བླ་མ་རྡོ་རྗེ་གདན་པ་ཞེས་ ཡོད་པའི་མངོན་རྟོགས་བསྙེན་པ་ཤམ་བུའི་ཞལ་ཤེས་རྣམས་ནི། མཁྱེན་རབ་ཆོས་རྗེ་ཡན་ངོར་ལུགས་དང་འདྲ་ལ། དེ་ནས་མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། སྒོ་རུམ་པ་ཀུན་དགའ་ལེགས་པ། མཁྱེན་བརྩེ། དབང་རབ། མགོན་པོ་བསོད་ མཆོག་ཟུར་དཔལ་འབྱོར། ལྔ་པ་ཆེན་པོ། ཐུགས་སྲས་འཇམ་དབྱངས་གྲགས་པ། ཛཱ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས། རྗེ་བློ་བཟང་དབང་རྒྱལ། ཆ་ཧར་མི་འགྱུར་རྡོ་རྗེ་མན་ཚེ་ཁྲིད་ཡང་ཟབ་དང་འདྲའོ། །ལས་ཚོགས་རྒྱ་གར་གཏེར་མ་ ལ༑ འཛག་པ་བསྲུང་བ། གཟའ་ནད་བཅོས་ཐབས། སྲུང་བ་གནམ་ལྕགས་གུར་ཁང། བཟློག་པ། རྒྱན་ཤྭ་འབྱེད་པ། ཇག་ཆིངས་མི་འདྲ་བ་གཉིས་རྣམས་ཀྱི་བརྒྱུད་པ་ནི། ངོར་ལུགས་དང་འདྲའོ། །སེང་གདོང་མའི་སྒྲུབ་ཐབས་བསྟོད་པ་བཅས་ཚར་ཆེན་གྱིས་མཛད་པ། ཡང་ མཁྱེན་བརྩེས་མཛད་པའི་སྒྲུབ་ཐབས་བསྟོད་བ་ཞིང་རྣམ་དག་རྣམས་ནི། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེ་དབང་ཕྱུག་རྗེ་དབང་རབ། རྗེ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། ཀུན་བློ། རྗེ་འགྱུར་མེད་མཆོག་གྲུབ། རྗེ་འཕྲིན་ལས་ཡོན་ ཏན༑ རྗེ་ལྷ་བཙུན་མན་འདྲ། ༈ འཕགས་པ་ཀླུ་སྒྲུབ་ཀྱིས་ཤ་ཟ་གནོད་སྦྱིན་མོ་མཁའ་འགྲོ་མ་ཀུན་ནས་འཁྱིལ་བའི་རྟོག་པ་ལས་ཕྱུང་བའི་སྒྲུབ་ཐབས་རྡོ་རྗེ་གདན་པ་དང་བ་རིའི་འགྱུར། རྡོ་རྗེ་གདན་པས་མཛད་པའི་དེའི་ [027A]༄༅། །བསྡུས་དོན་འགྲེལ་བའི་རིས་བསྒྱུར་བ་ལམ་ཚབ་ལོ་ཙཱ་བས་བཅོས་བ། དེའི་སྙིང་པོ་ས་པཎ་གྱིས་མཛད་པ་རང་ཆོས་སྒྲུབ་པའི་རྒྱགས་སུ་བྱའོའི་མཐའ་ཅན། འགོར་བླ་འཆལ་མན་ངག་འདི་ཞེས་བྱ་བ་མཁའ་འགྲོ་མའི་ དངོས་གྲུབ་ལག་བཅང་མའི་མཐའ་ཅན། འགོར་དབྱུ་གུ་སྤུན་གསུམ་གྱི་མན་ངག་འདི་ཞེས་བྱ་བ་དང། ཕུན་སུམ་ཚོགས་པར་བྱེད་དོའི་མཐའ་ཅན། འགོར་བླ་མ་རྡོ་རྗེ་གདན་པའི་ཞེས་དང། རིན་པོ་ཆེའི་རྣམ་པར་བསྒོམ་མོའི་མཐའ་ཅན། འགོར་ དབྱུ་གུ་སྤུན་གསུམ་ཞེས་དང་མ་བཙལ་ཀྱང་རྙེད་པ་ཡིན་ནོའི་མཐའ་ཅན། འགོར་མཁའ་འགྲོ་མ་སྤུན་གསུམ་ཞེས་ཀྱང་བྱ། ཞེས་དང། ཟབ་ཏིག་སྙིང་གི་གདམས་པའི་མཐའ་ཅན། འགོར་རྣལ་འབྱོར་པ་གང་ཞིག་ཟས་དང་གོས་ནོར་ཞེས་ ཡོད་པའི། ལག་བཅང་མ་འདྲ་མིན་གཅིག་ཆང་བུ་བསྔོ་བའི་ཚིགས་བཅད་ཡང་དག་བར་རྫོགས་པའི་སངས་རྒྱས་མ། འགོར་འཇིག་རྟེན་འདྲེན་པའི་ཕྱག་གི་ལྷུང་བཟེད་དབུས། །ཞེས་ཡོད་པའི་ལོ་རྒྱུས། བརྒྱུད་རིམ། རྟེན་བཅའ་ ཞིང་བླ་རྡོ་བཟུང་བ། བསྙེན་པ་བྱ་ཞེང་གཏོར་མ་གཏོང་བ། ལས་ལ་སྦྱར་ཞིང་ལས་ཚོགས་བསྟན་པ། ས་སྐྱ་པའི་ཟབ་དོན་དབྱུ་གུ་སྤུན་གསུམ་གྱི་མན་ངག་རྫོགས་བྱང་གི་མཐའ་ཅན། ཞར་བྱུང་རབ་གནས། སྐུ་བྲིས་པའི་རྫས། འཁོར་ལོའི་ ཡིག་ཆུང་བུད་མེད་ལ་འཕྱ་སྨོད་དང་བརྡེག་འཚོག་མི་བྱའོའི་མཐའ་ཅན། འགོར་དབུལ་བ་སེལ་བའི་གཏེར་ཆེན་ནས། མི་ནུབ་ཕྱོགས་བཅུར་འཕེལ་གྱུར་ཅིག་ཅེས་པའི་མཐའ་ཅན། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་མཛད་ [027B] ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་སྒྲུབ་ཐབས་བསམ་དོན་ཀུན་འགྲུབ། ཙ་ཀྲ་ལ་བརྟེན་པའི་དབང་སྡུད་ལག་ལེན་བསམ་འཕེལ་ནོར་བུ་རྣམས་ནི། ཐུབ་པའི་དབང་པོ་ འཇམ་དབྱངས། ཇ་ཏཱ་རི། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། ས་སྐྱ་གོང་མ་ལྔ། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ན་བཟའ་བྲག་ཕུག་པ། བླ་མ་བློ་བཟང་པ། སེང་གེ་དཔལ། བླ་མ་དམ་པ། ཆག་ལོ་ཙཱ་བ་རིན་ཆེན་ཆོས་རྒྱལ་ ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན། མུས་ཆེན། སངས་རྒྱས་རྒྱལ་མཚན། ས་སྐྱ་ཀུན་དགའ་བསོད་ནམས། བསོད་ནམས་དབང་ཕྱུག་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨར་ཆེན་མན་འཇམ་ནག་གི་ཉམས་ལེན་ཟབ་མོ་དང་འདྲ་ ཛམྦྷ་ལ་དཀར་པོའི་སྒྲུབ་སྐོར་ལ། ལོ་རྒྱུས། ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ། ནང་གཏོར་མ་ལ་བརྟེན་ནས་སྒྲུབ་པ། གསང་བ་གའུ་ལ་བརྟེན་ནས་སྒྲུབ་པ། ཡང་གསང་མཁའ་འགྲོ་བཞི་ལ་བརྟེན་ནས་སྒྲུབ་པ་དེ་རྣམས། ནོར་སྒྲུབ་རིན་ཆེན་ སྤུངས་པ་ཞེས་བྱ་བ། ལོ་ཙཱ་བརྒྱ་བརྩོན་འགྲུས་སེང་གེའི་ཕྱག་ལེན་བཞིན་བཀོད་པ་རྫོགས་སོའི་མཐའ་ཅན། ཇོ་བོ་རྗེས་མཛད་པའི་བསྟོད་པ་སྤྱན་རས་གཟིགས་དབང་མ། འདི་གཉིས་མ་ཐོབ། ཤེའུ་ལོས་མཛད་པའི་བསྟོད་པ་འཇིགས་མེད་དབང་ཕྱུག་མ་ རྣམས་ནི། ཤེའུ་ལོ་བྱམས་པ་ཀུན་དགའ་ཆོས་གྲགས་ཡན་རྗེས་གནང་དང་འདྲ་ལ། དེ་ནས་ངག་དབང་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ་ངག་ལྷུན། སངས་རྒྱས་ཕུན་ཚོགས། ཡེ་ཤེས་འཕྲིན་ལས་ [028A]༄༅། །བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་སངས་རྒྱས་དཔལ་བཟང་པོ། དེ་མན་ཀླུ་སྒྲུབ་ཀྱི་ཀླུ་དབང་གི་སྒྲུབ་ཐབས་དང་འདྲ། ༈ ཡིན་པའི་མན་ངག་གི་རིམ་པ་མ་སྦས་པ་ཡི་གེར་བཀོད་པའི་མཐའ་ཅན། ཡར་ཀླུངས་པས་མཛད་པའི་ལུང་བླང་བའི་མན་ངག་བླ་མའི་གསུང་བཞིན་དཔལ་ས་སྐྱར་སྦྱར་བའི་མཐའ་ཅན། རྡོ་རྗེ་གདན་པས་མཛད་པའི་རྗེས་གནང་ གསལ་བྱེད་རྣམས་ནི། རྨོར་ཆེན་ཡན་རྗེས་གནང་དང་འདྲ་ལ། གནས་གསར་བ། བདག་ཆེན་ཀུན་བློ། རིན་ཆེན་རྒྱལ་མཚན། ཀུན་དགའ་བཀྲ་ཤིས། ཤེས་རབ་འོད་ཟེར། ཀུན་དགའ་རྒྱལ་མཚན། ས་སྐྱ་རྡོ་རྗེ་རིན་ཆེན། རྗེ་ལྷ་ བཙུན་མན་འདྲ། ༈ ལས་ཚོགས་ཐུན་མོང་མ་ཡིན་པར། འགོར་ལས་ཁ་ཚར་འདི་ལ་ནས། ཁོ་བོའི་ཡོན་བདག་བྱེད་པར་འགྱུར་གྱི་མཐའ་ཅན། གཏེར་བུམ་བཅའ་བའི་མན་ངག་བུམ་ པ་མངས་ཤིང་མཆུ་ཡོངས་སུ་གྲགས་པ་དང་ལྡན་པ་ནས། མ་སྦགས་པ་གལ་ཆེའི་མཐའ་ཅན། དབང་སྡུད་འཁོར་ལོའི་བྲི་ཚུལ། འགོར་འབྲི་གཞི་དར་རམ་རས་ནས། འཛིན་གཏོར་གྱི་མདའ་དར་ལ་བཏགས་ཀྱི་མཐའ་ཅན། འགོར་དང་པོ་ བྱིན་གྱིས་བརླབ་ཕྱིར་ནག་པོ་ཆེན་པོའི་བསྙེན་པ་ཞེས་ཡོད་པའི་གཏོར་མ་བཅའ་བ། རྒྱས་དབང་གི་སྦྱིན་སྲེག་ཅུང་ཟད་རེ་འབུལ་བའི་སྦྱིན་སྲེག་བྱར་རུང་གསུང་གི་མཐའ་ཅན། ཆོས་སྐྱོང་གི་བུམ་པ་བཅའ་ཐབས། ཞལ་ཤེས་རྣམས་ [028B] ཀུན་དགའ་འོད་ཀྱིས་མཛད་པའི་བསྟོད་པ་ཆོས་དབྱིངས་སྤྲོས་བྲལ་མ། རབ་གནས་སངས་རྒྱས་རི་གོང་པའི་གསུང་ཤངས་པའི་ཞལ་གདམས་ཡ་གར་བཀོད་པའི་མཐའ་ཅན། བླ་མའི་སྐུ་འབག་རབ་གནས་ ནམ་མཁའ་སྟོན་ལྡན་རྒྱལ་མཚན་གྱིས་འོ་མ་ཕུག་གི་ཡང་དགོན་དུ་སྦྱར་བ་རྣམས་ནི། ཁྱུང་པོ་ནས་ངག་དབང་ཆོས་གྲགས་ཀྱི་བར་རྗེས་གནང་དང་འདྲ་ལ། དེ་ནས་རྒྱལ་རྩེ་བསྟན་པ་རབ་རྒྱས། མཁས་གྲུབ་བཀྲ་ཤིས་དཔལ་ལྡན། ག་ཟི་བ་ སངས་རྒྱས་དཔལ་བཟང། རྗེ་སངས་རྒྱས་ཕུན་ཚོགས། ཀུན་དགའ་བསྟན་འཛིན། སངས་རྒྱས་དཔལ་བཟང། ཀུན་དགའ་རྣམ་རྒྱལ། བྱམས་པ་ངག་དབང་བསམ་འགྲུབ། བདག་ཆེན་ཀུན་བློ། བྱམས་པ་རིན་ཆེན་རྒྱལ་མཚན་ ལྔ་རིག་ཀུན་དགའ་བཀྲ་ཤིས། རྗེ་ཀུན་དགའ་རིན་ཆེན། ས་སྐྱ་རྡོ་རྗེ་རིན་ཆེན་མན་འཇམ་དམར་དང་འདྲའོ། །དབེན་ས་པའི་གཏེར་བུམ་དང་དབང་སྡུད་འཁོར་ལོའི་མན་ངག་ འདི་ཡང་ཐོབ། ༈ གྱི་སྒྲུབ་ཐབས་ཚིགས་བཅད་མ། བླ་མ་བའཻ་རོ་ཛྙཱ་ནའི་གདམས་པ། ལས་ཀྱི་དུམ་བུ། སྒྲུབ་པའི་ཡིག་ཆུང། ཙ་ཀྲའི་རབ་གནས། གུ་རུ་སརྦ་ཨེ་ན་མཿ་ཞེས་པའི་དབུ་ཅན་གྱི་སྒྲུབ་ཡིག་ཚིགས་བཅད་མ། རྟེན་སྦ་ཚུལ། ཚོགས་འཁོར་ དག་ལ་དགའ་ཞིང་མགུ་བས་འདུ་བ་ཡིན་ནོའི་མཐའ་ཅན། དམ་ཉམས་སྒྲོལ་ཐབས། སྨོ་འདུལ་བ་རྣམས་ས་ཆེན་གྱིས་མཛད་པ་ནི། ཕྱག་མཚན་རི་མོ་སྡོམ་བརྩོན་མ་དང་འདྲའོ། ། ༈ ཐུབ་ [029A]༄༅། །དབང། ཇོ་བོ་རྗེ། ནག་ཚོ། རོང་པ་ཕྱག་སོར་བ། བྱ་འདུལ་བརྩོན་འགྲུས་འབར། མཁས་བཙུན་ཚུལ་འཁྲིམས་རིན་ཆེན། བླ་མ་དར་མ་བཟང་པོ། གཞོན་ནུ་རྒྱལ་མཚན། བླ་མ་རྒྱལ་མཚན་དོན་གྲུབ། གཅང་བ་རིན་ རྒྱལ༑ བྱ་བཏང་བོ་དཧི་སཏ། འཇམ་དབྱངས་རིན་ཆེན་གྲགས་པ། སྤྱན་སྔ་བསོད་ནམས་ལྷ་དབང། སྤྱན་སྔ་ངག་དབང་ཆོས་གྲགས། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། ཨ་མེས་ཀུན་དགའ་བསོད་ནམས་ ངག་དབང་བསོད་ནམས་རྒྱལ་མཚན། མཁྱེན་རབ་བཟང་པོ་རྒྱལ་མཚན། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། བྱམས་པ་ནམ་མཁའ་འཆི་མེད། མཁས་དབང་ ཀུན་དགའ་དོན་གྲུབ། རྣལ་འབྱོར་འཇམ་དཔལ་བཟང་པོ། ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། རྗེ་འཇམ་དབྱངས་འཕྲིན་ལས་མན་འྡྲའམ་བརྟག་དགོས།། །། ༈ སངས་ རྒྱས་ཀུན་དངོས་བླ་མ་འཇམ་དབྱངས་དང། །དབྱེར་མེད་ཁྲོ་རྒྱལ་གཤིན་རྗེའི་གཤེད་ཀྱི་གཙོ། །བཅོམ་ལྡན་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་མཆོག་བྱང་ཆུབ་བར་དུ་འབྲལ་མེད་སྙིང་དབུས་བཞུགས། །ཟབ་གསལ་གཉིས་མེད་ཏིང་འཛིན་རྡོ་རྗེ་ ཡིས། །ཀུན་རྟོག་ས་འཛིན་བཅོམ་དང་ལྷན་ཅིག་ཏུ། །ལེགས་བཤད་བདུད་རྩི་སྐལ་བཟང་འཆི་མེད་ལ། །འགྲེམ་མཁས་གྲགས་པའི་མུ་ཁྱུང་ཅན་དེས་སྐྱོངས། །མ་སྨད་བློ་གྲོས་བཟང་པོའི་གདོང་ལྔའི་ཁྲིར། །རིང་ནས་སྨོན་པའི་ཐུགས་རྗེའི་ [029B] །མདོ་རྒྱུད་ལམ་བཟང་གླིང་བཞིར་དབང་སྒྱུར་བའི། །བཤེས་གཉེན་འཁོར་བསྒྱུར་མཆོག་དེས་བདག་སོགས་སྐྱོངས། །འདི་ན་སྙིགས་མ་ཁྲོས་བའི་ཁ་རླངས་ཀྱིས། །ལྷག་པར་གདུངས་ལ་སྨན་པའི་བདུད་རྩིའི་དཔྱིད། །ཁྱད་པར་ལྔ་ ཡིས་ལྷག་བའི་གདམས་པའི་གནད། །ཕུལ་བྱུང་འདི་འདྲ་བླ་མའི་དྲིན་ལས་རྙེད། །དེ་ལ་འདིར་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ཆོས་སྐོར་ལས་རྭ་པོད་དུ་གྲགས་པའི་ཆོས་བཀའ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེའི་ཕྱག་དཔེ་པོད་གཉིས་ བཞུགས་པའི་སྟེང་ནས་སྐལ་བཟང་ཐོབ་པའི་ཆོས་ཚན་གྱི་ཐོ་དང་བརྒྱུད་རིམ་ཆབས་ཅིག་ཏུ་བཀོད་པ་ལ། རྭ་པོད་ཀྱི་དཀར་ཆག་རྭ་ཆེན་གྱི་རྩ་བའི་ཡི་གེ་ལ་རྭ་ཤེས་རབ་རྒྱལ་མཚན་གྱིས་གསལ་བར་བཀོད་བ། འགོར་སྟོང་གསུམ་དྲེགས་པའི་ཚོགས་ཞེས་པ་ ནས༑ ཤེས་རབ་རྒྱལ་མཚན་བཀོད་ཅེས་བའི་མཐའ་ཅན། རྭ་ཁྲིད་མཁའ་འགྲོའི་སྙན་བརྒྱུད་འགོར། སངས་རྒྱས་སྐུ་དངོས་ཞེས་པ་ནས། ཡི་གེ་པ་ནི་རྒྱལ་མཚན་བློ་གྲོས་ཞེས་པའི་མཐའ་ཅན། རྫོགས་རིམ་རྭ་ཆེན་གསུང་སྒྲོས་འགོར་ རྟོག་པ་བཞི་པ་ཞེས་པ་ནས། དེ་དག་དགག་པ་གལ་ཆེའོ་ཞེས་པའི་མཐའ་ཅན། ཕྱག་མཚན་སྒྲུབ་ཐབས་འགོར། དྲག་པོ་ཆེན་པོ་ཞེས་པ་ནས། ཞལ་དུ་བརྒྱུད་པའི་གསང་ཆེན་རྫོགས་སོའི་མཐའ་ཅན། བྱང་མ་བསད་བའི་ལག་ཆ་འགོར། ཕྱིར་ ཟློག་འཁོར་ལོས་བྱད་མ་བསད་ཅེས་པ་ནས། གཞན་ལ་ནི་མ་ཡིན་ནོའི་མཐའ་ཅན། དེའི་ཞལ་ཤེས་བཀའ་རྒྱ་ཅན་འགོར། རང་ཉིད་སྔར་བཞིན་ཞེས་པ་ནས། ཕྱི་མ་གཉིས་པོ་གསང་བ་གཅེས་ཞེས་པའི་མཐའ་ཅན། དྲག་པོ་སྔགས་གཏེར་ [030A]༄༅། །འགོར། ཀུན་ནས་འཇམ་པའི་ཞེས་པ་ནས། སྔགས་འཛིན་ལྡོང་གིས་སྦྱར་ཞེས་པའི་མཐའ་ཅན། མངོན་རྟོགས་དྲི་མེད་སྣང་བ་འགོར། དགུ་དང་བཅུ་དྲུག་ཅེས་པ་ནས། རྒྱལ་བ་བཀྲ་ཤིས་ཀྱི་ངོར་ཞེས་པའི་མཐའ་ ཅན༑ སྒྲུབ་ཐབས་ཁམས་གསུམ་ཟ་བྱེད་འགོར། ཞལ་གསུམ་ཕྱག་དྲུག་ཅེས་པ་ནས། བླ་མ་ཉིད་ཀྱིས་གསུངས་ཞེས་པའི་མཐའ་ཅན། སྒྲུབ་ཐབས་རིན་ཆེན་དོན་བསྡུས་འགོར། འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཞེས་པ་ནས། ཡི་གེ་བརྒྱ་པ་ བཟླས་སོའི་མཐའ་ཅན། ཉི་མ་བཞི་པའི་མན་ངག་འགོར། སྐུ་གསུམ་དབྱེར་མེད་ཅེས་པ་ནས། རྭ་འབུམ་སེང་གིས་གསལ་བར་བཀོད་ཅེས་པའི་མཐའ་ཅན། ཕོ་ཉ་འཛབ་བསྟོད་འགོར། མཁའ་དབྱིངས་རྣམ་དག་ཅེས་པ་ནས། ཕྱོགས་ མཚམས་ལྷའི་སྣམ་བུ་ལ་ཞེས་པའི་མཐའ་ཅན། སྒྲུབ་ཐབས་ལ་ལཱི་ཏཨྶ་མཛད་པ་འགོར་ཤྲཱི་བཛྲ་ཞེས་པ་ནས། ལྕགས་སྐུ་ཤེས་རབ་བླ་མས་བསྒྱུར་ཞེས་པའི་མཐའ་ཅན། བོད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་རྗེ་བཙུན་རྭ་ལོ་ཞེས་པ་ནས། གཞན་ ཕན་རྒྱ་ཆེན་པོ་ཞེས་པའི་མཐའ་ཅན། རྒྱ་བལ་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་འགོར། སངས་རྒྱས་ཀུན་གྱི་ངོ་བོ་ཞེས་པ་ནས། འདུན་པ་བསམ་གཏན་ནོའི་མཐའ་ཅན། མངོན་རྟོགས་ཡིད་བཞིན་གཏེར་མཛོད་འགོར། གདུག་པ་འདུལ་ཕྱིར་ ཞེས་པ་ནས། དགྲ་བོ་དྲུངས་ནས་འབྱིན་ཞེས་པའི་མཐའ་ཅན། བསམ་གཏན་ཉལ་ཆོག་འགོར། དྲག་པོ་ཆེན་པོ་ཞེས་པ་ནས། ཐིག་མཆོག་ཟླ་བའི་དབང་པོས་མཛད་ཅེས་པའི་མཐའ་ཅན། བཅུ་གསུམ་མའི་དབང་གི་ཆུ་བོ་འགོར་འཇིགས་བྱེད་ [030B] དབང་གི་ཆུ་བོ་རྫོགས་སའི་མཐའ་ཅན། ལས་གཤིན་དམར་ནག་གི་རྗེས་གནང་འགོར། འདི་ཡི་རྗེས་གནང་ཞེས་པ་ནས། རྭ་ཤེས་རབ་རྒྱལ་མཚན་གྱིས་བཀོད་ཅེས་བའི་མཐའ་ཅན། དབང་གི་རྒྱན་འགོར། གང་གི་མཐོ་རིས་རྣམ་གྲོལ་ སྲོལ་ཞེས་པ་ནས། ལྡོང་སྟོན་གྱིས་རྒྱལ་བུ་བྱང་ཆུབ་གླིང་དུ་འཆར་ཁ་གསར་པར་སྦྱར་བའི་མཐའ་ཅན། མངོན་རྟོགས་དྲི་མེད་ཆུ་རྒྱུན། རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། ཨ་གྲོའི་དོན་དུ་མཉེ་ནམ་པས་སྦྱར་བའི་མཐའ་ཅན། འཇམ་དཔལ་ནག་པོའི་ཡི་ གེ་བཞི་པའི་མན་ངག་འགོར། རང་ཉིད་འཕགས་པ་འཇམ་དཔལ་ཞེས་པ་ནས། སྐུ་གཉིས་མྱུར་ཐོབ་ཤོག་གི་མཐའ་ཅན། བསྲུང་ཟློག་འཁོར་ལོ་བྲི་ཡིག་འགོར། བསྲུང་བའི་འཁོར་ལོ་ཞེས་པ་ནས། བསྲུང་འཁོར་ལུགས་གཅིག་གོའི་ མཐའ་ཅན་བཅས། ༈ རྒྱུད་རྟོག་པ་བདུན་པ་རྭ་ལོའི་འགྱུར། དེའི་གདམས་ངག་གི་གནད་རྭ་ཆེན་དྷ་རྨ་སེང་གེས་མཛད་པ། འགོར་དབུ་ཞབས་སུ་ཞེས་པ་ནས། གདམས་ངག་གི་གནད་རྫོགས་སོའི་ མཐའ་ཅན། ལས་གཤིན་དྲིལ་བའི་བསྙེན་སྒྲུབ་དགྲ་སྲོག་དབང་སྡུད་འགོར། དེ་ལ་རྟོག་པ་ཞེས་པ་ནས། བཅུག་པས་མནན་ནོའི་མཐའ་ཅན། རྟོག་བདུན་འགྲེལ་བ་བཅུད་ཐིགས་འགོར། འཇིགས་བྱེད་ཀྱི་རྟོག་པ་ཞེས་པ་ནས། བསྟན་པ་ རྒྱས་པར་ཤོག་གི་མཐའ་ཅན། རྟོག་བདུན་ཊཱིཀྐ་འགོར། ལས་ཉོན་རྒྱ་མཚོ་ཞེས་པ་ནས། ལུ་གུའི་དབེན་གནས་སུ་སྦྱར་ཞེས་པའི་མཐའ་ཅན། རྟོག་བདུན་དཀའ་འགྲེལ་མན་ངག་གནད་བདུན་འགོར། རྟོག་པ་བདུན་པ་འདི་ལ་ཞེས་པ་ནས། རྭ་ [031A]༄༅། །ལོས་མཛད་པའི་མཐའ་ཅན། རྟོག་བདུན་མན་ངག་གི་གནད་འགོར། དེ་ལ་རྟོག་པ་དང་པོ་ཞེས་པ་ནས། ཤིན་ཏུ་དག་པའི་མན་ངག་ཨིཐིའི་མཐའ་ཅན། འཁྲུལ་འཁོར་དཔེ་ཆུང་བྲི་ཡིག་འགོར། ཐོག་མར་ཉེ་ སྙིང་ཞེས་པ་ནས། ལོགས་སུ་ཤེས་པར་བྱའོའི་མཐའ་ཅན། འཁྲུལ་འཁོར་བདུན་གྱི་ཡི་གེའི་སྤེལ་ཚིག་འགོར། རྟོག་པ་བདུན་པ་ཞེས་པ་ནས། ཤོག་དྲིལ་མན་ངག་དང་བཅས་པ་རྫོགས་སོའི་མཐའ་ཅན། འཁྲུལ་འཁོར་བདུན་གྱི་བྲི་ ཡིག་ཞིབ་མོ་འགོར། རྗེ་བཙུན་རྭ་ཡི་ཞེས་པ་ནས། རྡོ་རྗེ་རྒྱལ་མཚན་བདག་གིས་བཀོད་པའི་མཐའ་ཅན། སྒྲུབ་ཐབས་འགོར། དང་པོ་ཁོ་ནར་དུར་ཁྲོད་ཅེས་པ་ནས། བསོད་ནམས་འགྲོ་ལ་ཉི་མའི་བཞིར་ཤོག་གི་མཐའ་ཅན། ལས་གསུམ་གསལ་ བྱེད་རྭ་ཡི་གསུང་ཆོས་འགོར། སྒྲུབ་པ་པོ་མཚན་ཉིད་དང་ལྡན་ཞེས་པ་ནས། གདམས་པ་མཐར་ཐུག་པའོའི་མཐའ་ཅན། སྔགས་བཟླས་མན་ངག་འགོར། ཕྲེང་བ་སྭ་བྷཱ་ཝ་ཞེས་པ་ནས། སྔགས་ཀྱི་འཁོར་ཚུལ་ཞེས་པའི་མཐའ་ཅན། ཡིག་ བཞི་པའི་བསད་ཟློག་འགོར། བླ་མ་བལ་པོ་ཞེས་པ་ནས། གསང་བར་བྱའོའི་མཐའ་ཅན། ཉི་མ་བཞི་པའི་གདམས་པ་འགོར། འཇིགས་བྱེད་ཅེས་པ་ནས། ལོ་ཙཱ་བ་ཕྱི་མས་ཡི་གེར་བཀོད་ཅེས་པའི་མཐའ་ཅན། རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་ འཁོར་འགོར། དངོས་དང་དངོས་མེད་ཅེས་པ་ནས། རཏྣ་ཨ་ཀ་ར་ཤཱནྟིའི་མཐའ་ཅན། དཀྱིལ་འཁོར་རྒྱ་གར་མ་དད་པ་དང་ལྡན་ཞེས་པ་ནས། ཨ་མོ་གྷ་བཛྲ་གྱིས་མཛད་པའི་མཐའ་ཅན། བསྲུང་ཟློག་བསད་གསུམ་འགོར། བསྲུང་བའི་མན་ [031B] སོང་བར་བསམ་མོའི་མཐའ་ཅན། བསད་ལས་བཅུའི་གསལ་བྱེད་འགོར། བསྙེན་པ་དང་སྒྲུབ་པ་སྔོན་དུ་སོང་བའི་ཞེས་པ་ནས། བརླག་པ་ཡིན་ཞེས་པའི་མཐའ་ཅན། ཁ་སྦྱོར་དབྱེ་བའི་ཡི་གེ་འགོར། བཅོམ་ལྡན་འདས་ཡི་གེ་ཞེས་ པ་ནས། ཁ་སྦྱོར་དབྱེ་བའོ་ཞེས་པའི་མཐའ་ཅན། འཁོར་ལོའི་གསལ་བྱེད་འགོར། འཁོར་ལོའི་ལིང་ཚེ་ཞེས་པ་ནས། སྙེ་ནམ་པ་ཆེན་པོའི་ཐུན་མོང་མ་ཡིན་པ་ཞེས་པའི་མཐའ་ཅན། དབྱེ་བའི་འཁྲུལ་འཁོར་གྱི་ཡིག་ཆུང་འགོར། མཛའ་བ་གང་ཞིག་ ཕྱེབས་ཞེས་པ་ནས། སོ་སྟོན་གྱི་གཏམ་མོའི་མཐའ་ཅན། ཞི་རྒྱས་ཀྱི་འཁོར་ལོའི་ལག་ལེན་འགོར། ཆོས་རྗེ་རིན་པོ་ཆེ་ཞེས་པ་ནས། དེ་ཡང་བཅུ་གཉིས་སོ་ཞེས་པའི་མཐའ་ཅན། འཁྲུལ་འཁོར་བཅུ་གཉིས་ཀྱི་སྤེལ་ཚིག་དང་ལྟེབ་ཚུལ་ཡི་གེ་འགོར་ ལྟེ་བར་གཤིན་རྗེའི་ཞེས་པ་ནས། ཆག་ཚིག་ཕབ་པ་མན་ངག་ཡིན་ཞེས་པའི་མཐའ་ཅན། བསད་ལས་ཧ་ལ་ནག་པོའི་ཤོག་དྲིལ་གསུམ་འགོར། བརྗེད་བྱང་ཐོ་ཡིག་ཅེས་པ་ནས། མྱུར་བའི་གྲོགས་ཡིན་ཞེས་པའི་མཐའ་ཅན། དེའི་འགྲེལ་པ་རྒྱ་སྟོན་ གྱིས་མཛད་པ་འགོར། ཤོག་དྲིལ་གསུམ་པོའི་དོན་ཞེས་པ་ནས། སྣོད་མིན་རྣམས་ལ་གསང་བར་ཞུ་ཞེས་པའི་མཐའ་ཅན། ཨུཥྞི་ཥའི་བསྲུང་ཟློག་བསད་གསུམ་འདིར་བསྲུང་བའི་འཁོར་ལོ་ཞེས་པ་ནས། མི་དགོས་པར་མངོན་ནོའི་མཐའ་ཅན་ བསྲུང་བཟློག་གཉིས་ཀྱི་འཁོར་ལོ། འདི་བདག་གཞན་ཐམས་ཅད་ཅེས་པ་ནས། ཕྱོགས་མེད་ལོ་ཙཱ་བཀོད་པའི་མཐའ་ཅན། ལྷན་ཐབས་འགོར། མིང་དང་རྣམ་ཤེས་ཞེས་པ་ནས། སྤང་བར་ནུས་ན་ནི་མཆོག་གོའི་མཐའ་ཅན། ལྡེ་མིག་འདིར་ [032A]༄༅། །བཟླས་པའི་ཞེས་པ་ནས། སྟཾ་བྷ་ཡན་ན་ཞེས་པའི་མཐའ་ཅན། དྲག་ལས་གཉིས་པའི་ལས་བྱེད་ན་ཞེས་པ་ནས། བསྟན་ལ་དགྲ་བྱུང་ན་དགོས་སྙམ་པའི་མཐའ་ཅན། བསྲུང་བཟློག་མན་ངག་འགོར། འདིར་བདག་ གཞན་གྱི་བར་ཆད་ཅེས་བ་ནས། ཞར་ལ་བཀོད་པའོའི་མཐའ་ཅན། ཤོག་དྲིལ་ལག་ལེན་འགོར། ཁྲག་ཞག་རྦ་ཀློང་ཞེས་པ་ནས། འདི་མ་བསླད་པ་བྱ་བ་གལ་ཆེའོ་ཞེས་པའི་མཐའ་ཅན། ཡི་གེ་བཞི་པའི་བསྲུང་བཟློག་གསད་གསུམ་ འགོར། སེམས་བསྐྱེད་པ་ནི་ཞེས་པ་ནས། ཆེས་ཁྱད་པར་དུ་འཕགས་པའོ་ཞེས་པའི་མཐའ་ཅན། ལས་བཞིའི་སྦྱིན་སྲེག་དེ་ལ་སྔགས་པ་ཞེས་པ་ནས། སྔགས་འཆང་ཁྲོ་རྒྱལ་དང་བློ་ལྡན་གྱིས་བསྐུལ་ངོར་ཞེས་པའི་མཐའ་ཅན། སྦྱིན་སྲེག་འགོར་ བགེགས་རྣམས་མ་ལུས་ཞེས་པ་ནས། དེ་ཉིད་ཐོབ་བར་ཤོག་གི་མཐའ་ཅན། ཏིའུ་ལོ་པའི་ཆུ་བྱའི་རྟོག་པ་དེ་ལ་ཆུ་བྱའི་ཞེས་པ་ནས། རྫོགས་སོའི་མཐའ་ཅན། ཏིའུ་ལོ་པའི་སྒྲུབ་ཐབས་འགོར། རྒྱ་གར་སྐད་དུ། སྲི་ལོ་ཏ་རི་ཞེས་པ་ནས། རྒྱུད་འབུམ་ པ་ནས་ཕྱུང་བ་རྫོགས་སོའི་མཐའ་ཅན། ཆོས་རྒྱལ་སྒྲུབ་པ་འགོར། འཆི་བདག་ཡི་དྭགས་རྒྱལ་པོ་ཞེས་པ་ནས། གཞན་བསྟན་མི་བྱའི་མཐའ་ཅན། གཤིན་རྗེ་སྲིད་པའི་འཁོར་ལོ། བླ་མ་ཆེན་པོའི་ཞེས་པ་ནས། བཀའ་རྒྱ་ཡོད་དོའི་མཐའ་ཅན་ གནམ་ལྕགས་ཨུར་ཆུང་འགོར། ཕྱག་ན་རྡོ་རྗེ་ཞེས་པ་ནས། མཱ་ར་ཡ་ཕཌ་ཅེས་པའི་མཐའ་ཅན། གཤིན་རྗེ་གནད་ལ་ཕབ་ནས་དགྲ་བོ་སྒྲོལ་བའི་ཡི་གེ། འདིར་འཆི་བདག་ཅེས་པ་ནས་རྒྱུན་དུ་དགོས་པའི་ཡིག་ཆུང་གི་མཐའ་ཅན། གཤིན་རྗེའི་ [032B] བཀའ་བདེན་པར་གྱུར་ཅིག་ཅེས་པ་ནས། གཏོང་བར་ཁས་བླངས་སོའི་མཐའ་ཅན། ཁྲག་མདོག་ཡབ་ཡུམ་གྱི་གདམས་པ་འགོར། བཅོམ་ལྡན་འདས་ཞེས་པ་ནས། དགེ་བས་བསྟན་པ་སྲུང་བར་ཤོག་གི་མཐའ་ ཅན༑ མ་རུ་རྩེ་བཞི་བསྐོར་གྱི་ཕྱི་ནང་གསང་བའི་སྒྲུབ་པ་འགོར། ཁྲག་མདོག་འཇིགས་པའི་ཞེས་པ་ནས། རྒྱ་སྟོན་གྱི་ལག་ཏུ་བླང་བའི་རིམ་པ་རྡོ་རྗེ་དཔལ་ཞེས་པའི་མཐའ་ཅན། དཔེ་རིས་ལེ་ཚན་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད་ ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་རོ་ལངས་མ། ལ་ལཱི་ཏ་བཛྲ། དོན་ཡོད་རྡོ་རྗེ། ཡེ་ཤེས་འབྱུང་གནས་སྦས་པ། པདྨ་བཛྲ། བལ་པོ་བྷ་རོ་ཕྱག་སྡུམ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ། རྭ་འབུམ་སེང། བླ་མ་དབུས་པ་ དབང་ཕྱུག་གྲགས། རྔོག་སྟོན་ཤེས་རབ་དཔལ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཤར་པ་རྒྱལ་མཆན་དཔལ་བཟང། སྒོ་རུམ་པ་དཀོན་མཆོག་རྒྱལ་མཚན། བླ་མ་ཚུལ་རྒྱལ་པ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་སེང་གེ་ དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། མགོན་པོ་བསོད་ནམས་མཆོག་ལྡན། བླ་མ་སྔགས་འཆང་ཚེ་དབང་བཀྲ་ཤིས། མཉམ་མེད་ཨོ་རྒྱན་རྒྱལ་པོ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ ཀུན་མཁྱེན་ཚུལ་ཁྲིམས་བཀྲ་ཤིས། རྗེ་རྣམ་རྒྱལ་བཀྲ་ཤིས། དགེ་སློང་ཀུན་དགའ་མང་ཐོས་རྒྱ་མཚོ། གནས་བརྟན་འཇམ་དབྱངས་གྲགས་པ། ཆ་གན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ཁྲི་ཆེན་སྤྲུལ་སྐུ་འཇམ་དབྱངས་མཚན་ཅན། ཁྲི་ [033A]༄༅། །ཆེན་རྡོ་རྗེ་འཆང་ངག་དབང་མཆོག་ལྡན། རྗེ་བློ་བཟང་སྙན་གྲགས། གྲུབ་དབང་ཀློང་རྡོལ་རིན་པོ་ཆེ་ངག་དབང་བློ་བཟང། བྲག་རི་ཁྱབ་བདག་བདེ་བའི་རྡོ་རྗེ། ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཆོས་འཕེལ། རྫ་ཆོས་རྗེ་ བློ་བཟང་བསྟན་འཛིན་མཐུ་སྟོབས། ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། བཀའ་དྲིན་མཚུངས་མེད་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་ཤག་སྐོར་མཁན་ཆེན་རྗེ་བཙུན་བློ་བཟང་སྨོན་ལམ་དཔལ་བཟང་པོའི་ ཞལ་སྔ་ནས། བདག་ལ་དགྱེས་པ་ཆེན་པོས་སྩལ་བའོ།། །། ༈ །ཐུགས་རྗེ་འགྲོ་ལ་གཟིགས་པ་ལྷུར་མཛད་ཅིང། །མ་རུངས་བདུད་སྡེའི་གཤེད་པོར་གཏུམ་དྲག་སྐུར། །ཡོངས་ བཞེངས་ཁྲོ་བོའི་དབང་པོས་རྟག་ཏུ་སྐྱོངས། །མཐའ་དག་རྒྱུད་དོན་རྒྱ་མཚོ་བསྲུབས་པའི་བཅུད། །དཔལ་ལྡན་གཤིན་རྗེའི་གཤེད་ཀྱི་གདམས་ཟབ་ནི། །དངོས་གྲུབ་འོད་དཀར་འཕྲོ་བའི་རི་བོང་འཛིན། །སྐལ་བཟང་གཙུག་ན་སྦྱིན་མཁས་དེ་ལ་འདུད། ། ཐམྶ་ཅད་མཁྱེན་པ་ཞང་སྟོན་བསོད་ནམས་གྲགས་པའི་སློབ་མ་གངས་རིའི་ཁྲོད་ཀྱི་འབྲི་གུང་དཔལ་འཛིན་ཉི་འོད་བཟང་པོ་རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་གློག་གི་ཕྲེང་བ་ཅན་གྱིས་མཛད་པའི་གཤིན་རྗེའི་གཤེད་ཀྱི་སྐོར་ལ། དཔལ་བོད་དུ་གྲགས་པའི་ ལུང་ལེགས་པར་ཐོབ་པའི་ཆོས་ཆན་ཀ་ཐོ་དང་བརྒྱུད་རིམ་ཆབས་ཅིག་ཏུ་བཀོད་པར། རྟོག་པ་གསུམ་པའི་རྒྱས་འགྲེལ་རིན་ཆེན་སྙེ་མ་ཞེས་བྱ་ [033B] དཔལ་འཛིན་གྱི་ཡི་གེ་ཨྀཐི། ཞེས་པའི་མཐའ་ཅན། པོ་འགོར་སྐྱེ་རྒུའི་རེ་སྐོང་ཞེས་པ་ནས། ཆོས་དཀར་ནམ་མཁའ་རྫོང་དུ་སྦྱར་བའོ་ཞེས་པའི་མཐའ་ཅན། པ་ནས། ཁ་བའི་ཡུལ་གྱི་གངས་ཁྲོད་དུ་སྦྱར་བའོ་ཞེས་པའི་མཐའ་ཅན། །ཞེས་པ་ནས་མ་དང་དཀར་རྡོ་རྗེའི་རྫོང་དུ་སྭ་སྟི་པྲཛ་བྷྱ་ཞེས་པའི་མཐའ་ཅན་ གཟུར་གནས་དོན་གཉེར་བློ་མཚོ་རྒྱས་པར་སྨོན། །ཞེས་པའི་མཐའ་ཅན། བ་ནས། དཔལ་འཛིན་གྱིས་ཁ་བའི་ཡུལ་གྱི་གངས་ཁྲོད་དུ་སྦྱར་བའོ། །ཞེས་པའི་མཐའ་ཅན། ཟླ་བ་དཀར་པོའི་ཚེས་་ལ་ཆོས་དཀར་ནམ་མཁའ་རྫོང་དུ་སྦྱར་བའོ་ཞེས་ བའི་མཐའ་ཅན། དཔལ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས་ཀུན་དགའ་དབང་ཕྱུག་ལ་གདམས་པའོ་ཞེས་པའི་མཐའ་ཅན། [034A]༄༅། །འཚལ་ལོ་ཞེས་པ་ནས། ལྷུན་གྱིས་གྲུབ་པའི་རྫོང་དུ་སྨྲས་པའོ་ཞེས་པའི་མཐའ་ཅན། དཔལ་ལྡན་ མཚུར་ཕུའི་གཙུག་ལག་ཁང་དུ་སྨྲས་ཞེས་པའི་མཐའ་ཅན། མཚུར་ཕུའི་དགོན་པར་བྲིས་ཞེས་པའི་མཐའ་ཅན། འགོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནས། ཞེས་གསུངས་པའི་མན་ངག་གི་ཡི་གེ་བདུད་རྩི་རྒྱ་མཚོ་ཞེས་བྱ་བའི་མཐའ་ཅན། གཙང་རོང་རྨུག་ལྷ་ཤམ་བཧར་གྱི་དགོན་དུ་ཞེས་པའི་མཐའ་ཅན། དཔལ་འཛིན་གྱིས་སྦྱར་བ་འཇིག་རྟེན་ན་ཉི་ཟླ་ལྟར་རྒྱལ་གྱུར་ཅིག་ཅེས་པའི་མཐའ་ཅན། པའི་མཐའ་ཅན། རྣལ་འབྱོར་དཔལ་འཛིན་ཉི་འོད་བཟང་པོས་བྲིས་པའོ་ཞེས་པའི་མཐའ་ཅན། [034B] ཉི་མའི་འོད་ཀྱིས་བྲིས་པ་རྫོགས་སོ་ཞེས་པའི་མཐའ་ཅན། ཉི་མའི་འོད་ཀྱིས་བྲིས་པ་རྫོགས་སོའི་མཐའ་ཅན། །ཝ། པར་ ཞུ་བའི་བསམ་གཏན་གྱི་ཡི་གེ་འགོར་རྣལ་འབྱོར་པ་བུད་མེད་ཡིན་ན། ཞེས་པ་ནས་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ཞེས་པའི་མཐའ་ཅན། ནག་ཕྱོགས་ཀྱི་ཚེས་གཉིས་ལ་གཙང་ རོར་ཞོལ་པའི་མཐའ་ཅན། གཟི་བརྗིད་བཟང་པོས་སྦྱར་བ་ཞེས་པའི་མཐའ་ཅན། འབར་བ་ཡི་ཞེས་པ་ནས། གྲུབ་པའི་སྐྱེས་བུའི་མཐའ་ཅན། བདུད་སྡེ་འཇོམས་པ་དཔལ་འཛིན་གྱིས་སྦྱར་ཞེས་པའི་མཐའ་ཅན། འཁྲུལ་འཁོར་འགོར་ས་གསུམ་རྣམ་པར་འཇོམས་པ་ཞེས་པ་ནས། ནག་པོའི་ཚེས་ལ་དཔལ་ལྡན་མཚུར་ཕུའི་གཙུག་ལག་ཁང་དུ་སྦྱར་བའི་མཐའ་ཅན། ཏྲཻ་ལོཀྱ་བི་ནཱ་ཞེས་པ་ནས། སྤོགས་པའི་ཆོ་ག་དང་བཅས་པ་འདི་སྦྱར་པའི་མཐའ་ཅན། མེ་པོ་བྱི་བའི་ལོ་ཁྲའི་ཟླ་བ་ནག་པོའི་ཚ་གུང་ཞེས་པའི་མཐའ་ཅན། [035A]༄༅། །བསྐྲད་པའི་ཆོ་ག་འགོར་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཞེས་པ་ནས། འབར་བའི་གཟི་བརྗིད་ཀྱིས་བྲིས་པའི་མཐའ་ཅན། པ་ནས། ཤམ་བཧར་དཔལ་གྱི་ཡང་དགོན་དུ་བྲིས་པའི་མཐའ་ཅན། ལྷ་གཉན་གྱི་མགུལ་ཞེས་པའི་མཐའ་ཅན། འཁྲུལ་འཁོར་གྱི་ཆོ་ག་འཇིག་རྟེན་ཕམ་པར་བྱེད་པ་འགོར་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་ཞེས་པ་ནས། བདུད་སྡེ་རབ་ཏུ་འཇོམས་པ་འབར་བའི་མཐའ་ཅན། བོད་ཀྱི་དཔལ་འཛིན་གྱིས་སྦྱར་བའི་མཐའ་ཅན། ཞེས་པ་ནས། ཚེས་ལ་གྲུབ་པའི་མཐའ་ཅན། ཡོས་ལོ་ས་ཟླའི་ཚེས་ལ་སྦྱར་བའི་མཐའ་ཅན། པ་ནས། གནད་ལ་དབབ་པའི་ཆོ་ག་ས་གསུམ་ངེས་པར་འཇོམས་པའི་མཐའ་ཅན། འགོར་རྒྱ་གར་སྐད་དུ་ཀ་ལ་ཨ་ན་ཛྭ་ལ་ཞེས་པ་ནས། ས་གའི་ཟླ་བའི་ཚེས་ལ་གྲུབ་པའི་སྐྱེས་བུ་ཆེན་ [035B] འཁོར་ལོ་བདུན་གྱི་ཡི་གེ་འགོད་ལུགས་འགོར་རྩ་སྔགས་ཀྱི་འཁྲུལ་འཁོར་ནི་ཞེས་པ་ནས་བདུན་ཀའི་སྤེལ་ཚིག་གི་ཕྲེང་དུ་བྲིས་པའི་མཐའ་ཅན། འགོར། ན་མོ་གུ་རུ། རེ་ཁཱ་རིམ་པ་གཉིས་སུ་བསྐོར། ཞེས་པ་ནས། བསོད་ནམས་འགྲོ་ལ་ཉི་མའི་འོད་བཞིན་ཤོག་གི་མཐའ་ཅན། བསྟར་ པ་རིན་པོ་ཆེ་ཉི་ཟླ་ལྟར་གྱུར་ཅིག་གི་མཐའ་ཅན་རྣམས་ཀྱི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། མཛད་པ་པོ་འབྲི་གུང་དཔལ་འཛིན། སྔགས་རིན་ཆེན་རྣམ་རྒྱལ། མུས་ཆེན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ་རྗེ་སངས་རྒྱས་སེང་ གེ། ཐར་རྩེ་ནམ་མཁའ་དཔལ་བཟང། དེ་དབོན་ནམ་མཁའ་སངས་རྒྱས། ཧོར་ནམ་མཁའ་དཔལ་བཟང། ཞྭ་ལུ་ཤེས་རབ་རྒྱལ་མཚན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། གྲུབ་དབང་སངས་རྒྱས་རྒྱ་མཚོ། བྱར་བ་སངས་རྒྱས་དཔལ་བཟང་ རྒྱ་རོང་སངས་རྒྱས་ལྷུན་གྲུབ། མཆོད་དཔོན་དགེ་འདུན་རྒྱ་མཚོ། བླ་མ་ཤེས་རབ་ཆོས་བཟང། མཆོད་དཔོན་ལ་དགེ་བཟང་པོ། རོང་པོ་ཆོས་རྗེ་ངག་དབང་བཟང་པོ། བླ་མ་འཕྲིན་ལས་རྒྱ་མཚོ། ངོར་ངག་དབང་ལེགས་གྲུབ། སྡེ་དགེ་ཀུན་དགའ་ འཇམ་དབྱངས། རྗེ་འཇམ་དབྱངས་ཕྲིན་ལས། ཤག་སྐོར་མཁན་ཆེན་རྗེ་བཙུན་བློ་བཟང་སྨོན་ལམ་དཔལ་བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་སྩལ་བའོ།། །། ༈ [036A]༄༅། །གྱུར་པ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་སྐྱེས་བུ་ཆེན་པོའི་སྒོས་ཀྱི་ཆོས་སྐྱོང་དུ་བསྔགས་པ་དེ་ཉིད་ཀྱི་ཆོས་སྐོར་ལ་སྨིན་བྱེད་དབང་དང། རྒྱབ་རྟེན་ལུང་གི་སྐོར་གཉིས་ལས་དང་པོ་ཟུར་དུ་གསལ་ཞིང། ཕྱི་མ་ལ་བེའུ་ བུམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཤོག་དྲིལ་གྱི་སྐོར་གཉིས་ལས། དང་པོར། རྒྱལ་ཆེན་མིག་མི་བཟང་གིས་མཐར་བྱེད་རྟའི་རྒྱལ་པོ་ལ་ཞུས་པ་རྒྱུད་ལའུ་བརྒྱད་པ། ཐུགས་བསྐྱེད་པའི་ལོ་རྒྱུས་མཻ་ཏྲི་པས་ཁྱུང་པོ་རྣལ་འབྱོར་ལ་ཀོ་ས་ལ་བིཀྵའི་ དུར་ཁྲོད་དུ་གསུངས་པ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་ཤ་བ་རིས་མཛད་པ། ཙ་ལན་ནེ་ཞེས་བསྟོད་པ་རྒྱ་སྐད་མ། བྱིན་གྱིས་བརླབས་པའི་ནག་པོ་ཆེན་པོ་ཕྱག་དྲུག་པའི་སྒྲུབ་ཐབས་མངོན་རྟོགས་རྒྱས་འབྲིང་བསྡུས་པ། སྲོག་སྔགས་དང་ཤ་ ས་ནའི་སྔགས་དོན་བཤད། འགོར་ལེགས་ལྡན་འདི་ཡི་ལུགས་ཅན་གྱི་ལོ་རྒྱུས་ཉུང་ངུ། འགོར་དེ་དེ་ལ་ཅན། གསུང་ངོའི་མཐའ་ཅན། འགོར་དཔལ་ལྡན་མགོན་པོའི་གཏོར་སྒྲུབ་བྱེད་པར་འདོད་པས། སྒྲུབ་ཐབས་སོའི་མཐའ་ཅན། འགོར་གཏོར་ ཆེན་བྱེད་པར་འདོད་པས་ནས། གདམས་པ་ཡིན་ནོའི་མཐའ་ཅན། འགོར་ཡེ་ཤེས་མགོན་པོ་འདི་ཉིད་ཉམས་སུ་ལེན་པ་ནས། ལས་ལ་སྦྱོར་བ་ལགས་སོའི་མཐའ་ཅན། འགོར་སངས་རྒྱས་གཉན་སྟོན་ལ་སོགས་པའི་ནས། གཏང་རག་གི་ཚུལ་དུ་ འབུལ་ལོའི་མཐའ་ཅན། མགོན་པོས་སློབ་མ་རྗེས་སུ་བཟུང་བ་གཞན་ཕན་གྱི་བློ་ཁོ་ནས་ནས། ཡི་གེར་བཀོད་པ་སྦྱོར་དངོས་རྗེས་གསུམ་མ། འགོར་གཏོར་མ་མགོན་པོ་ལ་ཕུལ་ཟིན་པའི་རྗེས་ལ་ནས། བླ་སློབ་གཉིས་ཀས་བསྒོམ་པར་བྱའོའི་མཐའ་ [036B] མདུན་དུ་མགོན་པོ་བསྐྱེད་ནས་རང་ལ་དབང་བླང་པའི་གནད། མགོན་པས་སངས་རྒྱས་གཉན་སྟོན་ལ་དངོས་སུ་གསུངས་པ། འགོར་སློབ་མའི་སྙིང་གར་ཆོས་ཀྱི་འཁོར་ལོ་ནས། སྙིང་ཞུགས་རྗེས་གནང་ཟུར་འདེབས་མཐའ་ཅན། ཕྱག་མཚན་རྗེས་གནང་ གི་ཚིགས་བཅད། འགོར་གྲིབ་ཕོག་དམ་ཚིག་འགལ་གྱུར་ན་ཅན་གྱི་གྲིབ་སེལ། དེའི་དབང་བཀའི་ཐོབ་ཡིག་བླ་མགོན་དབྱེར་མེད་སྒྲུབ་ཐབས་ཤ་བ་རི་ལ་ལན་གསུམ་གསུངས་པ་བཀའ་རྒྱ་མ། དེའི་བྱིན་རླབས་ཀྱི་ཆོ་ག་ནས། སློབ་མ་རྗེས་བཟུང་རྫོགས་སོའི་ མཐའ་ཅན། མགོན་པོ་མཆིན་ཁའི་རྗེས་གནང། ལོ་ཙཱ་བ་ཚུལ་ཁྲིམས་མགོན་གྱིས་བཀོད་པ། མངོན་པོ་མཆིན་ཁའི་སྒྲུབ་པ་མཁའ་འགྲོ་དབང་སྡུད་ཀྱི་ཞལ་གདམས། དེའི་འཁོར་གྱི་མངོན་རྟོགས། གསོལ་བ་གདབ་བོའི་མཐའ་ཅན། ས་ར་ཧའི་ལུགས་ མགོན་པོ་ཞལ་གཅིག་ཕྱག་དྲུག་པའི་དབང་ཆོག་རྨོག་ལྕོག་པ་ལ་གཏད་པའི་ཆིག་བརྒྱུད། དེའི་གསང་སྒྲུབ་ཤ་བ་རིས་མཛད་པ་རྫོགས་སོའི་མཐའ་ཅན། མགོན་པོ་གསང་བའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ། རཱ་ཧུ་ལས་རྡོ་རྗེ་འཆང་ལས་དངོས་སུ་གསན་ནས་ གྲུབ་པ་བརྙེས་པ། དེའི་དབང་ཆོག་འགོར་ནག་པོ་ཆེན་པོའི་དབང་གི་ཆོ་ག་ཅན། བཀའ་རྒྱ་མ། འགོར་འདིའི་བྱིན་རླབས་བྱེད་པར་འདོད་པས་ཅན། རིན་ཆེན་བརྩོན་འགྲུས་ལ་གདམས་པ། མགོན་པོ་དབང་རྒྱལ་གྱི་སྒྲུབ་ཐབས་མཻ་ཏྲི་པ་ལ་ཁྱུང་པོས་ཞུས་ པ༑ དེའི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུ་པ། ཚེ་བདག་མཁའ་འགྲོ་བཞི་བསྐོར་ཡུམ་བཅས་སྒྲུབ་ཐབས། དེའི་སྒོ་ནས་ཚེ་དབང་ཆིག་བརྒྱུད་བཀའ་རྒྱ་མ། ནག་པོ་ཆེན་པོ་ཞལ་གསུམ་ཕྱག་དྲུག་ཁྲག་འཐུང་གི་སྒྲུབ་ཐབས། ལོ་ཙཱ་བ་ཁྱུང་པོས་ [037A]༄༅། །བསྒྱུར་བ། དེའི་སྒྲུབ་ཐབས་དང་རྗེས་གནང། སྔགས་གསུམ་ཀའི་རྗེས་ཟློས་བྱའོའི་མཐའ་ཅན། ལྷ་བཞི་དྲིལ་སྒྲུབ་ཀྱི་རིམ་པ་རྗེ་བཙུན་མཁའ་སྤྱོད་མའི་སྒྲུབ་ཐབས་རྫོགས་སོའི་མཐའ་ཅན། འགོར་རྡོ་རྗེ་ཕག་མོའི་བྱིན་རླབས་ ཅན་ལ་ཨ་ཐ་ཡ་བཛྲས་མཛད་པ། ལྷ་བཞིའི་ཞལ་གདམས་གྲུབ་པའི་མཐའ་ཅན། དེའི་སྒོ་ནས་དབང་བསྐུར་རང་ལ་དབང་བསྐུར་བ་ལྟར་བྱའོའི་མཐའ་ཅན། ལྷ་བཞི་དྲིལ་སྒྲུབ་ཀྱི་ཏིང་ངེ་འཛིན་གྱི་དབང་རྒྱུན་དུ་བླང་བ། ལྷ་བཞི་དང་བླ་མ་སྟེ་ལྔའི་ བསྟོད་པ་ཆོས་དབྱིངས་མ། མགོན་པོ་ཡིད་བཞིན་ནོར་བུའི་རྗེས་གནང། སྨོན་ལམ་སོགས་བྱའོའི་མཐའ་ཅན། སྒྲུབ་ཐབས་དགོས་འབྱུང་གི་གདམས་ངག་དབང་གི་རྒྱལ་པོ་ལོ་རྒྱུས་སྦྱོར་བ་དངོས་གཞི་རྗེས་བཞི་ས་བསྟན་པ། ཞི་བ་ནོར་སྒྲུབ་གདམས་ ཕ་ཕྱི་མའི་གནམ་སྟོང་གི་བར་དུ་བྱའོའི་མཐའ་ཅན། མགོན་པོ་གཟི་ལྡན་སྒྲུབ་ཐབས་དཔེ་སུ་ལའང་མི་སྟོན་མཐའ་ཅན། དབང་སྡུད་འཁོར་ལོའི་བྲི་ཡིག་གཏོར་མའི་མན་ངག་སྦྱིན་སྲེག་བུམ་པ་བཅའ་ཐབས་གཞན་ལ་མི་སྟོན་པའི་མཐའ་ཅན་ མགོན་པོ་དབང་རྒྱལ་གྱི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྡུ་བ། ཐོབ་པར་ཤོག་གི་མཐའ་ཅན། བསྟོད་པ་རྒྱལ་ཀུན་མ། མཁས་གྲུབ་རྗེས་ཕྱག་དྲུག་པའི་ཆོས་སྐོར་དག་ཐེར་མཛད་པ། བྱིན་གྱིས་བརླབ་ཏུ་གསོལ་གྱི་མཐའ་ཅན། དེས་ མཛད་པའི་ལོ་རྒྱུས་དོགས་སེལ་རྒྱས་པ་ལས་གསུམ་རྣམ་གཞག་གསལ་བར་ཕྱེ་བ། དེས་མཛད་པ་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་རྒྱས་པ་མ་སྦས་པ་ཐམས་ཅད་ཚང་བ། དེས་མཛད་པའི་གཏོར་ཆོག་བསྐང་བ་དང་བཅས་པ། རྟེན་གཞི་གནད་གསུམ་ [037B] སྔོས་སྦྱོར་བསྡུས་པ་དྲིལ་དབུལ་བར་བྱའོའི་མཐའ་ཅན། སྤོས་སྦྱོར་རྒྱས་པ་བྱིན་གྱིས་བརླབས་པའི་མན་ངག་མང་བར་ཡོད་དོའི་མཐའ་ཅན། མངོན་ཐོད་དང་མོན་ཐོད་ལ་བརྟེན་པའི་མནན་གཏད་ཀ་མ་ལར་ག་ཏའི་མན་ངག་ཕྱི་དར་ ནག་ནང་ནལ་བུའི་རྒྱལ་མཚན། གསང་བ་ནལ་བུའི་སྙིང་ལ་བརྟེན་ནས་ལྷ་མོའི་རྟེན་བཅའ། གཉན་སྟོན་གྱིས་སངས་རྒྱས་སྟོན་པ་ལ་གནང་བའི་ཞལ་གདམས་ཆིག་བརྒྱུད། བུ་དང་ཤམ་འདོན་ཐབས། ལྷ་མོ་ཕྱག་བཞི་མའི་བསྙེན་སྒྲུབ་ལས་སྦྱོར་རྟེན་བཅའ་ བཅས་ས་མ་ཡ་གུ་ཧྱའི་མཐའ་ཅན། མཻ་ཏྲི་པའི་ལུགས་ལྷ་མོ་ཕྱག་གཉིས་སྲོག་སྒྲུབ་ཆུང་བ། ཡང་རྒྱས་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། སློབ་དཔོན་དྷ་ན་སཾ་ཀྲྀ་ཏས་གནོད་སྦྱིན་བཞི་དམ་ལ་བཏགས་ནས་མགོན་པོ་དང་སྦྲགས་སྒྲུབ་དུག་ལྟ་བུའི་ མན་ངག་ཏྲག་ཤད་ལ་བརྟེན་པའི་ངན་སྔགས་ཚིག་སྒྲུབ་མེད་དཔལ། སྦྱིན་སྲེག་གསལ་བ་གསུམ་ལྡན། སྤྱིན་འདྲེན་བཞེངས་ཤིག་མ། གཏོར་བསྔོ་མ་གཡེལ་མ། གཏོར་རྫོངས་གཙང་སྦྱར་མ། བསྟོད་པ་རྔམས་པ་སྒྲ་སྒྲོགས། མཁའ་ལྡིང་རྒྱལ་པོ་གསར་མིག་ གིས་ལྷ་མོ་ལ་བསྟོད་པ་དཔག་དཀའ་མ། ལྷ་མོའི་བསྟོད་པ་བསྐལ་མེ་མ། དཀའ་བ་དང་བླངས་མ། སྟེང་གི་ཚངས་པ་མ། མགོན་པོའི་བསྟོད་པ་གང་ཐུགས་མ། ལྷ་མོའི་བསྟོད་པ་དཔལ་ལྡན་མ་མོ་མ། ཁྱུང་པོས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མ་ བཅས། གཉིས་པ་ཐུན་མོང་མ་ཡིན་པ་ཤོག་དྲིལ་གྱི་སྐོར་ལ། ཤོག་དྲིལ་དང་པོར། སྲུང་འཁོར་བྲི་ཐབས་རྡོ་རྗེའི་གོ་ཆ། ཕྱི་རྟེན་ལུག་སོགས་སྲོག་ཆགས། ནང་རྟེན་མདའ། གསང་རྟེན་གྲི་སྙིང། དེ་ཁོ་ན་ཉིད་དེ་རྟེན་བཞི། དཔྲལ་བའི་སིནྡྷུ་ར་ལ་བརྟེན་ [038A]༄༅། །ནས་མཁའ་འགྲོ་དབང་དུ་སྡུད་པ། སྤྱི་བོའི་མི་བསྐྱོད་པ་ལ་བརྟེན་ནས་རྒྱུད་འཇམ་དུ་གཏོང་བ། གཤིན་རྗེ་གཤེད་ལ་བརྟེན་ནས་ནུས་པ་བསྐྱེད་པ་བཅས་ཤངས་སྟོན་གྱིས་ཡི་གེར་བཀོད་པ། གནས་ཁང་བསིལ་བ་ཚལ་ལྟར་ བྱ་བའི་མན་ངག་མགོན་པོའི་ཕྱར་དར་བྲི་ཐབས། ་ཤོག་དྲིལ་གཉིས་པ། མགོན་པོ་ཞལ་གསུམ་ཕྱག་དྲུག་ལ་བརྟེན་པའི་བསྲུང་བ། བཟློག་པ་སྟོབས་ཆེན་ཤུགས་བཟློག་བསད་པ་གནམ་ལྕགས་དུག་མདའ། ཡང་བཟློག་བསྲུང་བ་སྟོབས་བསྐྱེད་ སླར་བཟློག་ཉམས་པ་ཀུན་གསོ་སྟེ་སྙན་བརྒྱུད་བླ་མའི་ཞལ་ཤེས་ལྔ། ཡང་བཟློག་གི་ཞལ་ཤེས་ཡིག་ཆུང་བཅས། ཤོག་དྲིལ་གསུམ་པར། མགོན་པོའི་སྦྱིན་སྲེག་གི་ཆོ་ག་འབྲུབ་ཁུང་ལིངྒ་འཁོར་ལོ་སོགས་བསྟན་པ་ལས་ཀྱི་འཁོར་ལོ། དྲག་ པོའི་སེར་བ་འབེབས་པ། ཤོག་དྲིལ་བཞི་པར། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པའི་གནད་ལྔས་ཆོས་སྐྱོང་བྲན་དུ་བཀོལ་བའི་མན་ངག་མནན་པ་འདོན་པ། བཅིངས་པ་འགྲོལ་བ། བསྡམས་པ་བཅད་པ། ངག་ལ་དབང་བསྐུར་བ། སྔགས་ ཀྱི་མཐུ་བསྐྱེད་པ། བཟླས་པའི་དཔལ་གསོ་བ། སོ་ལ་ངར་བླུད་པ། མཆུ་ལ་དུག་བསྐུ་བ། ལྕེ་ལ་སྤུ་གྲི་འདོགས་པ་སྟེ་གདམས་པ་གནད་དགུ་མ། སྲིའུ་བསྲུང་བའི་གདམས་པ། གུ་གུལ་གྱི་བསྙེན་པས་བགེགས་བསྐྲོད་པ། ཡུངས་ཀར་གྱིས་བགེགས་ ཚར་གཅོད་པ། ལམ་སྲུང་གནོད་བྱེད་བསྲེག་པར་བསམ་པའི་མཐའ་ཅན། བལ་ནག་སྲུང་སྐུད། ངག་གནོན་སེལ་བའི་གདམས་པ། མཚོན་སྲུང་མི་ཚུགས་སོའི་མཐའ་ཅན། ཤྭ་བཟློག་འཕྲལ་དུ་བཟློག་པར་འགྱུར་རོའི་མཐའ་ཅན། ཐོ་ཕུར་ལས་སེར་ [038B] རྨི་ལམ་ངན་པ་བཟློག་ཐབས་གཏོར་ཆུང་བཤམ་པར་བྱའོའི་མཐའ་ཅན། དེའི་ཞལ་ཤེས་མཁས་གྲུབ་གསུང་རྒྱུན་རྣམས་སོ། །ཤོག་དྲིལ་ལྔ་པ། མགོན་པོ་རྒྱན་ཅན་ལ་བརྟེན་པའི་རླུང་སྒྲུབ་ཤིན་ཏུ་ཟབ་པ། དགྲ་བོ་ཚར་གཅོད་པའི་རླུང་ སྒྲུབ་སྐེ་རགས་ཐེམ་ཁུག་མ། རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་པའི་མགོན་པོའི་རླུང་སྒྲུབ་ལོ་ཏོག་འཇོམས་ཤིང་ཐོག་དབབ་པ། མིའི་རླིད་བུ་ལ་བརྟེན་ནས་སྦོས་ཏེ་བསད་པ། འཁོར་གྱི་རླུང་སྒྲུབ་ལ་མི་དབང་སྙིང་ཤུན་ལས་ལྷ་མོའི་རླུང་སྒྲུབ་ དོམ་གྱི་ཆུ་འཛིན་ལ་བརྟེན་ནས་ཀྵི་ཏྲ་པཱ་ལའི་རླུང་སྒྲུབ། ལུག་ནག་གཅན་གཟན་གྱིས་བསད་པའི་རྒྱུ་མ་ལ་ཛིན་མི་ཏྲའི་རླུང་སྒྲུབ། ལྟེ་ཁུང་ནག་པོ་དང་ཟངས་ཁབ་ལས་ཊཀྐི་རཱ་ཛའི་རླུང་སྒྲུབ། ནག་པོ་རྟའི་ཆུ་འཛིན་ལ་བརྟེན་ནས་ ཏྲཀ་ཤད་ཀྱི་རླུང་སྒྲུབ་བཅས་མང་པོར་བསྟན་ན་སྙིང་ཁྲག་འཐུངས་ཤིག་པའི་བཀའ་རྒྱ་ཅན། གཙོ་འཁོར་ཡོངས་རྫོགས་ཀྱི་རླུང་སྒྲུབ་ཀྱི་སྔགས་གབ་སྦས་ཕྱོགས་སྒྲིགས། ཤོག་དྲིལ་དྲུག་པ། གྲིབ་སེལ་གནད་དབབ་ཆིག་བརྒྱུད་མ་ གནད་ཡིག་ཡིད་བཞིན་ནོར་བུ། རྟ་མགྲིན་ལ་བརྟེན་པའི་བསྲུང་བ་ཞལ་ཤེས། བགེགས་ཀྱི་རྒྱལ་པོ་ལ་བརྟེན་པའི་པྲ་འབེབ། ཤོག་དྲིལ་བདུན་པར། ལྷ་མོའི་ཕྱག་གཡོན་བའི་ཐོད་པ་ལ་བརྟེན་པའི་དགྲ་བོ་ཕུང་དུ་གཞུག་པ། ཀྵེ་ཏྲ་པཱ་ ལའི་གྲི་གུག་ལ་བརྟེན་ནས་དགྲ་སྲོག་ཕྲལ་བ། ཛིན་མི་ཏྲའི་ཌཱམ་རུ་ལས་སྨྱོ་རུ་འཇུག་པ། ཊཀྐི་རཱ་ཛའི་རྒྱུ་ཞགས་ལས་ལྐུགས་པར་བྱེད་པ། ཏཀྶ་དཀྱི་བདན་གྱིས་བསྐྲད་པ་སྟེ་བཀའ་སྡོད་ཀྱི་ཕྱག་མཚན་ལས་སྦྱོར་རོ། །ཤོག་དྲིལ་ [039A]༄༅། །བརྒྱད་པར། བྱིན་རླབས་ནག་པོ་ཆེན་པོའི་གནོད་སྦྱིན་བཞི་གནད་ནས་བསྐུལ་བ། མཁའ་འགྲོ་དབང་དུ་སྡུད་ཅིང་གནོད་སྦྱིན་གནད་ནས་བསྐུལ་བ། གནད་འབེབས་ཡིད་བཞིན་ནོར་བུ། ཤོག་དྲིལ་དགུ་པར་ ཀྵེ་ཏྲ་པཱ་ལའི་གདམས་པ་ཀྵེ་ཏྲ་པཱ་ལ་སྤྲེལ་ཁྲིད་མ། རུས་སྦལ་ལྟོ་བའི་ཙ་ཀྲ། གྲོང་ཁྱེར་དཀྲུགས་པ། ལུས་ངག་ཡིད་གསུམ་དབབ་པ་རྣམས་ཀྱི་ཞལ་ཤེས་བེའུ་བུམ་ནག་པོའི་སྙིང་པོ། ཆགས་པ་རྣམས་གསུམ་གྱི་མན་ངག་རྟགས་ཀྱི་རིམ་པ་ ཤོག་དྲིལ་ནག་པོའི་མན་ངག་རྫོགས་སོའི་མཐའ་ཅན། ཤ་བ་རིའི་མན་ངག་འཁོར་ལོའི་ལས་སྦྱོར། ཤངས་ཁྲག་གི་ཤོག་དྲིལ་དང་པོ། ལྷ་མོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་གཉིས་པ། ཀྵེ་ཏྲ་པཱ་ལའི་འཁོར་ལོའི་ལས་སྦྱོར་སྙིང་ ཁྲག་གི་ཤོག་དྲིལ་གསུམ་པ། ཛིན་མི་ཏྲའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་བཞི་པ། ཊཀྐི་རཱ་ཛའ་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་ལྔ་པ། ཏྲཀཤད་ཀྱི་འཁོར་ལོའི་ལས་སྦྱོར་སྙིང་ཁྲག་ཤོག་དྲིལ་དྲུག་པ། གཅེས་པའི་མན་ངག་བཅུ་ གཉིས། ཐོག་སེར་དང་བཅུ་གསུམ་བཅས། ཤོག་དྲིལ་བཅུ་པར། མགོན་པོ་ཡབ་ཡུམ་གྱི་སྲོག་འཁོར་གཞན་ལ་མེད་པའི་ཁྱད་ཆོས། ཀྵེ་ཏྲ་པཱ་ཡའི་རླུང་སྒྲུབ་བཟློག་མེད་ཧ་ལ་ཁོང་སོང། ཀྵེ་ཏྲ་པཱ་ལའི་གཏོར་མའི་ལས་སྦྱོར་མགོན་པོ་ ཞིང་སྐྱོང་དུ་སྒྲུབ་པའི་མན་ངག་ཤོག་དྲིལ་བཅུ་གཅིག་པར། ཤོག་དྲིལ་རྣམས་ཀྱི་མན་ངག་གབ་སྦས་དཀྲུགས་པ་རྣམས་གསལ་བྱེད། འདིའི་མཇུག་ཏུ་བེ་བུམ་ནག་པོའི་ཤོག་དྲིལ་གཉིས། ཤོག་དྲིལ་བཅུ་གཉིས་པར། ཤོག་དྲིལ་དམར་ [039B] རིག་གཏད་ཞལ་ཤེས། ནང་རྟེན་དང། གསང་རྟེན། དེ་ཁོ་ན་ཉིད་ཀྱི་རྟེན། ཁྱད་པར་གྱི་རྟེན་བརྡབ་དར་རྣམས་ཀྱི་ཞལ་ཤེས། ཤོག་དྲིལ་བཅུ་གསུམ་པར། མགོན་པོའི་རབ་གནས་བསམ་འཕེལ་ཡིད་བཞིན་ནོར་བུ་གཉན་སྟོན་གྱིས་ བཀོད་པ། དེའི་སྦོན་དུ་གལ་ཆེ་བ་མེ་ཏོག་གི་ཞལ་ཤེས། རབ་ཏུ་གནས་ཡུལ་གྱི་ཁྱད་པར་དང། དུས་དང་ཡེ་ཤེས་པ་དངོས་སུ་གཞུག་པ། རབ་གནས་ཀྱི་སྔོན་དུ་གནོད་སྦྱིན་ཕོ་དགུ་མོ་དགུ་རྣམས་ཀྱི་ཞལ་གདམས་རྣམས་དང། དཔེ་ སྟང་བཅུ་མ་ རིས་ སྐོར་ལ། རྡོ་རྗེ་འཆང་སྔགས་རམས་པའི་ལུགས་ཀྱི་གཏོར་ཆེན་གྱི་འཁོར་ལོ། ཆོས་རྗེ་བཙུན་ས་ལུགས་ཀྱི་གཏོར་ཆེན་གྱི་འཁོར་ལོ། གྲོང་ཁྱེར་དཀྲུག་པའི་འཁོར་ལོ། འཕྱར་དར་རམ་མགོན་པོ་རླུང་སྒྲུབ་འཁོར་ལོ། ལྷ་མོ། ཀྵེ་ཏྲ་པཱ་ལ། ཛི་ན་མི་ཏྲ་ ཊཀྐི་རཱ་ཛ། ཏྲཀཤད་བཅས་ཀྱི་འཁོར་ལོ་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང། ཡེ་ཤེས་ཀྱི་མཁའ་འགྲོ་མ། དཔལ་ཤ་བ་རི། རྗེ་བཙུན་མཻ་ཏྲི་པ། གྲུབ་ཆེན་རཱ་ཧུ་ལ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་པ། རྨོག་ལྕོག་ པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ་གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ ནམ་མཁའི་རྣལ་འབྱོར་པ། རྒྱལ་བ་ཙོང་ཁ་པ་ཆེན་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང། གྲུབ་ཆེན་བཟང་པོ་རྒྱལ་མཆན། ཡབ་རྗེ་ཀུན་དགའ་རྒྱལ་མཚན། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། དགེ་འཕེལ་ཐུབ་བསྟན་རྣམ་ [040A]༄༅། །རྒྱལ༑ རྗེ་ཕྱོགས་ལས་རྣམ་རྒྱལ། སྔགས་རམ་དགེ་འདུན་བཀྲ་ཤིས། རྒྱལ་བ་བསོད་ནམས་རྒྱ་མཚོ། རྗེ་ནམ་མཁའ་རྒྱལ་མཚན། སྤོ་བོ་བླ་མ་རིན་ཆེན་བཟང་པོ། ཉང་པོ་སངས་རྒྱས་བསམ་འགྲུབ། ཆོས་ རྗེ་དར་པ་དཔལ་འབྱོར་དར་རྒྱས། ཆོས་རྒྱལ་ངག་དབང་འཕྲིན་ལས་ལྷུན་གྲུབ། བདེ་མཆོག་སློབ་དཔོན་གྲགས་པ་རྒྱ་མཚོ། མངའ་རིས་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན། ཁྲི་ཆེན་ངག་དབང་མཆོག་ལྡན། རྒྱལ་མཆོག་ བསྐལ་བཟང་རྒྱ་མཚོ། བྲག་རི་རྒྱ་མཚོ་མཐའ་ཡས། ཁྲི་ཆེན་བསྟན་པ་རབ་རྒྱས། གྲུབ་དབང་བསོད་ནམས་དོན་གྲུབ། བློ་བཟང་བསྟན་འཛིན་མཐུ་སྟོབས། བདེ་ཆེན་མཉམ་ཉིད་རྡོ་རྗེ། སྐྱབས་མགོན་བྲག་རི་རྡོ་རྗེ་འཆང། མཆོག་སྤྲུལ་རིན་ པོ་ཆེ་བློ་བཟང་ཆོས་གྲགས་རྒྱ་མཚོ། མཚུངས་མེད་གང་རྒྱ་རིན་པོ་ཆེ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ་ནས། བདག་ལའོ།། །། ༈ འཁོར་ལོ་སྡོམ་ པའི་བཤད་རྒྱུད་སོགས་ལས་གསལ་བར་བསྟན་པའི་སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པའམ་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པའི་སྨིན་བྱེད་དབང་དང། རྒྱབ་རྟེན་མན་ངག་ལུང་དང་བཅས་པ་ལས། དབང་པོ་ཟུར་དུ་གསལ་ཞིང་ ཕྱི་མ་བེའུ་བུམ་གྱི་ལུང་ནོས་པ་ལ། དཀར་ཆག་གིས་ཟིན་པའི་སྐོར་དང། མ་ཟིན་པའི་སྐོར་ཏེ་གཉིས་ལས། དང་པོ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གདོང་བཞི་པའི་ཆོས་སྐོར་གྱི་དཀར་ཆག་ [040B] དེ་ལས་གསུངས་པའི་ཆོས་སྡེའི་རྩམ་གྲངས་པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་བ། ཤྲཱི་པཎྜི་ཏ་ཏ་ཐག་ཏར་རཀྵི་ཏ་ནས་བརྒྱུད་པ། ཁས་རྷཱ་ཎེའི་རེ་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལེ་ཆེན་མོ་ ནས་བརྒྱུད་པ་དང་གསུམ། དང་པོ་ལ། འགོར་སྐད་གཉིས་ཤན་སྦྱར་དང་དཔལ་མགོན་པོ་ནག་པོ་ལ་ཕྱག་འཆལ་ལོ། །འཇིགས་བའི་ཚོགས་རྣམས་འཇིགས་བྱེད་པའི། །ནག་པོ་དེ་ལ་ཕྱག་འཚལ་ནས། །ཞེས་ཡོད་པའི་མགོན་པོ་གདོང་བརྙན་ཅན་ནམ་ ལས་སྦྱོར་གྱི་མགོན་པོར་གྲགས་པ་གླང་གདོང་ཕྱག་དྲུག་པའི་སྒྲུབ་ཐབས་ཀྱི་རྩ་བའི་རྒྱ་གཞུང་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་ལོ་ཙཱ་གཉན་དར་མ་གྲགས་ཀྱིས་བསྒྱུར་བ། རྒྱ་གཞུང་གི་འགྲེལ་བ་དྲི་མེད་དོན་ གསལ་དགེ་བཤེས་དགེ་བ་རྒྱལ་མཚན་གྱིས་བསྐུལ་ནས་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་ཉད་བྲག་དགའ་ལྡན་དགོན་དུ་མཛད་པ། འགོར་ཏཱ་ར་ན་མོ། དཔལ་གདོང་བཞི་པའི་མངོན་རྟོགས་ཀྱི་མན་ངག་པཎྜི་ཏ་འབུམ་ཕྲག་གསུམ་ པའི་ཞལ་གདམས་མཐའ་ཐུག་པ་ནི་ཞེས་ཡོད་པའི་གཙོ་འཁོར་ལྔའི་མངོན་རྟོགས་ཆུང་ངུ་བླ་མ་གོང་མས་མཛད་པ་དེར་རྟོགས་པར་བྱའོའི་མཐའ་ཅན། གོང་དཀར་བའི་གླེགས་བམ་ན་དོན་གཅིག་ལ་ཚིག་འདྲ་མིན་རྒྱས་བསྡུས་ཅུང་ཟད་ཡོད་བ་ཞིག་འདུག་ །འགོར་ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རང་སྐད་ཅིག་གིས་ཧཱུཾ་མཐིང་ནག་ཏུ་གྱུར་པ་ལས་འོད་ཟེར་འཕྲོས་ཞེས་ཡོད་པའི་གཏོར་ཆོག་གི་ཡི་གེ་གོང་མས་མཛད་པ་དེ་ཝཱི་སིདྡྷི་ཞེས་ཉར་གཅིག་གམ་གསུམ་ལ་སོགས་པས་དབུལ་ལོའི་མཐའ་ཅན་ [041A]༄༅། །འགོར་ཚངས་པ་སེར་མོ་ངང་པ་ཞོན་ཞེས་ཡོད་པའི་འཁོར་མང་གི་མངོན་རྟོགས་ཚིགས་བཅད་མ་གོང་མས་མཛད་པ་བཀའ་ཉན་གསུང་གཏོད་ལས་བྱེད་ཚུལ་དུ་བསམ་གྱི་མཐའ་ཅན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཞལ་བཀོད་ གནང་ནས་སྨན་ཐང་བློ་བཟང་པས་བྲིས་པའི་འཁོར་མང་གི་ཞལ་ཐང་དེ་ཡང་གཞི་འདི་ལ་བརྟེན་ནས་རྒྱས་སུ་བཏང་བར་མངོན། ལས་སྦྱོར་གྱི་གསལ་བྱེད་ལས་ཀྱི་ཤམ་བུ་བརྒྱད་པ་ཞེས་པ་གསད་པའི་ལས། མཛེ་གཏོང་བ། རབས་གཅོད་པ། ཞིང་ལ་ལོ་མི་སྐྱེ་བ། རིམས་ནད་ གཏོང་བ། གྲོང་ཁྱེར་དཀྲུག་པ། གྲོང་བཤིག་པ། བསྐྲད་པ། སྨྱོ་བར་བྱེད་པ། འདི་གཉིས་རྟག་པ་འདྲ་ཞིག་འདུག་ཀྱང་གོང་ཁོངས་སུ་བསྡུས་ས་སྙམ། དབང་དུ་བྱེད་པ་རྣམས་གཉན་ལོས་མཛད་པ། འདི་ཡན་གྱི་གླང་གདོང་མའི་སྐོར་རྫོགས་ནས་ཞར་བྱུང་འགོར་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་ རྒྱས་བསྟན་པ་བསྲུང་བའི་ཕྱིར། །དཔལ་ལྡན་མགོན་པོ་ཞལ་བཞི་པའི། །གསེར་གྱི་སྤུ་གྲིའི་ལག་ལེན་འདྲི། །ཞེས་ཡོད་པའི་དཔལ་མགོན་ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་ སྒྲུབ་ཐབས་ལག་ལེན་གཞུང་ནས་དྲིལ་ནས་བཏུས། །སྔགས་འཆང་བསྟན་པ་བསྲུང་བར་ཤོག་གི་མཐའ་ཅན་རྣམས། གཉིས་པ་ཤྲཱི་པཎྜི་ཏ་ཏ་ཐཱ་ག་ཏ་རཀྵྲི་ཏ་ནས་བརྒྱུད་པ་ལ། འགོར་རྒྱ་སྐད་དང། ཞལ་བཞི་པའི་དམ་ཚིག་གི་དངོས་གྲུབ་སྒྲུབ་ཅེས་ ཡོད་པའི་རྩ་བའི་སྒྲུབ་ཐབས་ རྔོད་པོད་ནའང་ཡོད། ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྒྱ་གཞུང་རྩོམ་པ་པོ་རང་ཉིད་དང་གཉན་ལོ་ཙཱ་པ་དར་མ་གྲགས་ཀྱིས་བསྒྱུར་བ། འདི་ལ་བདག་མདུན་མགོན་པོ་ཞལ་ཁྲ་ཅན་ནས། སྒྲུབ་དུས་ཀྱི་མགོན་པོར་གྲགས་ཤིང་དེང་སང་ཡོངས་གྲགས་སྒྲུབ་དུས་ཀྱི་ [041B] གཞུང་ཆུང་འདི་ལ་འཕྲིན་ལས་རྣམ་བཞི་བྱེ་བྲག་ཏུ་སྒྲུབ་ཚུལ་གྱི་གནད་འགག་ཀྱང་ཟུར་ཙམ་བསྟན་ འདུག་ཅིང། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་གསང་སྒྲུབ་གསལ་བྱེད་སྙིང་ཐིག་གི་སྐབས་རྒྱ་གཞུང་ལས་བཤད་ཚུལ་གྱི་རྩ་བའང་གཞུང་འདི་ལ་བརྟེན་པ་ཡིན་ནོ། །འགོར་རྒྱ་གར་གྱི་ཡུལ་དུ་བོ་གངྒཱ་དང་ཉི་མ་ཕྱེད་དང་གཉིས་ཙམ་ཡོད་ པའི་གྲོང་ཆུང་དུའི་འགྲམ་ཞིག་ན་ཞེས་ཡོད་པའི་གཉན་ལོས་མཛད་པའི་པཎྜི་ཏ་མཇལ་ཚུལ་གྱི་ལོ་རྒྱུས་ཉུང་དུ་དང་སྦྲེལ་བའི་སྒྲུབ་ཐབས་ཀྱི་རིམ་པ་ རྫོང་པོད་ནའང་ཡོད། བསྙེན་པ་དང་ལས་སྦྱོར་སྟོན་པ་ཟླ་བ་གཅིག་གིས་ལས་རྣམས་གྲུབ་བོ། །ཏ་ཐཱ་ག་ ཏཱ་ར་ཐེ་ཏས་གཉན་ལའོའི་མཐའ་ཅན་རྣམས། ཕལ་ཆེར་སྙན་བརྒྱུད་ཀྱི་ཞལ་ཤེས་ལ་རག་ལས་ཞེས་དཀར་ཆག་ན་སྣང་བས་ཡི་གེ་འདི་ལས་མང་བ་ཞིག་ཐོག་མ་ནས་མེད་ཚོད་དུ་འདུག་ །གསུམ་པ་ཁ་སརྤཱ་ཎིའི་རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོ་ནས་བརྒྱུད་པ་ལ། ཟབ་ཅིང་རྒྱ་ ཆེ་བ་ཕྱིའི་སྒྲུབ་སྐོར། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་དང་གསུམ། དང་པོ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས་ཀྱི་ཡི་གེ། ནུས་ལྡན་དུ་བྱ་བ་ རྗེས་གནང་གི་ཡི་གེ། རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ། །གསལ་བྱེད་དུ་གྱུར་པ་ལྟན་ཐབས་སམ་ཡན་ལག་གི་ཡི་གེ། འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ་བསྟོད་བསྐུལ་གྱི་ཡི་གེ་དང་ལྔ། དང་པོ་ [042A]༄༅། །ལ༑ འགོར་ན་མོ་གུ་རུ་མན་ངག་འདིའི་བརྒྱུད་པའི་ལོ་རྒྱུས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཞེས་ཡོད་པའི་ལོ་རྒྱུས་ཀྱི་ཡི་གེ་ས་ཆེན་གྱིས་མཛད་པ་བོན་པོ་ཕོ་མོ་འདྲེས་པ་ལྔ་བཅུ་ཙམ་ཆོས་སྐྱོང་གི་ ནུས་པས་བསད་ཟེར་རོའི་མཐའ་ཅན། འདིའི་ནང་དུ་ཁའུ་པར་རྗེ་བཙུན་ས་སྐྱབས་ཞུས་ཟེར་བ་ལྟར་ན་ཚིག་གཅིག་གཉིས་སླར་བསྣན་པ་འདྲའོ། །འགོར་བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བཀའ་སྲུང་འདིའི་ལོ་རྒྱུས་ནི་བླ་མ་རྡོ་རྗེ་གདན་པ་ལ་ཞེས་ཡོད་ པའི་ལོ་རྒྱུས་ཀྱི་ཡི་གེ་རྒྱས་པ་འཕགས་པས་མཛད་པ་མངའ་བདག་ཀྱང་དེའུ་གྲོང། བློན་པོ་ལ་ལའང་ཤི་སྐད་ཀྱི་མཐའ་ཅན། ཞར་བྱུང་བླ་བརྒྱུད་དང་བཅས་པ། གཉིས་པ་ནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ་ལ་འགོར་ཨོཾ་སསྟི་སིདྡྷཾ། ནག་ པོ་ཆེན་པོའི་ལུང་སྦྱིན་པ་ནི་འབྱོར་ན་ཚོགས་ཀྱི་འཁོར་ལོའི་རྟིང་ལ་བྱ་ཞེས་ཡོད་པའི་ནག་པོ་ཆེན་པོའི་རྗེས་གནང་གཉན་ལོ་ཙཱ་བས་མཛད་པ་གདམས་པའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་བླ་མ་དང་ཏཱ་ར་ལ་ན་མོ་ནག་པོ་ཆེན་པོ་ཞལ་བཞི་ པའི་རྗེས་གནང་ལ་གསུམ་སྟེ་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ཁའུ་པས་མཛད་པ་སྨོན་ལམ་གདབ་བོ་ཞལ་བཞི་པའི་རྗེས་གནང་རྫོགས་སོའི་མཐའ་ཅན། འགོར་ན་མོ་གུ་རུ་དབང་ཐོབ་ཅིང་དམ་ཚིག་མ་ཉམས་པས་འདིའི་རྗེས་གནང་ དང་བཀའ་ལུང་ཐོབ་ཅིང་ཞེས་ཡོད་པའི་རྗེས་གནང་གི་ཡི་གེ་ས་ཆེན་གྱིས་མཛད་པ་སྨོན་ལམ་གདབ་བཀྲ་ཤིས་བྱའོའི་མཐའ་ཅན། འགོར་ཏཱ་ར་ལན་མོ་འདིའི་རྗེས་གནང་ལ་དོན་གསུམ་སྟེ་སྦྱོར་བ་དངོས་གཞི་རྗེས་སོ་ཞེས་ཡོད་པའི་རྗེས་ [042B] འགོར་ཨོཾ་སསྟི་སྲིད་གསུམ་དབང་སྒྱུར་དཔལ་ལྡན་ནག་པོ་ཆེ་ཞེས་ཡོད་པའི་རྗེས་གནང་ཤིན་ཏུ་རྒྱས་པ་ནག་པོ་འགྲོ་ ཤེས་ཞེས་པ་དཔང་པོར་ནག་པོ་ཆེན་པོ་བཞུགས་པ་འདི་རང་གི་བླ་མས་རྗེས་སུ་གནང་ནས། བཀས་བསྐུལ་ཞིང་གྲོགས་མཆེད་དམ་པའི་གསུང་གི་ངོར་རྗེ་བཙུན་པའི་ཡི་གེའི་སྟེང་དུ་འཕགས་པའི་ཕྱག་ལེན་དང་ཞང་ཁུ་དབོན་ལས་བརྒྱུད་དེ་བླ་མ་ ངམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་བཞེས་ལྟར་ཡར་ཀླུངས་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་མཛད་པ། དེས་སློབ་མས་བསྐུལ་བའི་ངོར་མཛད་པའི་འགོར་དཔལ་ཞལ་བཞི་པའི་རྗེས་གནང་ཐུན་མོང་མ་ཡིན་པ་ལ་ཞེས་ཡོད་པའི་གྲི་སྙིང་ བླ་རྡོ་སྲོག་འཁོར་ཕྱག་མཚོན་རྣམས་ཀྱི་རྗེས་གནང་གི་ཡི་གེ་རྣམས། གསུམ་པ་རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ལ། ཀུན་གྱི་རྩ་བ་རི་སུལ་གྱི་རྣལ་འབྱོར་མས་མཛད་པའི་སྒྲུབ་ཐབས་མཚན་བཤད་དུ་གྲགས་པའི་ཡི་གེ། །རྫོང་ཆུང་པའི་དེར་འགྲོ་བའི་ ལམ་དུ་ཨན་དྷ་མུ་ཤར་བཅུག་ལས་པའོ་ཡན་ལས་མི་འདུག་ཅིང་གོང་དཀར་བའི་གླེགས་བམ་ན་དེའི་མཇུག་ཏུ་གྲོང་ཁྱེར་བསྐྱོད་པ་དང་སྔགས་ཐུང་བྲིས་པ་གཅིག་དང། ཡང་དངོས་གཞི་དཀྱུས་དང་མཐུན་པ་ལ་ཏ་ཐཱ་ག་ཏ་རཀྵཱི་ཏའི་ལུགས་ཀྱི་ལོ་རྒྱུས་སྒྲུབ་ཐབས་གཉན་གྱིས་མཛད་པ་དེའི་ལོ་རྒྱུས་ཆུ་བོ་གངྒཱ་ཞེས་ཡོད་པ་མཇུག་ན་བཏགས་ ནས་བསྲེས་པ་ཞིག་སྣང་ངོ། །གཞུང་དེ་ལ་བརྟེན་ནས་བསྙེན་སྒྲུབ་ཞར་བྱུང་མནན་པ་དང་བཅས་པ་འགོར་མ་ཧཱ་ཀཱ་ལའི་མན་ངག་ལ་བསྙེན་སྒྲུབ་གཉིས་ལས་ཞེས་ཡོད་པ་གཉན་ལོའི་ཨུ་པ་དེ་ཤའོའི་མཐའ་ཅན། རྫོད་པོད་ནའང་ཡོད། གཉན་ལོས་མཛད་པའི་ཆོས་ [043A]༄༅། །སྐྱོང་གི་གནད་ཀྱི་ཡིག་ཆུང་ཞེས་པ་བསྙེན་པ། སྒྲུབ་པ། གསད་པ། ལས་སྦྱོར་དང་བཅས་པ་ཞལ་གྱི་གདམས་པ་འདི་མི་ལ་མ་ཝཻལ་རྣམ་སྨིན་ཆེའོ་གསུང་བའི་མཐའ་ཅན། རྫོང་པོད་ན་ཡོད། མགོན་པོ་སྒྲུབ་དུས་ཀྱི་ལས་ཁྲིགས་ བླ་མ་ཁའུ་པ་ཆེན་ཕོས་མཛད་པ་སྙིང་ཕྱུང་རིགས་བརྒྱུད་རྩད་ནས་ཆོས་ཅེས་བརྗོད་པོའི་མཐའ་ཅན། འགོར་མཧཱ་ཀཱ་ལ་ཙ་ཏུ་རྨུ་ཁ་ཨུ་པ་དེ་ཤ་ཞེས་ཡོད་པའི་མགོན་པོ་སྒྲུབ་དུས་ཀྱི་ལས་ཁྲིགས་གསལ་བྱེད་ས་ཆེན་གྱིས་མཛད་པ་དེའི་སྙིང་གར་བསྣུན་ པར་བྱའོའི་མཐའ་ཅན། རྫོད་པོད་ནའང་ཡོད། ཁའུ་པས་མཛད་པའི་ལས་ཁྲིགས་ཀྱི་གསལ་བྱེད་འགོར་བླ་མ་མགོན་པོ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་ །རྫོང་དཔོན་ལས་ཀྲྷིགྶ་ཆེན་པོ་ཞེས་པ་ལས་མཛད་པ་མི་གསལ། པོ་སྒྲུབ་དུས་ཁྲིགས་ལ་གསུམ་ཞེས་ཡོད་པའི་ཡི་གེ་སྔགས་འཆང་གཟུངས་ པས་མཛད་པ་དགྲ་ན་པ་དང་འཆི་བ་ལ་སོགས་པའི་ལས་དེས་པར་འགྲུབ་བོ་ས་མ་ཐ་མིའི་མཐའ་ཅན། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། དཔལ་ལྡན་ནག་པོ་ཆེན་པོ་གདོང་བཞི་པ་ བསྙེན་ཅིང་སྒྲུབ་པར་འདོད་པས་ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུཾ་གྱི་སྒྲུབ་ཐབས་ནག་པོ་འགྲོ་ཤེས་དགའ་ལྡན་པ་ཀུན་བསོད་ཀྱིས་མཛད་པ་སྒྲུབ་པ་དང་ལས་སྦྱོར་གྱི་ཡིག་ཆུང་མི་སྤེལ་གསང་བར་བྱའོའི་མཐའ་ཅན་ རྫོང་པོད་ན་འདི་གཟུངས་བའི་ནག་འགྲོས་སུ་ངོས་བཟུང། རྣམ་ གསུམ་ལག་ལེན་གསལ་བྱེད་ཞལ་ནས་སྙན་དུ་བརྒྱུད་པའི་ལག་ལེན་དམར་ཁྲིད་མཐོང་ཆོག་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་བཞིན་བསོད་ནམས་གྲགས་པ་དཔལ་བཟང་པོས་ཡོན་ཏན་དུ་མས་མངོན་པར་མཐོ་བ་བློ་གྲོས་རྒྱལ་མཚན་ [043B] བསྙེན་པའི་གོ་རིམ་གནད་དོན་སྙན་བརྒྱུད་བདུད་རྩིའི་སྐྱེས་འཕྲེང་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་དད་ལྡན་སློབ་མའི་དོར་སྦྱར་བ། དེས་མཛད་པའི་འགོར་ཏཱ་ར་ན་མོ་དཔལ་མགོན་ཙ་ཏུ་རྨུ་ཁའི་བསྙེན་ བ་བྱ་བར་འདོད་པས་ཞེས་ཡོད་པའི་བཟླས་པ་དང་གེགས་སེལ་གྱི་མན་ངག་སྙན་བརྒྱུད་གསེར་ཆེས་མཐར་ཐུག་དེས་མཛད་པའི་འགོར་བླ་མ་མཆོག་དང་ཆོས་སྐྱོང་ལ། །ལུས་ངག་ཡིད་གསུམ་གུས་བཏུད་ནས། །ཞེས་ཡོད་པའི་བསྙེན་སྒྲུབ་ལས་གསུམ་ སྤོགས་ཆོག་ཤིས་བསྟན་པ་དང་བཅས་པའི་མངོན་རྟོགས་གསལ་བྱེད་གནད་ཀྱི་ཞལ་གདམས་མཐར་ཐུག་སྙན་ནས་སྙན་དུ་བརྒྱུད་པའི་གསེར་ཆོས་མཆོག་ཏུ་གྱུར་པའི་མཁའ་འགྲོའི་སྙིང་ཁྲག་དེས་མཛད་པའི་དཔལ་གདོང་བཞི་པའི་གཏོར་མ་བཅའ་ ཐབས་ཀྱི་སྙན་བརྒྱུད་སྙིང་གི་ཁྲག་ཐིགས་ལྟ་བུ། དེས་མཛད་པའི་འགོར་བླ་མ་ཡི་དམ་བསྟན་སྐྱོང་ལ། །སྒོ་གསུམ་གུས་པས་ཕྱག་བཙལ་ནས། །ཞེས་ཡོད་པའི་ལས་རབ་འབྱམས་དང་གསད་བསྐྲད་ཀྱི་འཁོར་ལོའི་ཞལ་གདམས་ཚིག་བརྒྱུད་མ་སྙིང་ ནང་གི་ཁྲག་ལྟ་བུ། དེས་མཛད་པའི་འགོར་སངས་རྒྱས་ཀུན་དངོས་བླ་མ་དང་ཞེས་ཡོད་པའི་བྱེ་བྲག་ཏུ་གསད་ལས་ཀྱི་འཁོར་ལོའི་མན་ངག་མཁའ་འགྲོའི་ཁ་རླངས་ཅན་དུ་གྲགས་པ་རྣོ་མྱུར་སྤུ་གྲི་རིག་ཆོད་དང་འདྲ་བའི་མན་ངག་སྙན་བརྒྱུད་མཐར་ཐུག་ དེས་མཛད་པའི་འགོར་བླ་མ་མཆོག་དང་ལྟ་མཆོག་ལ་ཞེས་ཡོད་པའི་འཁྲུལ་འཁོར་བལྟ་བ་ཅིང་སྦ་བ་སོགས་མནན་པའི་མན་ངག་མཐར་འདོན་ཐབས་དང་བཅས་པ་སྙན་བརྒྱུད་སྤས་དོན་གསལ་བ། ཡར་ཀླུངས་པའི་གསུང་འདི་རྣམས་ཕྱི་སྒྲུབ་ལ་ལྟོས་ [044A]༄༅། །པའི་བཀའ་རྒྱ་དམ་པས་མང་བ་ལ་མི་སྟོན་པའི་གྲས་ཡིན་གསུངས་སོ། །བསྙེན་སྒྲུབ་ལས་གསུམ་གྱི་སྒྲུབ་ཐབས་རྟ་བདུན་རྒྱལ་པོ་ཞེས་བྱ་བ་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་མཛད་པ། དེ་སྐོར་གྱི་ཡིག་ཆུང་ བཞི་ཞེས་པ་པྲཛྙཱ་ཕ་ལའི་གསུང་བཞིན་བྲིས་པའི་ས་ཆེན་ཀུན་དགའ་སྙིང་པོའི་མན་ངག་གནད་བརྐྱང་པའི་ངོས་འཛིན་དང། ཆོས་ཚན་བཞིའི་སྐབས་འདི་གཉིས་སོ་སོར་འདྲེན། མ་ཆགས་པའི་གནད་གཉིས་སྟོན་པའི་ཞལ་བཞི་པའི་སྲོག་སྙིང་གནང་ཀྱི་མན་ ངག་སྙིང་དང་འདྲ་བ་མདོ་སྟོད་པ་འཇམ་དབྱངས་ཀྱིས་དྭགས་ལྷ་སྒམ་པོང་སྦྱར་བ། དཔལ་མགོན་གདོང་བཞི་པའི་མནན་པ་དང་སྲོག་གི་ཞལ་གདམས་ཨིཐིའི་མཐའ་ཅན། འགོར་ཆོས་སྐྱོང་གི་རྟེན་གྱི་འཁོར་ལོ་ནི་དབང་པོ་དར་མ་གྲིར་ཤི་བ་ཞེས་ ཡོད་པའི་གྲུབ་པ་དཔལ་གྱིས་ཡི་གེར་བཀོད་པ་རྣམས། བཞི་པ་གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་ཡི་གེ་ལ། སྤྱིའི་ལྷན་ཐབས། བྱེ་བྲག་གི་ལྷན་ཐབས། ལས་ཕྲན་བུའི་མན་ངག་དང་གསུམ། དང་པོ་ལ། སྲོག་འཕྲོག་པ། བཅིང་ བ༑ ཁྱི་ལྟར་འཁྲིད་པ། སྔ་ཕྱི་གཉིས་མི་འཁྲེན་པ། རྩལ་འགྲན་པ་སྟེ་ཞལ་གྱི་གདམས་པ་དོན་ལྔ་མ་ རྫོང་པོད་ན་ཡོད་པ་དེར་མི་སྤེལ་བའི་བཀའ་རྒྱ་ཡོད་དོ་ཡན་ལས་མེད། ཤཱཀྱའི་དགེ་སློང་གཉན་གྱི་ཨུ་པ་དེ་ཤ། ལྟ་བ། དམ་ཚིག་ །མཐུན་རྫས་སྔགས། འཁུ་ལྡོག་མི་འབྱུང་བ། ཤི་ས་བསྟན་པ་སྟེ་ཟབ་པའི་གནད་དྲུག་གི་གདམས་པ་མཆན་བུ་དང་བཅས་པ་རི་སུལ་གྱི་རྣལ་འབྱོར་མའི་མན་ངག་གཉན་གྱི་གསུང༑ དེའི་གསལ་བྱེད་གདམས་པ་འདི་ལ་དོན་དྲུག་སྟེ་ཞེས་ཡོད་པའི་བླ་མ་གཉེན་གྱིས་ཉེ་གནས་ [044B] རྫོང་པོད་ན་ཡོད་པ་དེར་སྐད་དན་ཙེ་རེ་རེ་འོང་ངོ་ཡན་ལས་མི་འདུག་ མགོན་པོ་ལ་ཕ་ རྫོང་པོད་ནའང་ཡོད། ལྟར་བཀུར་ཞིང་ལྷ་མོ་ལ་སྲིང་ལྟར་དུངས་པའི་མན་ངག་ཁེལ་བ་ནི་འགོ་བའི་གནད་ཡིན་ནོའི་ མཐའ་ཅན། ཁྱད་པར་གྱི་དམ་ཚིག་གི་ཡི་གེ་ཤིན་ཏུ་གསང་བར་བྱ་བ་རྣམས་ཡིན་ནོའི་མཐའ་ཅན། རྫོང་པོད་ནའང་ཡོད། འཁོན་ནག་ཟས་སུ་ཟ་བའི་གདམས་ངག་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་བྱང་གི་མཐའ་ཅན། འྡཾ་རྫོང་པོད་ན་ཡོད་ངོར་ པའི་དེར་ཀྲུ་སྒྲུབ་ནས་བརྒྱུད་པ་ཞིག་འདུག་པ་འདི་དང་མི་མཐུན། གོང་དཀར་བའི་གླེགས་བམ་དུ་སློབ་དཔོན་པདྨས་མཛོད་པའི་གསལ་ཁ་མི་འདུག་ འགོར་དཔལ་མཧཱ་ཀ་ལ་ལ་ཕྱག་འཚལ་ལོ་ཉམས་ཆག་གམ་འཆི་ལྟས་བྱུང་བའམ་ཆཌ་ཆེ་བའི་དུས་སུ་གཏོར་སྐྱོང་བྱེད་བར་འདོད་ན་མཎྜལ་ཞེས་ ཡོད་པའི་ཉམས་ཆག་བསྐང་བའི་ཡི་གེ་བསྡུས་པ་བསྐང་བཤགས་ཆོ་གའོའི་མཐའ་ཅན་གཉན་གྱིས་མཛད་པ། རྫོང་པོད་ནའང་ཡོད། དེས་མཛད་པའི་དཔལ་མཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ་རྣལ་འབྱོར་པ་ལ་ཉམས་ཆག་གམ་འཆི་ལྟས་བྱུང་བའམ་མཆགས་ ཆེ་བའི་དུས་སུ་གཏོར་སྐྱོང་བྱེད་པར་འདོད་ན་ནང་དུ་གཏོར་མ་ཞེས་ཡོད་པའི་ཉམས་ཆག་བསྐང་བའི་ཡི་གེ་རྒྱས་པ་གདམས་ངག་ཨིཐིའི་མཐའ་ཅན། འགོར་འདིའི་དམ་ཚིག་གསོ་བ་ནི་ཞེས་ཡོད་པའི་ཁའུ་པས་མཛད་པའི་དམ་ཚིག་གསོ་བའི་པདྨ་ ཁ་སྦྱོར་གྱི་བསྡུས་པ་བླ་མ་གནམ་ཁའུ་པ་གསུང་ཨིཐིའི་མཐའ་ཅན། རྫོང་པོད་ནའང་ཡོད། དེས་མཛད་པའི་འགོར་བླ་མ་དམ་པ་དང་ནག་པོ་གདོང་བཞི་པ་ལ་ན་མོ། ཆོས་སྐྱོང་འདི་བསྟེན་པ་ན་ཞེས་ཡོད་པའི་པདྨ་ཁ་སྦྱོར་གྱི་ཡི་གེ་རྒྱས་པ་གནམ་ [045A]༄༅། །ཁའུ་པའི་གདམས་པས་མ་པ་ཐའི་མཐའ་ཅན། འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་མགོན་པོའི་གསང་བ་བྱེད་པར་འདོད་པས་ཞེས་ཡོད་པ་ག་མདོ་བའི་ཆོ་གའོའི་མཐའ་ཅན་རྣམས། འདི་དཀར་ཆག་ན་མི་གསལ། རྫོང་པོད་ནའང་མོད།། གཉིས་པ་བྱེ་བྲག་ཀེ་ལྷན་ཐབས་ལ། སྔོན་འགྲོ་རྟེན་གྱི་སྐབས་སུ་འགོར་ཏཱ་ར་ན་མོ་མཧཱ་ཀཱ་ལའི་རྟེན་བཅའ་བ་ནི་ཕྱི་རྟེན་དུ་གཡག་ནག་ཅེས་ཡོད་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཅས་པའི་རྟེན་བཅའ་བའི་ཡི་གེ་ཤཱཀྱའི་ དགེ་སློང་གཉན་གྱིས་མཛད་པའི་ཨུ་པ་དེ་ཤ་སུ་ཐོད་ཐོད་ལ་བསྟན་པར་མི་བྱའོའི་མཐའ་ཅན། འགོར་མཧཱ་ཀ་ལའི་རྟེན་བཅའ་བ་ནི་རྡོ་ནག་པོ་སྨུག་པོའམ་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་བསྡུས་པ་གཉན་ །རྫོང་པོད་ནའང་ཡོད། ལོའི་གསུང་བཅུ་བཞི་ལམ་ ཆག་པ་གོང་བཞིན་བྱའོའི་མཐའ་ཅན། དེའི་གསུང་འགོར་རྡོ་རྗེ་ནག་པོ་ཆེན་པོའི་རྟེན་བཅའ་བ་ནི་བྱང་ཤར་རམ་ཤར་ལྷོ་ནས་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་རྒྱས་པ་གཏོར་མའང་གྲུབ་ན་བཟང་ངོ། བླ་མ་ གཉན་ལོ་ཙཱ་བའི་མན་ངག་ཨིཐིའི་མཐའ་ཅན། གསང་རྟེན་གྱི་སྐབས་སུ་འགོར་རྟེན་བཅའ་ཐབས་ལ་གྲི་སྙིང་འཁོར་ལོ་ཞེས་པའི་གཏུམ་པོར་རང་སྲུང་གི་འཁོར་ལོ་འདྲི་ཚུལ་རྟེན་བཅའ་ཐབས་སོའི་ཞེས་ཡོད་པའི་ནང་རྟེན་བླ་རྡོ་བཅའ་བའི་ཡི་གེ་རྒྱས་པ་གཏོར་དཀར་ཆག་ཏུ་གཅིག་མི་གསལ་བས་ཞར་བྱུང་ཡིན་ནམ་སྙམ།། འགོར་གཏུམ་པོའི་སྲུང་བའི་འཁོར་ལོ་དང་ཞེས་ཡོད་པའི་གསལ་བྱེད་གསེར་སྲང་བཞི་ཕུལ་ཞེས་གྲགས་སོའི་མཐའ་ཅན་ །རྫོང་བོད་ནའང་ཡོད། འགོར་འདིའི་གནད་ལ་བླ་མ་ཆོས་རྗེ་བྡགི་བླ་མ་ལགས་ [045B] རྫོང་པོད་ནའང་ཡོད། དེའི་བྲི་ཡིག་འགོར་གསྲུང་འཁོར་ལ་མུ་ཁྱུད་ཕྱིན་པ་གཉིས་ཞེས་ཡོད་པའི་ཨུ་པ་དེ་ཤའོའི་མཐའ་ཅན། དེའི་ སྔགས་བྱང་གྲོང་ཁྱེར་བསྐྱོད་པ་དང་སྔགས་རིང་གི་མཚམས་མཚམས་སུ་འདྲི་ལུགས་ཀྱི་གསལ་བྱེད་ཡོད་པ༑ ཐམས་ཅད་གཡས་སྐོར་དུ་བྲིའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྟེན་གྱི་འཁོར་ལོ་བྱ་བར་འདོད་ ན་ཞེས་ཡོད་པའི་རྟེན་འཁོར་འདྲི་ཚུལ་རྒྱས་པ་རྣམ་པར་བརྒྱན་ནོ་ཕར་ཎིའི་མཐའ་ཅན། རྟེན་གྱི་འཁོར་ལོ་རབ་ཏུ་གནས་པ་རྟེན་འབྲེལ་གྱིས་རྟེན་ལ་ཐིམ་པར་བསམ་མོའི་མཐའ་ཅན། འགོར་དྷརྨ་པཱ་ལ་ཙ་ཏུརྨུ་ཁའི་རྟེན་བཅའ་བ་ནི་ཞེས་ཡོད་པའི་རྟེན་གྱི་ཡི་ གེ་རྒྱལ་ཚ་ལུང་མང་པོས་མཛད་པ༑ དྷརྨེ་ཤྭ་རས་བརྗེད་ཐོར་བྲིས། །དེ་བྱུང་དགེ་བ་སངས་རྒྱས་བསྔོ་ཞེས་པའི་མཐའ་ཅན། གོང་དཀར་བའི་གླེགས་བམ་ན་གཏོར་མ་ཕུལ་བས་གྲུབ་བོ་ཡན་དང་མངོན་སྤྱོད་གསད་ལས་སྒྲུབ་ན་མན་སོ་སོར་བྱས་ཤིང་མཛད་བྱང་ཡང་མི་གསལ། འགོར་བླ་མ་དང་ དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་གནོད་པ་སྲུང་བ་དང་ཞེས་ཡོད་པའི་རང་སྲུང་ཆེན་མོ་ལིང་ཚེ་ཉི་ཤུ་པའི་བྲི་ཡིག་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ནས་ཞང་དཀོན་མཆོག་དཔལ་ལ་གནང་བ་ནམ་མཁའི་མཚན་ཅན་གྱི་ཕྱག་བྲིས་ལས་བཤུས་ སོའི་མཐའ་ཅན། མཆོད་པའི་སྐབས་སུ་མཁོ་བ་འགོར་རྟེན་གྱི་མདུན་ལྡུ་མཆོད་གཏོར་དང་ཞེས་ཡོད་པའི་མེ་ཏོག་བཞི་སྦྱོར་གྱི་ཡི་གེ་གཉན་ལོས་མཛད་པ་རྒྱུད་འཇམ་བཞི་སྦྱོར་མན་ངག་གོའི་མཐའ་ཅན། རྫོང་པོད་ན་ཤ་ཆིལ་ལ་སོགས་པའོ་ཡན་མེད་ཅིང་ནིར་མ་ཕུ་ལན་རྩན་ནས་མདུན་རྐྱ་ [046A]༄༅། །གཉིས་སུ་བཞག་གསུང་བ་ཡན་སྔགས་ཐེམས་ཀྱི་གཤམ་ན་བྲིས་ཤིང། བཟླས་ལུང་གི་མེ་ཏོག་ནས་བཞི་སྦྱོར་མན་ངག་གོའི་བར་ཆོས་ཚན་འོག་མ་འདིའི་རྗེས་སུ་ཆོས་ཚན་གཅིག་ཏུ་བཞུགས་འདུག་ །དེས་མཛད་པའི་གོང་གི་གསལ་བྱེད་འགོར་ཏཱ་ར་ན་མ་ལུང་རྗེས་སུ་ནོད་ པའི་པུཥྤེ་ཞེས་ཡོད་པའི་བ་ལིཾ་གི་མེ་ཏོག་རྙིང་པའི་ཨུ་པ་དེ་ཤའོའི་མཐའ་ཅན། གོང་དཀར་བའི་གླེགས་བམ་དུ་དངོས་གཞི་འདི་གལ་ཚིག་ཟུར་ཅུང་ཟང་མི་འདྲ་བ་མཆན་རྣམས་དཀྱུས་སུ་བཅུག་པའི་སྔོན་དུ་འོག་གི་སྤོས་སྦྱོར་མི་གྲིར་ཤི་བའི་ཤལ་གཞི་བྱས་པ་མན་བསྣན་པ་ཞིག་འདུག་པ་ཕན་ཚུན་འདྲེས་ པའི་ཡིག་སྐྱོན་འབྱམས་པ་འདྲ། དེས་མཛད་པའི་འགོར་སྤོས་སྦྱོར་ཆོ་ག་ནི། རྫོང་བོད་ནའང་ཡོད། ཞེས་ཡོད་པའི་མགོན་པོའི་སྤོས་སྦྱོར་གྱི་མན་ངག་ལུས་སྤྲིད་པ་ལ་སོགས་པའི་རྟགས་འབྱུང་ངོའི་མཐའ་ཅན། ངོར་ལུགས་ལ་ལེའུ་ཚན་གཉིས་པོ་གོ་རིམ་ཟློག་འདུག་ཅིང་གོང་དཀར་ པའི་གླེགས་བམ་དུའང་དེ་ལྟར་སྣང། གཏོར་མའི་སྐབས་སུ་དེས་མཛད་པའི་འགོར་བླ་མ་གཉན་ལོའི་ཞལ་གདམས་གཏོར་མ་གཤོམ་དུས་ཡོད་པའི་ཏོར་མ་བཅའ་ཐབས་ཀྱི་ཡི་གེ་རྒྱུན་གྱི་ཐུན་མཚམས་སོའི་མཐའ་ཅན། རྫོང་བོད་ནའང་ཡོད། དེས་མཛད་པའི་ འགོར་ཡར་ངོའི་བརྒྱད་དང་མར་ངོའི་བརྒྱད་ལ་ཞེས་ཡོད་པའི་གཏོར་མ་གཏོང་ཐབས་ཀྱི་ཡི་གེ་ཡུམ་ལ་སྔགས་འོག་མ་དབུལ་ལ་ནངས་པར་གཏང་ངོའི་མཐའ་ཅན། འགོར་བླ་མ་དམ་པ་ལན་མོ་རྟག་གཏོར་མན་ངག་དམ་བ་ནི། ཞེས་ཡོད་པའི་རྟག་གཏོར་གྱི་ མན་ངག་ཚིགས་བཅད་མ་གསང་ཞིང་སྤ་བ་ཉིད་དུ་བྱ་ཞེས་པའི་མཐའ་ཅན། འགོར་འདིའི་མདུན་ན་ལྕགས་སྣོད་གྲུ་གསུམ་ཞེས་ཡོད་པའི་དྲག་པོའི་གཏོར་མའི་མན་ངག་གསང་ངོ་མ་སྤེལ་ཞིག་གི་མཐའ་ཅན་ འདི་དཀར་ཆག་ན་མི་གསལ་བ་གོང་གི་འཕྲོས་ཡིན་ནམ་སྙམ་ [046B] གྲོང་ཁྱེར་བསྐྱོད་པ། སྔགས་རིང། སྔགས་ཐུང། འཁོར་ལོའི་སྔགས་སྦྲགས་སྒྲུབ་སོ་སོར་ཕྲལ་བ་རྣམས་ཀྱི་སྔགས་ཕྲེང་མཆན་བུར་བཅས་པ་སྔགས་བཏུའི་གཞུང་དང་ཐེམས་ཡིག་ས་པཎ་གྱི་ཕྱག་བྲིས་དང་ མཐུན་པར་བླ་མའི་གསུང་རྒྱུན་བཞིན་སྔགས་འཆང་མ་ཏིས་ཞུས་དག་པ། སྔགས་རིང་མཆན་བུར་བཅས་པ་སྔར་གྱི་དཔེ་རྙིང་དག་པ་དང་ཐེམས་ཡིག་ནས་བྱུང་བ། སྔགས་རིང་མཆན་བུར་བཅས་པ་པཎ་ཆེན་ནགས་རིན་གྱིས་ཞུས་དག་མཛད་པ་དེའི་ཞལ་སློབ་ བུ་རྒྱ་བིཛ་ཡ་སིནྡྲ་སེ་ནས་སླར་ཡང་ཞུས་དག་པ། པཎ་ཆེན་བྱམས་པ་གླིང་པའི་མཚན། སྔགས་བྱང་གསུམ་པོ་དཀར་ཆག་ཏུ་སྔགས་བྱང་ཞེས་པ་ལས་སོ་སོའི་གསལ་བ་མི་འདུག་ འགོར་ཨོཾ་སྭ་སྟི་སིདྡྷཾ། དཔལ་ནག་པོ་ཆེན་པོའི་སྔགས་ཐེམས་བསྟན་པ་ལ་ཞེས་ཡོད་པའི་སྔགས་ཀྱི་ ཐེམས་ཡིག་ཞིབ་མོ་འདི་རྣམས་ཤིན་ཏུ་གཅེས་པས་མཁས་པ་གལ་ཆེ་ས་མ་པ་ཐ་མིའི་མཐའ་ཅན། འགོར་བླ་མ་ལན་མོ་སྔས་ཀྱི་ཐེམས་ཡིག་ལ་འབྲུ་བྱ་བ་ཚེག་བར་བགྲང་ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་གསལ་བྱེད་བདག་ ཆེན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བླ་མའི་མན་ངག་གི་རྗེས་སུ་འབྲང་བ་གལ་ཆེའོའི་མཐའ་ཅན། གཉན་ལོས་མཛད་པའི་སྔགས་ཀྱི་གནང་ལས་སོ་སོའི་སྔགས་དག་ འདི་ངོར་ལུགས་ལ་སྟོད་སྨད་གཉིས་ཡོད་པའི་དཀྱིལ་མ་ཚང་བ་ཞིག་འབུལ་ བར་བཟླས་སོའི་མཐའ་ཅན། ངོར་ལུགས་ལ་ཤིས་བསྟན་དང་སྦྲེལ་འདུག་རྫོང་པོད་ནའང་ཡོད། འགོར་རྡོ་རྗེ་འཆང་དབང་དཔལ་ལྡན་ཧེ་རུ་ཀ་ཞེས་ཡོད་པའི་སྔགས་ཀྱི་ཐེམས་ཡིག་དང་སྤེལ་ཚིག་ཐོར་བུ་པ་དར་ནག་ལ་བཏགས་ཏེ་གཡབ་བོའི་མཐའ་ཅན། འགོར་བླ་མ་དམ་ [047A]༄༅། །པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་མགོན་པོ་གདོང་བཞི་པའི་བསྙེན་སྒྲུབ་ཅེས་ཡོད་པའི་ཐུན་མོང་གི་བསྙེན་པའི་ཡི་གེ་འཕགས་པས་མཛད་པ་དབང་དུ་འདུས་བར་རྡོ་རྗེ་གུར་ལས་གསུངས་སོའི་མཐའ་ཅན། རྫོང་པོད་ནའང་ཡོད། དེས་ མཛད་པའི་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་ཤོག་དྲིལ་བཀའ་རྒྱ་མའི་གདམས་པ། འདི་ལ་གསང་སྒྲུབ་ཀྱང་ཟེར། སྒྲུབ་པའི་སྐབས་སུ་མཁོ་བ་འགོར་རྗེ་བཙུན་གྱི་ཞལ་ནས་སྤྱིར་སྒྲུབ་བ་མི་དགོས་གསུང་ཞེས་ཡོད་པའི་སྒྲུབ་པའི་ གནད་རྗེ་བཙུན་གསུང་རྒྱུན་ཤིན་ཏུ་བཀའ་རྒྱ་དམ་པར་མཛད་དོའི་མཐའ་ཅན། རྫོང་པོད་ན་འདིའི་ནང་གི་བློ་བུར་ལས་བཅོལ་དེ་ཆོས་ཚན་ལོགས་སུ་མཛད་ཅིང་གོང་དཀར་གྱི་གླེགས་བམ་ན་ལིང་ཚོ་ཉི་ཤུ་པའི་བྲི་ཡིག་གཅིག་དང་སྦྲེལ་བ་གློ་བུར་ལས་བཅོལ་མན་མེད་བ་ཞིག་འདུག་ །འགོར་ལས་སྦྱོར་ ལིངྒ་ལ་ཐུན་རྣམས་ཞེ་སྡང་འབར་བའི་ཞེས་ཡོད་པའི་སྒྲུབ་པའི་རྟགས་ཀྱི་ཡི་གེ་གོས་རྡེབ་དམོད་མོ་བརྗོད་པའི་མཐའ་ཅན། རྫོང་པོད་ནའང་ཡོད། ངོར་ལུགས་ལ་འདིས་ཆེན་གྱིས་མཛད་པའི་སྒྲུབ་ཁྲིགས་དང་སྦྲེལ་འདུག་ །འགོར་བྱ་རོག་མི་འཁོར་ཉམས་གྲིབ་ཆེ་ ཞེས་ཡོད་པའི་གཏོར་ལེན་བྱ་རོག་བརྟག་པའི་ཚིག་རྐང་དྲུག་མ་སྒྲུབ་པ་བསྐྱར་གྱི་མཐའ་ཅན། རྫོང་པོད་ནའང་ཡོད། ངོར་ལུགས་ལ་འདི་གོང་ག་རྟག་ཡིག་དང་མཉམ་དུ་བྲིས་ཤིང། གོང་དཀར་གྱི་གླེག་བམ་དུ་ཅུང་ཟད་འདྲ་མིན་སྣང། འགོར་ཏཱ་ར་ན་མོ་སྒྲུབ་པ་པོ་དག་གིས་ ཞལ་བཞི་བའི་འཁུ་ལྡོག་དང་ཞེས་ཡོད་པའི་འཁུ་ལྡོག་དང་ཆོ་འཕྲུལ་མི་འབྱུང་ཞིང་ལས་མྱུར་དུ་སྒྲུབ་པའི་ཡི་གེ་བསམས་པ་ནི་མན་ངག་དམ་པར་གསུངས་སོ་འདི་སྤེལ་བ་ནི་ཉིན་མོའི་སྐར་མ་ཙམ་མོའི་མཐའ་ཅན། འགོར་རྩ་བའི་ [047B] འདི་རྫོང་པོད་ནའང་ཡོད། ངོར་ལུགས་ལ་འདི་ཁའི་ནང་གི་རབ་གནས་དེ་ཟུར་དུ་ངོས་འཛིན་མཛད་པ་ཡིན།། འགོར་ཐུན་མོང་མ་ཡིན་པའི་གདམས་པ་འདི་ཡིན་ཏེ་ཞེས་ཡོད་པའི་འཁོར་ལོ་དང་ལིང་ཚེ་དང་ལིངྒའི་ཞལ་ཤེས་རྣམ་སྨིན་ཆེ་བས་གཞན་ལ་མ་སྤེལ་གསང་བར་བྱའོའི་མཐའ་ཅན། འདི་རྫོང་པོད་ནའང་བཞུགས་ཤིང་འཁོར་ལོ་དང་ལིངྒའི་ཞལ་གདམས་ཆོས་ཚན་ལོགས་ སུ་མཛད་འདུག་ །འགོར་མན་ངག་འདིའི་འཁོར་ལོ་བྲི་བར་འདོད་ན་ཞེས་ཡོད་པའི་འཁོར་ལོའི་བྲི་ཐབས་གང་བསྒོ་བ་དེ་ངེས་པར་འགྲུབ་གསུང་བའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ས་ཨི་ཡཾ་ཡོད་པའི་འཁོར་ལོའི་སྔགས་བྱང་ཙ་ཀྲ་ལ་བྲི་ གསུང་ངོའི་མཐའ་ཅན། འགོར་འཁོར་ལོའི་སྐབས་སུ་རྩིབས་དྲུག་དང་ཞེས་ཡོད་པའི་འཁོར་ལོའི་སྔགས་བཀོད་ཚུལ་སྔགས་རིང་རྫོགས་པར་བྲི་གསུང་ངོའི་མཐའ་ཅན། རྫོང་པོད་ནའང་ཡོད། བསྙེན་སྒྲུབ། སྲིའུ། ཤྭ་བཟློག་ གཏད་ལིང། གཏོར་ལིང། རྟ་ཕྱུགས་གསོད་པ་སོགས་ལས་ཚོགས་འགའ་ཟུང་གི་འཁོར་ལོའི་མན་ངག་དེ་རྗེས་ལིངྒ་ལའོའི་མཐའ་ཅན། འདི་རྫོང་པོད་ནའང་བཞུགས་ཤིང་ཡང་གསང་ཐུགས་ཀྱི་ཉིད་ཁུ་ཟེར། ལས་སྦྱོར་སྐབས་སུ་འགོར་བླ་མ་དམ་པའི་ཞབས་ ལ་ཕྱག་འཚལ་ལོ་མཧཱ་ཀཱ་ལའི་གསད་སྔགས་ཐུང་བ་ཞེས་ཡོད་པ་རྫོགས་སོའི་མཐའ་ཅན། འགོར་གསང་སྔགས་རིང་བ་ནི་ཞེས་ཡོད་པ་ཅ་ཏུ་རྨུ་ཁ་ས་མ་ཡ་ཧཱུཾ་ཕཊ་བཀའ་རྒྱས་གདབ་བོའི་མཐའ་ཅན། འགོར་ཁ་སྦྱོར་དབྱེ་བའི་མན་ངག་ནི་རང་ཡི་དམ་ལྷ་ [048A]༄༅། །ཞེས་ཡོད་པའི་ཁ་སྦྱོར་དབྱེ་བ་བཞིའི་མན་ངག་ཟབ་མོ་དམ་དུ་སྦའོ་འདི་ནི་རབ་ཏུ་གསང་བའི་གནས་སོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ལས་སྦྱོར་གྱི་ཚེ་ལིངྒ་ཞེས་ཡོད་པའི་ལས་སྦྱོར་གྱི་ཡིག་ཆུང་ལིང་ཚེ་བཅོ་ལྔ་ པ་སྔགས་ཅན་བཅུག་པར་བྱའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་མངོན་སྤྱོད་གསད་ལས་སྒྲུབ་ན་འཁོར་ལོ་ཞེས་ཡོད་པའི་མངོན་སྤྱོད་གསད་ལས་ཀྱི་ཡིག་ཆུང་གསང་སྔགས་རྣམ་པ་གཅིག་པས་ཟབ་པོའི་མཐའ་ཅན། གོང་དཀར་བའི་ གླེགས་བམ་དུ་མི་མ་ཡིན་དབང་དུ་བྱ་བ་ཡོད་གསུང་བ་ཡན་མཐུན་པ་ལ་དེ་ནས་མཇུག་མི་གཅིག་པ་མཐར་ནུས་མཐུ་མི་ཡོང་ཐེ་ཚོམ་མེད་དོ་ཟེར་བ་སྣང། འགོར་ནག་པོ་ཆེན་པོའི་སྒོང་ཟེར་ཞེས་ཡོད་པའི་སྒོང་ཟོར་གྱི་ཡི་གེ་བསྡུས་པ་ལས་ཀྱི་མཐར་ཐུག་གཉན་གྱི་མན་ངག་ཨིཐིའི་ མཐའ་ཅན། རྫོང་པོད་ནའང་ཡོད། གོང་དཀར་བའི་གླེགས་བམ་ན་མཆན་དཀྱུས་ལ་ཤོར་འདུག་ །སྒོང་ཟོར་གྱི་ཡི་གེ་རྒྱས་པ་ལྡོང་སྟོན་ཐིག་ལེ་འབར་ནས་བརྒྱུད་པའི་མན་ངག་དམོད་མོ་བྱའོའི་མཐའ་ཅན། འགོར་འཕང་བ་ཁྱུ་མཆོག་ཅེས་ཡོད་པའི་རྭ་ཟོར་གྱི་ཡི་གེ་ འབྲིང་པོ་བླ་མ་གཉན་གྱི་ཨུ་པ་དེ་ཤའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ཏཱ་ར་ལ་ན་མོ། ལས་སྦྱོར་གྱི་མཐར་སྦྱིན་སྲེག་བྱེད་པར་འདོད་ན་ཐབ་ཁྲུ་གང་བྲུས་པའམ་ཞེས་ཡོད་པའི་ལས་མཐའི་སྦྱིན་སྲེག་གི་ཡི་གེ་རྒྱས་པ་གོང་མས་མཛད་པ་ དྲག་པོའི་ལས་མཐར་བྱའོའི་མཐའ་ཅན། འགོར་ལས་མཐའི་སྦྱིན་སྲེག་བྱེད་པར་འདོད་པས་འབྲུ་བ་ཁུང་ཁྲུ་གང་བ་བརྩིགས་པའི་ཕྱི་ཞེས་ཡོད་པའི་སྦྱིན་སྲེག་གི་ཡི་གེ་བསྡུས་པ་སྔགས་འཆང་གཟུངས་ཀྱི་དཔལ་བས་མཛད་པ་ནག་པོ་ཆེན་པོའི་ [048B] རྫོང་པོད་ནའང་ཡོད། འགོར་ཧོ་དཔལ་ནག་པོ་ཆེན་པོ་གདོང་བཞི་པའི་མགོན་པོ་གཙུག་ལག་ཁང་གི་སྲུང་མ་ཞེས་ཡོད་པའི་ཁ་སྦྱོར་དབྱེ་བའི་དམོད་བསྐུལ་དཔལ་མགོན་གདོང་བཞི་པའི་དམོད་བསྐུལ་ཨིཐིའི་མཐའ་ཅན། ངོར་ རྫོང་མཐུན་པར་འགོར་ཡོན་ཏན་མྱུར་རྫོགས་དངོས་གྲུབ་མངའ་བའི་ལྷ། །ཞེས་པའི་ཤོ་ལོ་ཀ་གསུམ་དང་ཚིག་གཅིག་རྣམས་འཐོལ་འདུག་གོང་དཀར་བའི་གླེགས་བམ་ན་སྟོད་མེད་པའི་སྨད་ཀྱི་ཁྱད་པར་ཁ་སྦྱོར་དབྱེ་བའི་དུས་ཞེས་པ་མན་སྣང། སྤོག་ཆོག་གི་སྐབས་སུ་འགོར་མཧཱ་ཀཱ་ལ་ལན་མོ། དང་པོར་ ཆོས་ཐམས་ཅད་སྟོང་པར་བསྒོམ་ཞེས་ཡོད་པའི་མ་འཆུན་ན་རང་ཉིད་ཞལ་བཞི་པར་བསྐྱེད་པའི་མན་ངག་ཨཀྵོ་བྷྱས་དབུ་བརྒྱན་ནོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་བདག་ཉིད་ཡེ་ཤེས་ཀྱི་མགོན་པོ་གདོང་བཞི་པ་ཇི་ལྟ་བ་བཞིན་དུ་ བསྒོམ་ཞེས་ཡོད་པའི་རྩ་དབུ་མ་ཆོས་འབྱུང་དང་བཅས་པའི་གནད་དབབ་རྩུབ་པས་ཚོད་བླང་གིན་བྱའོ་གར་ཐོད་ཐོད་དུ་མི་བྱ་གདམས་ངག་ཡིན་ནོའི་མཐའ་ཅན། གོང་དཀར་བའི་གླེགས་བམ་དུ་མགོན་པོ་མདུན་དང་རྩ་ནང་དུ་བསྒོམ་པ་མན་ངག་ཆན་པ་གཉིས་སུ་བྲུས་འདུག་ ། འགོར་ལས་མི་བྱེད་ན་ཤི་ས་བསྟན་པ་ནི་ཞེས་ཡོད་པའི་ཤི་ས་བསྟན་པའི་མན་ངག་འདི་ཤིན་ཏུ་རྔུགས་ན་བྱ་ཞིང་གར་ཐོད་ཐོད་དུ་མི་རུང་ངོའི་མཐའ་ཅན་རྣམས། རྫོང་པོད་ནའང་ཡོད། གསུམ་པ་ཕྲན་བུའི་སྐོར་ལ། འགོར་དཔལ་གདོང་བཞི་པ་ལ་ཕྱག་འཚལ་ལོ།། ཆོས་སྐྱོང་ལ་གཙུག་ལག་ཁང་ཞེས་ཡོད་པའི་མགོན་པོ་ལ་གཙུག་ལག་ཁང་གཏོད་པའི་ཆོ་ག་ རྫོང་པོད་ནའང་ཡོད། མཆོད་གཏོར་ལྔ་ལ་སོགས་པ་རྒྱས་པར་བྱའོའི་མཐའ་ཅན། ངོར་ལུགས་དང་གོང་དཀར་གླེགས་བམ་དུ་འདི་གཉིས་ཆོས་ཆན་གཅིག་ཏུ་སྦྲེལ་བ་འདུག་ །དེའི་གསལ་ [049A]༄༅། །བྱེད་འགོར་གཙུག་ལག་ཁང་གི་རྟེན་མཆོད་དང་ཞེས་ཡོད་པའི་ལྕགས་པར་མ་ལའང་འདི་བཞིན་བྱ་བ་ཡིན་ནོ་གཙུག་ལག་ཁང་གཏད་པའི་ཆོ་གའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་དཔལ་མགོན་གདོང་བཞི་པ་འཁོར་དང་བཅས་ པ་ལ་ཕྱག་འཚལ་ལོ་མགོན་པོ་ལ་རང་དང་སློབ་མ་ཞེས་ཡོད་པའི་རང་དང་སློབ་མ་གཏོད་པའི་ཡི་གེ་ཐུགས་དམ་མ་གཡེལ་ཅིག་ཅེས་གསོལ་བ་གདབ་བོའི་མཐའ་ཅན། འགོར་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ་གནས་དང་མལ་ཆ་དང་ཞེས་ཡོད་པའི་ རྫས་དང་ཡོ་བྱང་བསྲུང་བའི་ཡི་གེ་མཆོད་གཏོར་ལ་བརྩོན་པར་བྱའོ་གནས་མལ་དང་ནོར་རྫས་བསྲུང་བའི་ཆོ་གའོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ནོར་ལ་དན་གྱི་གདམས་བ་ནི་ཞེས་ཡོད་པའི་ནོར་གྱི་རྗེས་སུ་འབྲང་བའི་མན་ངག་མིས་མི་མཐོང་བར་ སྦས་ན་འགྲུབ་བོའི་མཐའ་ཅན། འགོར་སྲིའུ་གསོ་ན་ཁམ་ཕོར་སོམ་བཏང་བཞེས་ཡོད་པའི་སྲིའུ་གསོ་བའི་འཁོར་ལོའི་མན་ངག་མཧཱ་ཀཱ་ལའི་ལས་ཀྱི་མན་ངག་གོའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་འདིའི་ཐུན་མོང་མ་ཡིན་པའི་ལས་ ཁ་སྟར་ཞིག་བསྟན་ཏེ་ཞེས་ཡོད་པའི་སྲིའུ་གསོ་བ་བྲམ་ཟེ་སྤུ་ཅན་གྱི་གདམས་པ་ཐུགས་དམ་དབང་དུ་བཞག་སྟེ་དམ་བཅས་པའོའི་མཐའ་ཅན། འགོད་ཏ་ར་ན་མོ་ནག་པོ་ཆེན་པོ་ཡིད་བཞིན་ནོར་བུ་ཞེས་ཡོད་པའི་ནོར་སྒྲུབ་ཡིད་བཞིན་ནོར་བུའི་ མན་ངག་ཀུན་ལ་ཁ་ལོ་བསྒྱུར་བ་ཡོད་གཉན་ལོ་ཙཱ་བའི་གདམས་པའི་མན་ངག་ཨིཐིའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ཁམས་གསུམ་དབང་དུ་སྡུད་པའི་ལས་ཞེས་ཡོད་པའི་དབང་སྡུད་གྲི་ལག་གཡོབ་པ་དར་ཐོགས་ཀྱི་མན་ངག་རྗེས་ལ་ [049B] འགོར་ནག་པོ་ཆེན་པོས་བསྒྲུབ་བྱ་ཞེས་ཡོད་པའི་རྫས་རྣམས་སྐད་ཤན་སྦྱར་བའི་བསྒྲུབ་བྱ་དབང་དུ་བྱ་བ་ངེས་པར་འོང་ངོ་བླ་མ་གཉན་གྱི་མན་ངག་ཨིཐིའི་མཐའ་ཅན། རྫོང་པོད་ནའང་ ཡོད༑ འདོད་ཡོན་ལྔ་ལ་བརྟེན་ནས་སྦྱོང་ལམ་དབང་དུ་བྱ་བའི་ཆོ་ག་རྫོགས་བྱང་གི་མཐའ་ཅན། སེང་ཕུར་ལ་བརྟེན་པའི་གཏུམ་པོའི་ཤྭ་བཟློག་དེ་འདྲ་གཅིག་ནས་ལྔའི་བར་གྱིས་བཟློག་གི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་མཧཱ་ཀཱ་ལ་ཙ་ཏུ་རྨུ་ཁ་ཡེ་ ཞིང་སྐྱོང་འདིའི་སྒོ་ནས་ཞེས་ཡོད་པའི་དགྲལ་ལྟས་ངན་གཏོང་གཏོང་བའི་མན་ངག་ཆིག་བརྒྱུད་མ་བཀའ་རྒྱའོའི་མཐའ་ཅན། རྫོང་པོད་ནའང་ཡོད། བྱ་འུག་རྟ་ནག་གི་རྫས་པག་ཐོད་ལ་བརྟེན་ནས་ཆོ་འཕྲུལ་དབབ་པའི་མན་ངག་ཨ་མུ་ཀའི་ཐེམས་འོག་ཏུ་གཞུག་གོ་བླ་ མ་གཉན་གྱི་གདམས་ངག་ཨིཐིའི་མཐའ་ཅན། འགོར་དཔལ་མགོན་པོ་ལ་ཕྱག་འཚལ་ལོ་ནག་པོའི་ལས་གང་གི་ཞེས་ཡོད་པའི་དགྲ་བོ་ཆམ་ལ་འབེབས་པའི་རྫས་སྦྱོར་གྱི་མན་ངག་གཞན་ལས་ཁྱད་འཕགས་ཨིཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ་གྲོང་ ཁྱེར་བསྐྱོད་པའི་སྔགས་ལ་ཞེས་ཡོད་པའི་བསྐྲད་པའི་ལས་མཐར་ཐུག་ཡིན་གྱི་མཐའ་ཅན། རྫོང་པོད་ནའང་ཡོད། དེའི་ཞལ་ཤེས་དམིགས་པའི་འཁོར་ལོ་དྲི་མར་བཅས་སོགས་ཚིག་རྐང་དྲུག་པ་དང། ཞལ་ཤེས་ནི་ཤ་ཤུན་ལ་ཞེས་སོགས་འཁོར་དུ་མི་གཞུག་ བའི་མཐའ་ཅན། འགོར་ངག་གནོན་པར་འདོད་ན་ཞེས་ཡོད་པའི་ངག་མནན་པའི་ལས་མཐར་ཐུག་གཉན་གྱི་གདམས་ངག་ཨིཐིའི་མཐའ་ཅན། རྫོང་པོད་ནའང་ཡོད། འགོར་ ཆོས་ཚན་འདི་གཉིས་དཀར་ཆག་ན་གཅིག་ཏུ་བསྡོམས། ངོར་བའི་དེར་བར་འདིར་བསྒྲད་འཁོར་འདྲི་ཚུལ་ཞིག་འདུག་ མ་ཧཱ་གཱ་ [050A]༄༅། །ལ་ལ་བརྟེན་ནས་འདྲི་བ་ཅན་ཐབས་སུ་མནན་པ་བཟླས་པ་མི་དགོས་བཙན་ཐབས་སུ་གནོན་པའི་མན་ངག་ཨིཐིའི་མཐའ་ཅན། ངོར་ལུགས་ལ་སྐབ་འདྲེ་གནོན་ཐབས་ཞེས་སྣང་བ་ནོར་བར་འདུག་གོ་ །དེའི་གསལ་བྱེད་འགོར་ཙ་ཏུ་རྨུ་ཁ་ལ་ན་མོ་དེའི་ བཀའ་སྡོད་མཧཱ་བཱ་ལ་ཞེས་ཡོད་པ་སྔགས་བཟླ་ཞིང་ས་བཅག་གོའི་མཐའ་ཅན་རྣམས། འདི་དཀར་ཆག་ན་མི་གསལ་བས་གོང་གི་འཕྲོས་སུ་གཏོཌ་སམ་སྙམ། ལྔ་པ་འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་བསྐང་བ་བསྟོད་བསྐུལ་གྱི་སྐོར་ལ། གཏོར་ཆོག་བསྐང་བ་ བསྟོད་བསྐུལ་དང་གསུམ། དང་པོ་ལ། འགོར་ཏཱ་ར་ན་མོ་དཔལ་གདོང་བཞི་པའི་མགོན་པོ་མཆོད་པ་ནི་ལྕགས་ཀྱི་སྣོད་དུ་ཞེས་ཡོད་པའི་མཆད་པའི་ཆོ་ག་གཉན་གྱིས་ཉེ་གནས་དར་མ་སེང་གེ་ལ་བྱིན་པ་རྫོགས་སོའི་མཐའ་ཅན། རྫོང་པོད་ནའང་ཡོད། དེའི་ཁ་ སྐོང་འགོར་འདི་སྒྲུབ་གང་ཟག་དེས་ཞེས་ཡོད་པའི་མཆོད་ཚུལ་དང་བསྟོད་པ་མི་རྟོག་ གོང་དཀར་བའི་གླེགས་བམ་ན་བླ་མ་གཉན་ལ་དབུས་ཕྲུག་ཕུར་པ་དར་གྱིས་ཞུས་ཟེར་བ་སྣང། དབྱིངས་ལས་མ་དང་བཅས་པ་གཏོར་མ་དགྲ་ཕྱོགས་སུ་གཏོང་དགེ་སློང་གཉན་གྱི་གདམས་ངག་གོའི་མཐའ་ཅན། འགོར་ན་མོ་གུ་རུ་ཡི་དམ་གང་བྱེད་དུ་ བསམས་ལ་མདུན་དུ་རྡོའི་མཎྜལ་ཞེས་ཡོད་པའི་མངོན་རྟོགས་དང་སྔགས་རིང་བསྟན་པདྷ་རྨ་པཱ་ལ་ཨུ་པ་དེ་ཤ་ཨིཐིའི་མཐའ་ཅན། འྡིའང་དཀར་ཆག་ན་མི་གསལ། རྫོང་པོད་ན་གཙོ་ འཁོར་གསུམ་པའི་སྒྲུབ་ཐབས་ཟེར། འགོར་ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་མགོན་གདོང་བཞི་པ་ཡབ་ཡུམ་གྱི་ཞེས་ཡོད་པའི་གཏོར་ཆོག་བླ་མ་ཁའུ་པས་མཛད་པ་མགོན་པོ་ཞལ་གཟིགས་ནས་བསྟོད་པའོའི་མཐའ་ [050B] རྫོང་པོད་ནའང་ཡོད། འགོར་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདི་སྒྲུབ་པར་འདོད་པས་ཞེས་ཡོད་པའི་གཏོར་ཆོགས་ཆེན་གྱིས་མཛད་པ་དངོས་གྲུབ་ཅི་འདོད་ཀྱི་འཕྲིཾས་བཅོལ་གསུང་ངོའི་མཐའ་ཅན། དཔལ་མགོན་གདོང་བཞི་པ་འཁོར་དང་བཅས་པ་ལ་ མཆོད་གཏོར་འབུལ་བའི་ཆོ་ག་རྡོ་རྗེ་འཛིན་པ་འཕགས་པས་དཔལ་ས་སྐྱར་བྲིས་པ་རྫོགས་སོའི་མཐའ་ཅན། འདི་གོང་དཀར་པའི་གླེགས་བམ་ན་དངོས་གཞི་འདི་ཁ་ཡིན་པ་ལ་སླ་བཅོས་ཀྱི་མངོན་རྟོགས་སོཌ་ཞེས་སོགས་ཚང་བར་མ་བྲིས་ཤིང་གཏོར་མ་གཙང་སར་གཏོང་ངོ་ཡན་ལས་མཛད་བྱང་མེད་པ་མཇུག་ ཏུ་གཏོར་མ་བཅའ་གཏོང་བཀྲ་རྟགས་སྔགས་རིང་གི་འདོར་ལེན་སོགས་བྲིས་པ་ཞིག་སྣང་ངོ། །སྟོབས་འཕྲོག་ནག་པོ་མཉེས་པར་བྱེད་པའི་མངོན་རྟོགས་སམ་གཏོར་ཆོག་བླ་མའི་གསུང་བཞིན་དམར་ཆོས་ཀྱི་རྒྱལ་པོས་བསྡེབས་ལ། འགོར་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། དཔལ་མགོན་ཞལ་བཞི་པའི་གཏོར་ཆེན་བྱེད་པར་འདོད་པས་ཞེས་ཡོད་པའི་དྲག་པོའི་གཏོར་ཆེན་གྱི་མན་ གོང་དཀར་བའི་གླེགས་བམ་ན་ཚང་བ་གཅིག་དང། བསྐལ་མེ་མ་མན་མེད་པ་ཞིག་དང་བཅས་འདུག་ །ངག་ཡར་ཀླུངས་པ་སེངྒེ་རྒྱལ་མཚན་གྱིས་མཛད་པ་སུ་ཡིན་ཡིན་ ལ་མི་སྦྱིན་ནོ་ཞེས་བརྒྱུད་པ་རྣམས་གསུང་ངོའི་མཐའ་ཅན། འདིའི་གཤམ་ན་སེངྒེ་རྒྱལ་མཚན་གྱིས་ཀླུའི་དགོན་པར་ཞུས་དག་བགྱིས་ཟེར་བ་ལས་མཛད་བྱང་མི་འདུག་ །དེའི་ཕྱག་ལེན་གཏོར་བཟློག་ལྷན་ཐབས་བདག་ཆེན་ངག་གི་དབང་ཕྱུག་གི་བཀས་བསྐུལ་བ་ལ་ བརྟེན་ནས་རྗེ་བཙུན་རྡོ་རིང་པ་ཆེན་པོས་ཁའུ་བྲག་རྫོང་དུ་མཛད་པ་རྣམས། གཉིས་པ་བསྐང་བ་ལ། དམ་རྫས་ཀྱི་བསྐང་བ་ཁྱེད་མཐུན་མ་སྤྱན་འདྲེན་ལྷ་མཆོག་མ་དང་བཅས་པ་གཉན་ གོང་དཀར་བའི་གླེགས་བམ་དུ་ཚིག་ཟུར་མི་འདྲ་བ་ཅུང་ཟད་སྣང་ཞིང་ལྷ་མཆོག་མཧཱ་ཀཱ་ལ་ [051A]༄༅། །མན་གྱི་སྤྱན་འདྲེན་རྣམས་ལྷག་པོར་འདུག་གོ་ །ལོས་མཛད་པ། རྫོང་བོད་ནའང་ཡོད། དེས་མཛད་པའི་ཕྱག་མཚན་བཅའ་ཐབས་དང་འབུལ་བའི་ཚིགས་བཅད་སྟོབས་ཆེན་ཤུགས་དྲག་མ། ཁའུ་པས་མཛད་པའི་གཏོར་བསྐང་ དུར་ཁྲོད་གནས་བརྒྱད་མ། སྟོབས་འཕྲོག་ནག་པོའི་གསང་མདོས་མགོན་པོ་ཉིད་ཀྱིས་བླ་མ་ཁའུ་པ་ལ་དངོས་སུ་གནང་བ་རྣམས། རྫོང་བོད་ནའང་ཡོད། གསུམ་པ་བསྟོད་བསྐུལ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་སྲིན་གཟུགས་ མ༑ སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་བསྟོད་པ་སྲིན་པོའི་གཟུགས་ཅན་མ། བྲམ་ཟེ་རིན་ཆེན་རྡོ་རྗེས་མཛད་པའི་བསྟོད་པ་དཔལ་ལྡན་མགོན་པོ་ཤླཽ་ཀ་ཉི་ཤུ་ཕ་གཉན་ལོ་ཙཱ་པས་བསྒྱུར་བ། རི་སུལ་གྱི་རྣལ་འབྱོར་མས་ མཛད་པའི་བསྟོད་པ་མི་རྟོག་དབྱིངས་ལས་མ། བླ་མ་གཉན་ལོ་ཙཱ་བས་མཛད་པའི་བསྟོད་པ་པཾ་པད་རཾ་ཉི་མ། དེང་སང་འདི་དང་ཡུམ་གྱི་བསྟོད་པ་གཡས་ཕྱོགས་མ་གཉིས་སོ་སོར་བྲིས་པ་མང་ཡང་འདི་ཁའི་མུར་འཐུད་ནས་མཛད་བྱང་བྲིས་འདུག་གོ་ ཁའུ་པས་མགོན་པོའི་ཞིལ་དངོས་ སུ་གཟིགས་དུས་བསྟོད་པ་རྡོ་རྗེ་འཆང་དབང་མ། བསྐང་བསྟོད་ལ་ལར་འདི་དང་ཁྱོད་བཞུགས་མ་གཉིས་ཁ་ཕྲལ་ནས་བྲིས་པ་ཡོང་འདུག་ཀྱང་དོན་དུ་འདི་ཁའི་འཕྲོས་ཡིན། མལ་ལོ་ཙཱ་བས་རྨི་ལམ་མ་དུ་མགོན་པོ་ཞལ་གཟིགས་དུས་བསྟོད་པ་ཞི་རྒྱས་དབང་དྲག་མ། ས་ཆེན་གྱིས་ བསྟོད་པ་འཇིགས་བྱེད་དཔའ་བོ་མ། ས་པཎ་གྱིས་ས་སྐྱར་མཛད་པའི་བསྟོད་པ་དཔལ་ལྡན་དབང་ལྡན་མ། རྫོང་པོད་ནའང་ཡོད། འཕགས་པ་རིན་པོ་ཆེས་ཤིང་ཀུན་ཏུ་མཛད་པའི་བསྟོད་པ་སངས་རྒྱས་གཅིག་བསྡུས་མ། འདིའི་རྗེས་སུ་དམ་པ་ཀུན་དགའ་བྲགས་ [051B] ཆོས་རྗེ་བླ་མ་དམ་པས་མཛད་པའི་བསྟོད་པ་སྟོང་ཉིད་སྙིང་རྗེ་མ། དེས་མཛད་པའི་བསྟོད་པ་སྲིད་གསུམ་དབང་བསྒྱུར་མ། གཏོར་ཆོག་བསྟོད་བསྐུལ་དང་བཅས་པ་ཞེས་མཛད་བྱང་ན་འདུག་ །འཇམ་དབྱངས་གྲགས་པས་མཛད་པའི་ བསྟོད་པ་བདེ་ཆེན་དུར་ཁྲོད་མ། དམར་ཆོས་ཀྱི་རྒྱལ་པོས་བསྟོད་པ་དཔལ་ལྡན་མཧཱ་ཀཱ་ལ་མ། འཇམ་དབྱངས་འཁོན་སྟོན་གྱིས་ཆུ་བཟང་དབེན་གནས་སུ་མཛད་པའི་བསྟོད་པ་རྒྱལ་བ་ཀུན་གྱི་མ། བཀྲ་ཤིས་དོན་གྲུབ་ཀྱིས་བསྟོད་པའི་ དུས་གསུམ་སངས་རྒྱས་མ། དྷརྨ་ཤྲཱི་བྷ་དྲས་སྔོན་ལུང་བསམ་གཏན་རྫོང་དུ་སྦྱར་བའི་བསྟོད་པ་ཁྱོད་ཐུགས་ཞི་བ་མ། མཁན་ཆེན་གནས་དྲུག་པས་མཛད་པའི་བསྟོད་པ་མཐུ་ཆེན་སྡང་དགྲ་མ། བྷྱ་ཝན་ཡོན་ཏན་བློ་གྲོས་ཀྱིས་མཛད་པའི་ རྩ་སྔགས་ཀྱི་དོན་བསྟོད་དུས་མཚན་ཆེན་པོ་མ། སྔགས་འཆང་གཟུངས་པས་ས་སྐྱར་མཛད་པའི་བསྟོད་པ་སྐུ་གསུམ་མངོན་གྱུར་མ། རྫོང་པོད་ནའང་ཡོད། དེས་མཛད་པའི་ཐུན་གསུམ་བསྟེན་ཅིང་མ། ཆོས་རྗེ་བཟང་པོ་རྒྱལ་མཚན་པར་ཆོས་སྐྱོང་གིས་རྨི་ ལམ་དུ་བསྐུལ་ནས་ཁའུ་སྐྱེས་ལྷས་སུ་མཛད་པའི་ཧ་ཧ་རྒོད་པ་མ། ཤྲཱི་མའན་བྷ་དྲས་རྩ་སྔགས་དང་མཐུན་པར་རིན་ཆེན་སྒང་མགོན་ཁང་དུ་བསྟོད་པ་ཆོས་དབྱིངས་མཐིང་ནག་མ། བཟང་པོའི་མཐའ་ཅན་གྱིས་རིན་ཆེན་སྒང་བླ་བྲང་དུ་བསྟོད་པའི་ལྷ་ ཆེན་ཐུགས་ཀྱི་མ། ཞལ་བཞི་པས་བསྐུལ་ནས་སྦས་པའི་རྣལ་འབྱོར་ཟུར་ཤཱཀྱ་དཔལ་གྱིས་མཛད་པའི་བསྟོད་པ་རབ་འཇིགས་དུར་ཁྲོད་མ། རྫོང་པོད་ནའང་ཡོད། གཉན་ལོས་མཛད་པའི་རྩ་སྔགས་ཀྱི་དྲག་བསྐུལ་ནག་པོ་ཆེན་པོ་མ། དེས་མཛད་པའི་ [052A]༄༅། །བསྟོད་བསྐུལ་མངོན་སྤྱོད་རོལ་པ་ལོ་རྒྱུས་དང་བཅས་པ། དེས་མཛད་པའི་བསྟོད་བསྐུལ་ལས་ཀྱི་རྒྱལ་པོ་ཚིགས་བཅད་དཔལ་ལྡན་མགོན་པོ་མ་ལོ་རྒྱུས་དང་བཅས་པ། དེས་མཛད་པའི་བསྐུལ་ལེགས་ལྡན་ནག་ པོ་མ། འདི་དཀར་ཆག་ན་མི་གསལ་བ་གོང་གི་བསྟོད་བསྐུལ་གྱི་སྡེབས་སུ་འགྲོ་རྒྱུ་ཡིན་ནམ་རྟབ། དེས་མཛད་པའི་དམོད་བསྐུལ་ལས་ཀྱི་རྒྱལ་པོ་ཞེས་པ་ཚིག་ལྷུག་དཔལ་ལྡན་ནག་པོ་མ། ཁའུ་པས་མཛད་པའི་དམོད་བསྐུལ་ལོ་སྟོན་ཐིག་ལེ་ལ་གནང་བ་ཚིག་ལྷུག་དཔལ་ལྡན་ མཧཱ་ཀཱ་ལ་མ་རྣམས། དཀར་ཆག་ཏུ། སྙན་བརྒྱུད་ཁྲག་མཚོའི་ལྗོངས་ནས་འོངས། །མངོན་སྤྱོད་སྤྲུལ་གདུག་ཁ་རླངས་ཅན། །སྲོག་གི་མཐར་བྱེད་འདི་མཐོང་ཚེ། །བསྟན་དང་བསྟན་འཛིན་ལ་འཁུ་བའི། །མི་དང་མི་མིན་གང་ཅིའང་རུང། །བག་ཡོད་དུས་ལ་ཕབ་མིན་ནམ། །ཞེས་གསུངས་པར་དཔག་ན་ཕྱི་སྒྲུབ་ཡིན་པ་རྒྱུ་མཚན་ དུ་བྱས་ནས་སྣོད་མ་བརྟགས་པར་བབ་ཅོལ་དུ་ཆད་པའང་མི་རུང་བར་མངོན་ནོ།། ༈ རྩ་བའི་ཡི་གེ་ཆིགས་བཅད་མ་བླ་མའི་མན་ངག་བཞིན་གེབ་དཀྲུགས་མེད་ པར་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཡིག་རྙིང་འདི་ལྟ་བུ་ཡོད་པ་མིག་དང་རྣ་བའི་ཡུལ་དུ་མ་གྱུར་པར་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོས་ཚར་ཆེན་གྱི་གུར་མགོན་གྱི་འཁྲིད་ལ་དཔེ་བླངས་པའི་རང་བཟོ་ཡིན་ཞེས་ངན་སྨྲས་ཀྱི་ཐན་སྐད་ཕྱོགས་བརྒྱར་སྒྲོག་པ་ནི་རང་གི་ནང་ཆ་གསལ་བར་སྟོན་པའོ། །གསང་ སྒྲུབ་ཀྱི་འཁྲིད་གཞུང་ངམ་མན་ངག་ཐུན་མོང་མ་ཡིན་པ་སྙན་ནས་སྙན་དུ་བརྒྱུད་པ་ཀ་ཞ་དཀའ་བཅུ་དང་རོང་པོ་དཀའ་བཅུ་སོགས་དགེ་བའི་བཤེས་གཉེན་དུ་མས་བསྐུལ་བ་ལ་བརྟེན་ནས་མཚུངས་མེད་སྐྱེས་མཆོག་རྒྱལ་མཚན་གྱིས་མཛད་པ། གསང་བའི་ཁྲིད་ཡིག་ [052B] དེས་ ཁའུ་བྲག་རྫོང་ནག་པོའི་རུ་འདྲེན་གྱི་ཕོ་བྲང་སུམ་ཅུ་རྩ་གསུམ་གྱི་བསམ་གཏན་ཁང་བུར་མཛད་པའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་རྒྱལ་བ་ཀུན་དངོས་མ་རྣམས། འདི་སྐོར་ནི་གཙོ་བོར་མཆོག་གི་དངོས་གྲུབ་ཟུང་འཇུག་གི་གོ་འཕང་སྒྲུབ་ པའི་གསང་ལམ་ཟབ་མོ་ཡིན་པས། དཀར་ཆག་ཏུ། ལྷན་སྐྱེས་རྡོ་རྗེ་ལུས་ཀྱི་ཞིང་སྐྱོང་ཆེ། །བདེ་ཆེན་འོད་སྟོང་འབར་བའི་འཛུམ་ཞལ་ལ། །རྣལ་འབྱོར་ཡིད་ཀྱི་དགའ་མ་ཇི་བཞིན་དུ། །འབྲལ་མེད་རྩེ་དགས་རོལ་འདི་ངོ་མཚར་རྨད། །ཨེ་མ་ཚེ་འདིའི་ ཆོས་བརྒྱད་ཀུན་དོར་ནས། །གཅིག་པུར་དབེན་པའི་ནགས་ཀྱི་སྨན་ལྗོངས་སུ། །རྒྱལ་བའི་ཐུགས་བཅུད་རིམ་གཉིས་བདུད་རྩིའི་རོ། །མྱང་བའི་སྤྱོད་ཚུལ་དེ་ལ་སྙིང་ནས་སྤྲོ། །ཞེས་པ་རྡོ་རྗེའི་གསུང་བླ་ན་མེད་པ་ཡིན་ལ། ཞར་བྱུང་དུ་ལས་བཞི་ཀ་དང་ཁྱད་ པར་མངོན་སྤྱོད་ཀྱི་ལས་སྤྲོས་པ་ལམ་ལྟོས་པར་འབད་མེད་དུ་འགྲུབ་པས། ཨེ་དབྱིངས་སྡེ་བརྒྱུད་དབུས་སུ་བསྒྲུབ་བྱའི་གཟུགས། །ལུས་ལ་ཞིང་སྐྱོང་བཀོད་པའི་འཁྲུལ་འཁོར་གྱིས། །རྩ་འབྲལ་ཁམས་གསོལ་རྣམ་ཤེས་འཕྲོག་པ་ཡི། །ཞེས་ དགྲ་པོ་རྣམས་རིང་པོར་མི་ཐོགས་པར་མི་བསྐྱོད་པའི་ཞིང་དུ་སྐྱེལ་བའི་ཟབ་གནད་ཀྱང་ཤིན་ཏུ་ཆེའོ། །གསུམ་པ་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་ལ། རི་སུལ་གྱི་རྣལ་འབྱོར་མས་བླ་མ་གཉན་ལ་གདམས་པའི་ཐུན་མོང་མ་ཡིན་པའི་ [053A]༄༅། །ཤོག་དྲིལ་ཉེར་གཅིང། །དེ་ལས་ཟབ་པའི་ཡིག་ཆུང་དང་གཉིས། དང་པོ་ལ། འགོར་བླ་མ་རྡོ་རྗེ་འཆང་དབང་དང་ཞེས་ཡོད་བའི་བསྲུང་བཟློག་བསད་མནན་ཙེ་སྒྲུབ་དང་བཅས་པའི་ཤོག་དྲིལ་གཏོར་མདོས་མན་ངག་རྫོགས་སོའི་ མཐའ་ཅན། འགོར་དཔལ་ལྡན་བླ་མ་དམ་པ་དང་ཞེས་ཡོད་པའི་རྟེན་གསུམ། གནད་འབེབས། བསྙེན་པ། ལས་སྦྱོར། རྟགས། སྲེག་མནན་རྣམས་སྟོན་པ་སྤས་ཏེ་འཛམ་གླིང་དུ་མ་གྲགས་པ་སྙིང་ནང་གི་ཁྲག་ལྟ་བུའི་ཤོག་དྲིལ། འགོར་ཆོས་ སྐྱོང་ཞི་བར་ཞེས་ཡོད་པའི་བསྙེན་དུས་ཀྱི་མགོན་པོ་ལ་བརྟེན་པའི་ཆོས་སྐྱོང་ཞི་བ་ནོར་དུ་སྒྲུབ་པའི་ཤོག་དྲིལ་སྒྲུབ་ལུགས་ཡིན་ནོ་རྫོགས་སོའི་མཐའ་ཅན། འགོར་བུདྡྷ་ཡ་ཤྲཱི་བ་ཤཾ་ཀུ་རུ་ཞེས་ཡོད་པའི་ཞལ་གཅིག་ཕྱག་གཉིས་པ་མ་ཧིའི་ གདན་ལ་བཞུགས་པ་ནང་ཙིཏྟལ་བརྟེན་ནས་ཞལ་དངོས་སུ་བལྟ་བའི་ཤོག་དྲིལ་རྫོགས་སོའི་མཐའ་ཅན། འགོར་དཔལ་མགོན་པོ་གདོང་བཞི་པ་བསྒྲུབ་པ་ལ་ཞེས་ཡོད་པའི་ཕྱིའི་སྒབ་འདྲེ་བདུད་མོ་ཤནྟི་རོ་ཟན་མ་གནོན་པ་འབྲུག་མགོ་ཅན་གྱི་ ཤོག་དྲིལ། འགོར་བྱད་མའི་ངག་མནན་པ་ནི་ཞེས་ཡོད་པའི་ནང་གི་མལ་འོག་བསྲུང་བ་བྱད་མའི་ངག་གནོན་པའི་ཤོག་དྲིལ། འགོར་མན་ངག་འདིའི་ཞལ་གདམས་ནི་ཞེས་ཡོད་པའི་གསང་བ་རང་སྲོག་རྟེན་གྱི་འཁོར་ལོ་ཁ་སྦྱོར་ཤོག་དྲིལ་ ཞར་བྱུང་དུ་དམ་ཚིག་འཁུ་ལྡོག་འཆིང་བ། གཉེན་པོ། རིག་སྔགས་གོ་ལྡོག་རྣམས་ཀྱང་ཟུར་ཙམ་བསྟན་པ་ཅ་ཀྲའི་གདམས་པ་ཨིཐིའི་མཐའ་ཅན། འཁོར་བསྲུང་ཞིང་མི་འཁུ་མི་ལྡོག་པའི་འཁོར་ལོའི་ཤོག་དྲིལ་ཨིཐཱིའི་མཐའ་ཅན། འགོར་ [053B] རྫོང་པོད་ནའང་ཡོད། བུམ་པ་ལ་བརྟེན་ནས་ནག་པོ་ཆེན་པོའི་འཆི་མེད་ཚེ་སྒྲུབ་ཀྱི་ཤོག་དྲིལ་བླ་མ་ ཆེན་ཏ་པས་ལུང་བསྟན་ཐོབ་ནས་བསྒྲུབས་པས་ལོ་ཕྱེད་དང་ཉིས་བརྒྱ་བཞུགས་པའི་ཆེ་བ་ཅན། རྫས་སྔགས་འཁོར་ལོ་གསུམ་ལ་བརྟེན་པའི་ནག་པོ་ཆེན་པོའི་དགོས་འདོད་ནོར་བུ་སྒྲུབ་པའི་ཤོག་དྲིལ་ས་མ་པ་ཐའི་མཐའ་ཅན། རྫས་སྔགས་སྲོག་ འཁོར་གསུམ་ལ་བརྟེན་པའི་སྐུ་དངོས་སུ་བལྟ་བའི་ཤོག་དྲིལ་ཨིཐིའི་མཐའ་རྟེན་སྙིང་གི་རྒྱ་ཅན། རྫས་སྔགས་ལྷ་བསྒོམ་པ་གསུམ་ལ་བརྟེན་པའི་ནག་པོ་ཆེན་པོའི་ཆོ་འཕྲུལ་ལྟས་ངན་དབབ་པའི་ཤོག་དྲིལ་བཏང་བ་ཨིཐིའི་མཐའ་ཅན། རྫས་སྔགས་འཁོར་ ལོ་གསུམ་ལ་བརྟེན་ནས་ནག་པོ་ཆེན་པོས་དགྲ་སྲོག་མྱུར་དུ་གཅོད་པའི་སྲོག་རྩ་རྣོན་པོའི་ཤོག་དྲིལ་གཞན་ལ་སྤེལ་ན་བཀའ་ཆད་འབྱུང་ས་མ་པ་ཐ་མིའི་མཐའ་ཅན། རྫས་སྔགས་བཅའ་གཞི་གསུམ་ལ་བརྟེན་ནས་ནག་པོ་ཆེན་པོས་དགྲ་མཁར་རྨད་ ནས་སྒྱེལ་བ་ནག་པོ་མཁར་སྒྱེལ་གྱི་ཤོག་དྲིལ་མཁར་པ་ཤིག་པའི་སྤུ་གྲི་ནག་པོ་ཞེས་བྱ་བ་ས་མ་པ་ཐའི་མཐའ་ཅན། རྫས་དང་སྔགས་ཀྱི་བཟླ་ཐབས་ལ་བརྟེན་ནས་སེར་བ་དབབ་པ་གདོང་བཞི་པའི་སྤུ་གྲི་ངར་མའི་ཤོག་དྲིལ་བཅོལ་བསྐུལ་གཞུང་ དང་མཐུན་ནོའི་མཐའ་ཅན། འགྲོར་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ་ནག་པོ་འཇིགས་པར་བྱེད་པ་ཡི་ཞེས་ཡོད་པའི་རྫས་སྔགས་གཉིས་ལ་བརྟེན་ནས་ཞིང་སེལ་འཇུག་པ་སྤུ་གྲི་སོ་འདེབས་སོའི་མཐའ་ཅན་གྱི་ཤོག་དྲིལ། འགོར་བླ་མ་དམ་པ་རྣམས་ལ་ [054A]༄༅། །ཕྱག་འཚལ་ལོ་ཆོས་སྐྱོང་གི་བསྙེན་པ་བྱས་པས་ཅུང་ཞིག་རྩུབ་ནས་ཞེས་ཡོད་པའི་ཙ་ཏུ་རྨུ་ཁ་བཅུན་ཐབས་ཉི་ཟླ་ཅན་གྱི་ཤོག་དྲིལ་གནད་ལ་དབབ་པའི་གདམས་པ་རྫོགས་སོའི་མཐའ་ཅན། འགོར་ལྷ་མོ་ནག་མོའི་ཞལ་ གདམས་ཞེས་ཡོད་པའི་གནད་ལ་དབབ་པ་ལྷ་མོ་ནག་མོའི་ཤོག་དྲིལ་ཏིང་འཛིན་ཞལ་ཤེས་ལེགས་པར་ཐུགས་ལ་ཆོངས་ཀྱི་མཐའ་ཅན། འདི་ལ་དང་ལ་མགོན་གདོང་བཞི་བའི་མན་ངག་ཅེས་པ་གོང་གི་གསལ་བྱེད་འདྲ་བ་གཅིག་ན་མོ་གུ་རུ་གཉིས་པ་བགྱིས་སོ་ཞེས་དང། ཨ་མ་ར་ཞེས་ ལ་ཡོད་པ་གཅིག་དང་བཅས་པའི་ནང་གསེས་ཆོས་ཚན་བཞིར་དབྱེ་བ་འདྲ་ཞིག་འདུག་ཀྱང་དཀར་ཆག་ཏུ་བསྡོམས་པར་སྣང་ངོ། །རྫོང་པོད་ནའང་བཞུགས། གོང་དཀར་བའི་གླགས་བམ་ན་ནང་གསེས་བཞིའི་གཉིས་པ་འགོར་ཏཱ་རན་མོ་དཔལ་མགོན་གདོང་བཞི་བ་ཞེས་དང་མཇུག་ཏུ་ཆོས་རྗེ་རིན་པོ་ཆེ་བསོད་རྣམས་ལ་བརྒྱུད་ཟེར་བ་ དེ་སྣང་ འགོར་དཔལ་མགོན་ནག་པོ་ཆེན་པོ་མ་ཆུན་ནས་ཞེས་ཡོད་པའི་མ་ཆུན་འཁུ་ལྡོག་བྱེད་ན་མནན་པའི་ཤོག་དྲིལ་ས་མ་པ་ཐ་མིའི་མཐའ་ཅན། འགོར་དཔལ་ནག་པོ་ཆེན་པོ་གདོད་བཞི་པ་དགྲ་བོ་ལ་འགྲོ་མ་ཉན་ཅིང་ཞེས་ཡོད་པའི་ལས་བྱེད་དུ་མི་ འདོད་ན་ཨར་གཏད་ཀྱི་ཤོག་དྲིལ་ཤིན་ཏུ་སྤས་བའོའི་མཐའ་ཅན་རྣམས་དུས་གཅིག་ལ་མང་པོར་མི་སྤེལ་བའི་ཆིག་བརྒྱུད་གྲས་ཡིན། ཤོག་དྲིལ་དང་པོའི་གསལ་བྱེད་འགོར་བླ་མ་དང་དཔལ་ལྡན་མགོན་པོ་ལ་ཕྱག་འཚལ་ལོ། །རྗེ་བཙུན་ ཀུ་སཱ་ལི་ཞེས་ཡོད་པ་རྗེ་བཙུན་རྡོ་རིང་པཾ་ཆེན་པོས་མཛད་པ་ཟློག་པ་སོགས་གཞན་དུ་ཤེས་སོའི་མཐའ་ཅན། ཤོག་དྲིལ་དང་པོའི་རྒྱུན་གྱི་ཉམས་ལེན་ངག་འདོན་གསལ་བར་བཀོད་པ་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ་རྣམས། གཉིས་པ་དེ་ [054B] ཙ་ཏུ་རྨུ་ཁ་དཀར་པོ་ཚེ་འཕེལ་གྱི་སྒྲུབ་ཐབས་ཞར་བྱུང་རྗེས་གནང་གི་ཡི་གེ་དང་བཅས་པ་སྙན་བརྒྱུད་ཡི་གེར་བཀོད་པ་བཀའ་རྒྱ་ཨིཐིའི་མཐའ་ཅན། འགོར་གཉིས་པ་རྣལ་འབྱོར་པ་ནོར་སྤེལ་ན་ཞེས་ཡོད་པའི་སེར་པོ་རྒྱས་པའི་ཡི་གེ་ འགོར་གསུམ་པ་དགྲ་བགེགས་སྒྲོལ་ན་ཞེས་ཡོད་པའི་ནག་པོ་དགྲ་བགེགས་སྒྲོལ་བའི་ཡི་གེ་ཞལ་དུ་གསོལ་བར་བསམ་མོའི་མཐའ་ཅན། འགོར་བཞི་པ་དམིགས་བྱ་དབང་དུ་བསྡུ་ན་ཞེས་ཡོད་པའི་དམར་པོ་དབང་སྡུད་ཀྱི་ཡི་གེ། འགོར་ཏཱ་ར་ལ་ན་མོ་ མགོན་པོ་དཀར་སེར་དམར་ནག་ཅེས་ཡོད་པའི་ལས་བཞི་མགོན་པོའི་མངོན་རྟོགས་ཀྱི་གསལ་བྱེད་ཨུ་པ་དེ་ཤ་གསང་བར་བྱའོའི་མཐའ་ཅན། མགོན་པོ་སེར་པོའི་བྱིན་རླབས་ཀྱི་ཡིག་ཆུང་ཙིཏྟའི་དཀྱིལ་དུ་སྤས་སོ་སམ་པ་ཐ་མིའི་མཐའ་ཅན། ལས་ བཞི་མགོན་པོ་སྒྲུབ་ཐབས་ཏཱ་མིང་རྒྱལ་པོ་ཆེན་པོའི་བཀས་བསྐུལ་བ་ལྟར་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་ཕོ་བྲང་ཏྭའི་ཏུའི་ཧྭོའི་སྡེ་ཆེན་པོར་སྦྱར་བ། མགོན་པོ་ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཟླ་བའི་ཆུ་རྒྱུན་རྡོ་རྗེ་འཆང་ཚར་བ་ཆོས་རྗེས་མཛད་པ། དེས་མཛད་ པའི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འཆང་དབང་མ། རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོས་གཉན་ལོ་བོད་དུ་འབྱོན་ཁར་འགྲོ་ཆོས་སུ་གནང་བའི་བྲམ་ཟེ་དམོད་པའི་སྲོག་མཐུ་དགྲ་བོའི་སྲོག་གི་བཤན་པ་དམར་པོ་སྙིང་ཁྲག་ཐང་ལ་འཕོ་ ཞིག་ས་མཱ་ཡ་ན་ར་སྐན་གྱི་མཐའ་ཅན། ངན་སྔགས་དགྲ་སྲོག་གི་སྤུ་གྲི་དམར་པོ་ཡང་ཟེར། འདི་བྱི་བྲམ་ཟེ་ལྟར་སྒྲུབ་པའི་མན་ངག་ཡིན་ནམ་སྙམ། ལམ་བར་གྱི་ཆོམ་རྐུན་བརྟག་པའི་ཕྱིར་དུ་གདོང་བཞི་པའི་བཀའ་སྡོད་དྲང་སྲོང་ནག་པོའི་བྲ་སེན་དབབ་པའི་མན་ངག་མཁར་ [055A]༄༅། །ནག་དགེ་བཤེས་ནས་བརྒྱུད་པ་ཤིན་ཏུ་གསང་བ་གལ་ཆེའོའི་མཐའ་ཅན། དེའི་ཞལ་ཤེས་སྙིང་གི་དཀྱིལ་དུ་ཆོངས་ཀྱི་མཐའ་ཅན། བླ་མ་གཉན་བོད་དུ་འབྱོན་ཁར་མགོན་པོས་ལུང་བསྟན་པ་ལ་བརྟེན་ ནས་ཞུས་པའི་ཙ་ཏུ་རྨུ་ཁའི་ཆོ་འཕྲུལ་ཐན་འགྱེད་གཉན་གྱི་མགུལ་ཁུག་མར་གྲགས་པ་ཆིག་བརྒྱུད་སྙིང་གི་དུམ་བུ་བཀའ་རྒྱ་དང་བཅས་པ་ཨིཐིའི་མཐའ་ཅན། འགོར་ཌཱ་ཀི་མ་བཞི་ཞེས་ཡོད་པའི་ཡུམ་ཆེན་བཞིའི་ཐན་འགྱེད་གཉན་གྱི་མགུལ་ ཁུག་བཀའ་རྒྱ་མ་ས་མ་པ་ཐ་མི་ཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ་རྣལ་འབྱོར་པ་མཚན་མ་ཐོབ་ནས་ཞེས་ཡོད་པའི་གཉན་མགོན་གྱི་སྤར་བུའི་ཆོ་གའི་མན་ངག་ཞལ་གདམས་བཀའ་རྒྱ་མ་ཨིཐིའི་མཐའ་ཅན། འགོར་ཏཱ་ར་ན་མོ་ མགོན་པོའི་ནོར་སྒྲུབ་ནི་ཞེས་ཡོད་པའི་གཉན་མགོན་ལྷ་དགུའི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་སྙན་བརྒྱུད་ཀུན་ལ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ་ཤིན་ཏུ་གསང་རྒྱའི་མཐའ་ཅན། འགོར་ཏཱ་ར་ན་མོ་རྫས་ཀྱི་སྦྱོར་བ་ཞེས་ཡོད་ པའི་རྫས་ཀྱི་སྒོ་ནས་དགྲ་གསོད་པའི་ལས་སྦྱོར་བླ་མའི་ཞལ་ལས་ཤེས་སོ་ས་མ་བ་ཐའི་མཐའ་ཅན། འགོར་ཏཱ་ར་ན་མོ་གཏད་བྱ་བ་ནི་ཞེས་ཡོད་པའི་རྡོ་ནག་ཡིག་དམར་གྱི་སྒྲུབ་མཐུ་གསེར་ཞོ་རེའི་བཀའ་རྒྱ་ཡོད་ས་མ་པ་ཐ་མི་ཐིའི་མཐའ་ཅན་ འགོར་ཁང་སེལ་ཞིང་སེལ་ལ་ཞེས་ཡོད་པའི་ཁང་སེལ་ནག་པོ་ཟླ་ཕྱེད་ཚུན་ལ་འཇིག་བསཱཧཱ་སྔསོ་ཨིཐིའི་མཐའ་ཅན། འགོར་ཞལ་བཞི་པའི་མན་ངག་ལ་དགྲ་བོ་གློ་བུར་དུ་ཞེས་ཡོད་པའི་དགྲ་བོ་ཟླ་བ་གཅིག་ལ་གསོད་པ་མཛེ་ཕོ་ནག་པོའི་མན་ངག་ [055B] དགྲ་བོ་ཀླུ་ལ་གཏོད་པ་རེག་པས་ཆོག་པ་དྲག་པོའི་བཙན་དུག་གཏད་ཁྲམ་གྱི་ཡང་སྙིང་གཉན་གྱི་ནཱ་ག་སྟོབས་འགྲོག་ཏུ་གྲགས་པ། འགོར་ན་མོ་གུ་རུ་མོན་པ་ཞེས་ཡོད་པའི་མོན་པ་ནག་པོ་ནོར་བཤེར་གྱི་ འདི་བརྩེགས་ཞལ་གྱི་ལས་ཚོགས། མན་ངག་རྒྱ་ གར་ནས་བོད་དུ་བྱོན་པ་ལ་འདི་ལས་ཟབ་པ་མེད་དོ་རྟཌ་ཐོན་ཐོན་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག་གི་མཐའ་ཅན། དར་ལུང་གི་བྲག་སྤྲེའུ་དམར་འཛིང་འདྲ་བའི་རྨང་དུ་བླ་མ་གཉན་གྱིས་སྦས་པ་ཁའུ་པས་བཏོན་པའི་ཟངས་ཁབ་ དམར་པོའི་གསད་ལས་ཁར་ལྕེ་མྱུག་གེ་བྱའོའི་མཐའ་ཅན། གདོང་བརྙན་ཅན་ལ་བརྟེན་པ། འགོར་དཔལ་རྗེ་བཙུན་སྟོབས་འཕྲོག་ནག་པོ་ལ་ཕྱག་འཚལ་ལོ། །བླ་མ་གཉན་ལོ་ཙཱ་བ་ཞེས་ཡོད་པའི་སྲེག་བྱེད་མེའི་སྦྱོར་བ་བླ་མ་ཁའུ་པ་ཆེན་པོའི་གསུང་བཞིན་ ཡི་གེར་བཀོད་པ་ལ། ནག་པོ་ཆེན་པོས་བཟོད་པར་མཛོད་ཅིག་སམ་པ་ཐ་མི་ཐིའི་མཐའ་ཅན། འགོར་ཨོཾ་སྭ་སྟི་སིདྡྷཾ་དཔལ་མགོན་པོ་ཞལ་བཞི་བའི་ཞལ་གྱི་གདམས་པ་བསྟན་པ་ནི་ཞེས་ཡོད་པའི་བཅུན་པའི་མཐར་ཐུག་སྡིག་པ་ནག་པོའི་འཁྲུལ་ འཁོར་གྱི་ལས་ཚོགས་གཙོ་འཁོར་གསུམ་བསྒོམ་མོའི་མཐའ་ཅན་རྣམས། གཞན་ཡང་གདོང་བཞི་པའི་སྒོ་ནས་སྲེའུ་གསོ་པ་རྒྱུད་རིན་ཆེན་སྤུངས་རྒྱན་གྱི་གདམས་པ་མངལ་བསྲུང་བའི་ཆོ་གའོའི་མཐའ་ཅན། བུ་འཚོལ་བའི་མན་ངག་ལྟས་ཀྱི་ ལེའུའི་མཐའ་ཅན། མངལ་བསྲུང་བའི་གདམས་པ་དབང་ཕྱུག་དང་པདྨ་ལ་བརྟེན་པ་གཉན་གྱི་ཨུ་པ་དེ་ཤའི་མཐའ་ཅན། མཧཱ་ཀཱ་ལའི་སྐུ་གཟུགས་ལ་བརྟེན་ནས་སྲིའུ་གསོ་པ། འགོར་ཏཱ་ར་ན་མོ་ཞལ་བཞི་པའི་སྒོ་ནས་སྲིད་མེད་སྲིད་དང་འཕྲད་པ་འདི་ [056A]༄༅། །ལ་གསུམ་སྟེ་ཞེས་ཡོད་པའི་སྲིད་མེད་བ་འཚོལ་བ་ལུང་སྐམ་ཆུ་འབེབས། ཀླུང་ལོག་བུ་མོར་འོང་བས་སྲིད་པ་ལྟེ་བ་བསྒྱུར་བ། ཡོད་པ་གསོ་བའི་གདམས་པ་རྣམས་ཀྱི་ཡི་གེ་བླ་མ་གཉན་གྱིས་མཛད་པ་བཀའ་རྒྱ་ མ༑ འགོར་ཏཱར་ན་མོ་ནག་པོ་ཆེན་པོའི་སྒོ་ནས་ཆུང་སྲིད་ཞེས་ཡོད་པའི་ཆུང་སྲི་འདུལ་བ་གཉན་ལོའི་མན་ངག་ཨྠིའི་མཐའ་ཅན། དཀར་ཆག་ན་འདི་གོང་མའི་ཁོངས་སུ་བསྡུས་པ་ལས་ཟུར་དུ་མེད། ཞལ་གདམས་སྙིང་གི་དུམ་བུར་གྲགས་པའི་ནང་ཚན་ལ་འགོར་ ཏཱ་ར་ན་མོ་ཙ་ཏུ་རྨུ་ཁའི་ཞལ་གདམས་སྙིང་གི་དུམ་བུ་ཞེས་ཡོད་པའི་སྤུ་གྲི་སོ་འདེབས་ཀྱི་གདམས་པ་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པའི་ཟབ་ཆོས་གཞན་ལ་མི་སྟོན་པའི་བཀའ་རྒྱ་དམ་པོ་ཡོད་དོའི་མཐའ་ཅན། འགོར་ཏཱ་ར་ན་མོ་ཙ་ཏུ་རྨུ་ཁའི་ རང་བསྲུང་གནད་ཀྱི་འཁོར་ལོ་ཞེས་ཡོད་པའི་རང་བསྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་ཞལ་གདམས་གཅིག་ལས་མང་བ་ལ་མི་སྤེལ་གསུང་ངོའི་མཐའ་ཅན། འགོར་ན་མོ་བླ་མའི་ཞལ་ནས་སྤྱིར་འདི་ལ་ཞེས་ཡོད་པའི་རྟེན་གྱི་ཞལ་གདམས་ཕྱི་ནང་ གཉིས་ཀ་ལ་རྩུབ་གསུང་ངོའི་མཐའ་ཅན། འགོར་ན་མ་གཏོར་མ་བཞི་ཞེས་ཡོད་པའི་གཏོར་མའི་ཞལ་གདམས་མཐའ་ཡས་པ་བྱའོའི་མཐའ་ཅན། འགོར་བླ་མ་དང་མཧཱ་ཀཱ་ལ་ལན་མོ་སྙིང་དང་འདྲ་བའི་སློབ་མ་གཅིག་ཅེས་ཡོད་པའི་སྔགས་ཀྱི་ཞལ་ གདམས་སྔགས་སྒྲིགས་སམ་བ་ཐའི་མཐའ་ཅན། འགོར་ཤྲཱི་མཧཱ་ཀཱ་ལ་བུ་ཇེ་ཏ་ཞེས་ཡོད་པའི་སྔགས་ཀྱི་ཞལ་གདམས་རྣམ་འགྱུར་འདི་ཚེ་བག་ཐུང་བ་ཡིན་ནོའི་མཐའ་ཅན། དཀར་ཆག་ན་འདི་གོང་གི་ཁོངས་མུ་བསྡུས་པ་ལས་ཟུར་ན་མི་གསལ། དགྲ་བགེགས་ [056B] གཞན་བསྲུང་བ། རང་བསྲུང་བའི་འཁོར་ལོའི་ཞལ་གདམས་རྡོ་རྗེ་འཛིན་པ་ཤྲཱི་ཝ་ན་མ་ཏིས་བསམ་གླིང་དགོན་པར་བྲིས་པ། དེའི་ཞར་བྱུང་འགོར་བླ་མའི་ཞལ་ནས་འབོད་རྦད་གསད་གསུམ་ཞེས་ཡོད་པའི་རང་བསྲུང་གི་ཡི་གེ་མན་ངག་དངོས་སུ་བཀོད་ པའོའི་མཐའ་ཅན་རྣམས། འདི་དཀར་ཆག་ན་མི་གསལ་བ་གོང་གི་ཁོངས་སུ་བསྡུས་སམ་སྙམ། དེ་ཡང་དཀར་ཆག་ཏུ། སྔོན་ཆད་གངས་རིའི་ལྗོངས་འདིར་མ་གྲགས་པ། །སྔོན་གྱི་མཁས་གྲུབ་གཉན་ལོའི་ཐུགས་བཅུད་འདི། །བདག་གི་འདྲེན་མཆོག་ཀུན་སྡངས་ཆས་ རྗེ་ལས། །གཞན་ན་ཡོད་མེད་གཟུ་བོའི་བློས་ལྟོས་ཤིག་འདི་ལྟའི་མན་ངག་སྙིང་ཁྲག་ཞུན་མ་འདི། །སྤེལ་བའི་གནས་མེད་བསེ་བྲག་དམར་པོར་སྦོས། །ཅིས་ཀྱང་སྤེལ་ན་སྣོད་ལྡན་གཅིག་ཉིད་ལ། །བཀའ་རྒྱ་ཐོབ་ལ་མགོན་པོ་དབང་དུ་ཚུགས། །ཞེས་ འབྱུང་བ་ལྟར་ས་བཅད་གསུམ་པའི་སྐོར་འདི་ཁའུ་བྲག་རྫོང་པའི་བརྒྱུད་འཛིན་རྣམས་ལས་ཀུན་ལ་མ་གྲགས་པའི་ཟབ་ཅིང་གཉན་པས་སྣོད་དང་ལྡན་ངེས་ལ་ཆོས་སྐྱོང་དབང་དུ་བཙུགས་ནས་སྟོན་དགོས་པའི་ཚུལ་འདི་སྙིང་གི་དཔལ་བེའུ་བཅང་ བར་བྱའོ། །ཞར་བྱུང་དབ་རིས་ཀྱི་སྐོར་ལ། གཏུམ་པོ་རང་བསྲུང་གི་འཁོར་ལོ་རྩིབས་དྲུག་པ། ཆུང་བ་གྲི་གུག་མ། འོག་གི་འཁོར་བསྲུང་བའི་དཔེ་རིས་ཀྱང་དབྱིབས་འདི་ཁ་ལ་འདྲི་ཚུལ་གྱི་ཁྱད་པར་ཅུང་ཟད་ཡོད། རང་བསྲུང་ཕྲ་མོ་ཡིད་བཞིན་འཁོར་ལོའི་དཔེ་ རིས་རྒྱས་འབྲིང་བསྡུས་གསུམ། འདི་གསུམ་གྱི་དབྱ་བ་ཞལ་ལས་ཤས་དགོས། དཀར་ཆག་ན། རང་བསྲུང་འཁོར་ལོ་ཆེ་ཆུང་གསུམ་གསུངས་པའི་ཆུང་བ་ཤོག་དྲིལ་ཉེར་གཅིག་གི་འཁུ་ལྡོག་བསྲུང་བའི་རང་བསྲུང་འཁོར་ལོ་གྲི་ཐོད་མའམ་སྐུ་གསུང་ཐུགས་འཁོར་དུ་ [057A]༄༅། །གྲགས་པ། ཞལ་བཞི་ཡོངས་སུ་རྫོགས་པའི་རང་བསྲུང་ཡང་ཟེར། གཏུམ་བོའི་སྒོ་ནས་མི་མ་ཡིན་དྲག་པོ་བསྲུང་བའི་འཁོར་ལོ། འཁོར་བསྲུང་བའི་གྲི་གུག་ཅན། ཤོག་དྲིལ་ཉེར་གཅིག་གི་གསང་བ་རང་སྲོག་རྟེན་གྱི་ འཁོར་ལོ་རྩིབས་དྲུག་ཁ་སྦྱོར་ལུས་དང་གྲིབ་མ་བཞིན་འགྲོགས་པ། ཡི་གེ་རྙིང་པ་ལས་བྱུང་བའི་གསད་པའི་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང། བཅོ་ལྔ་པ། དམར་གྱི་བཞེད་པ་གཅིག་ལིང་ཚེ་རྐྱང་བ་བཅོ་ལྔ་པ་དང། ཉི་ཤུ་པ། ལིང་ག་ འཁོར་ལོ་ཅན། ལིང་ག་ལིང་ཚེ་ཅན་འཁོར་ལོ་ཡོད་མེད་གཉིས། ཆོས་རྗེས་པཎ་ལ་མགོན་པོ་ཉིད་ཀྱིས་གདམས་པའི་ལིང་ཚེ་ཉི་ཤུ་པ་དང་བཅོ་ལྔ་པ། དེའི་བཞེད་པའི་རང་བསྲུང་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང་བཅོ་ལྔ་པ། དེའི་བཞེད་པའི་ལིང་ག་ འཁོར་ལོ་ཅན་གཉིས། དེའི་བཞེད་པའི་ལིང་ཚེ་རྐྱང་པ་གཉིས། དེའི་བཞེད་པའི་ལིང་ག་ལིང་ཚེ་ཅན་གཉིས། གཞན་ཡང་གོང་དང་ཅུང་ཟད་མི་འདྲ་བའི་ལིང་ཚེ་ཉི་ཤུ་པ་གཏོར་མ་ལ་འཛུག་རྒྱུའི་འཁོར་ལོ་རྩིབས་དྲུག་པ། ལིང་ག་སྔགས་ བཀོད་ལུགས་མི་འདྲ་བ་གཉིས་དང་སྔགས་མེད་གཅིག་རྡོ་ནག་མཎྜལ་མཆོད་གཏོར་དང་བཅས་པའི་ཤོམ། ཕྱག་མཚན། ལས་ཁུང། རྡོ་ཟོར། རྭ་ཟོར། མདའ་ཟོར། ཐུན་ཁུང། རློན་ཐུན། སྦྱིན་སྲེག་གི་ཐབ་ཁུང་མི་འདྲ་བ་གཉིས་ རྫའི་ཨན་དྷ་མུ་ཤ་ལ་ཆའི་ཨན་དྷ་མུ་ཤ་འབྲུ་ནག་གི་སྡིག་པ། སྒབ་འདྲེ་འབྲུག་མགོ་ཅན་གྱི་མནན་འཁོར། མལ་འོག་བསྲུང་བའི་ངག་མནན་འཁོར་ལོ། མཧཱ་བཱ་ལ་དེའི་རྒྱབ་ཡིག་ལིངྒ། རྒྱ་གྲམ། གླང་དམར་གྱི་རྭ། ཚེ་སྒྲུབ་ཀྱི་བཅའ་ [057B] ནོར་སྒྲུབ་ཀྱི་བུམ་པ། དབང་སྡུད་གྲི་ལག་ལམ་བསྲུང་གི་རྡེའུ་དང་རྡོ་རྗེ་རྒྱ་གྲམ་རྩེ་མོར་ཕྱག་མཚན་དང་བཅས་པ། ཤྭ་ཟློག་ཕུར་ཐོད། བྱ་རོག་བསྐྲད་འཁོར་གྱི་འཁོར་ལོ་ལིངྒ་དང། བྱ་རོག་གི་གཟུགས། མཆུན་ སྤྲེའུ་འཁོར་ལོ། ལྷ་མོ་ནག་མོའི་དཔེ། མངལ་བསྲུང་པདྨའི་ཕོ་འཁོར་མོ་འཁོར་དབང་ཕྱུག་གི་གཟུགས། ནཱ་ག་སྟོབས་འཕྲོག་གི་ལིངྒ། སཱཙྪ། བུམ་པ། རྒྱ་གྲམ། ཡང་ལིང་ག་འཁོར་ལོ་ཅན་ལུགས་གཅིག་ཀླུ་སྒྲུབ་རྒྱ་གཞུང་ གི་ཤམ་བུ་བརྒྱད་པའི་དཀྱིལ་འཁོར་ལིང་ག་ཐུན་སྣོད་དང་བཅས་པ། ནམ་མཁའ། རྒྱང་བུ། མདའ་འཕང། ཕོ་གདོང་མོ་གདོང། རི་རབ་གླིང་བཞི། གདུགས་སོགས་མདོས་ཀྱི་ཆ་ལག་རྣམས། གཞན་ཡང་དབེ་རིས་རྙིང་བ་ན་མེད་པའི་ མགོན་པོ་ཆེ་ཆུང་གི་དམ་རྫས་རྒྱན་གྱི་གཏོར་མ། དཔལ་གྱི་ཞལ་ཟས། ཛམྦུ་ཏི་བ། བཤོས་བུ་དམར་ནག་གུར་གྱི་བསྙེན་སྒྲུབ་རྗེས་གནང་གི་གཏོར་དཔེ། དུད་སོལ་མའི་གཏོར་མ། ཞལ་གྱི་དམ་ཚིག་བསྐང་གསོ་དང་རྟག་གཏོར། བུ་ཏྲའི་ གཏོར་མ། བེགྕེའི་གཏོར་མ། གཞི་བདག་གཏོར་མ། དམར་ཆེན་གཏོར་མ། མགོན་པོ་ཆེ་ཆུང་གི་གཏོར་མའི་དར་གུར། ཟངས་གྲི་ཅན་གྱི་ཟོར་གཏོར། ཞལ་གྱི་གཏོར་ཆེན་གྱི་དཔེ་རྣམས་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་ གྱི་ཞལ་བཀོད་མ། གཉིས་བ་དཀར་ཆག་གིས་མ་ཟིན་པའི་སྐོར་ལ། ཕྱི་སྒྲུབ་དང་ཁྱད་པར་གྱི་མན་ངག་ལ་མཁོ་བའི་སྐོར། གསང་སྒྲུབ་ཀྱི་སྐོར། ཕྱི་སྒྲུབ་ཀྱི་སྙིང་པོར་གྱུར་བཟའ་བ་ལས་ཀྱང་ཆེས་ཟབ་བའི་སྙིང་ཐིག་ཧ་ལ་ནག་པོའི་སྐོར་དང་ [058A]༄༅། །གསུམ། དང་པོ་ལ། འགོར་གདོང་བརྙན་ཅན་ལ་གཏོར་མ་འབུལ་ན་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཟས་པ་བསྐྱེད་ནས་ཡོད་པའི་ཀླང་གདོང་ཕྱག་དྲུག་པའི་གཏོར་འབུལ་ཨེ་ཀ་ཛ་ཊི་ཧཱུཾ་ ཕཊ་ཅས་པའོ་ཨྀཐིའི་མཐའ་ཅན། འགོར་ཨོཾ་སྭ་སྟི་བླ་མ་དང་མཧཱ་ཀཱ་ལ་ལ་ཕྱག་འཚལ་ལོ། །འཇིགས་པའི་ཚོགས་རྣམས་འཇོམས་མཛད་པ་ཞེས་སོགས་ཀྱི་མཆོད་བརྗོད་ཤོ་ལོ་ཀ་གཉིས་མདོ་སྟོད་པ་འཇམ་དབྱངས་རྒྱལ་མཚན་གྱིས་ མཛད་པའི་འགྲེལ་བ་དྲི་མེད་དོན་གསལ་ཇི་ལྟ་བ་ལ། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་གཞུང་ལ་དབང་པོ་བྱས་ཞེས་ཡོད་པའི་གདོང་བརྙན་ཅན་གྱི་བསྙེན་པའི་ཡི་གེ་འཕགས་པ་ཀླུ་སྒྲུབ་སྙིང་པོའི་རྒྱ་གཞུང་ལྟར་བསྙེན་པའི་ཆོ་གའོའི་ མཐའ་ཅན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་བསྐུལ་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཞིང་སྐྱོང་སྟོབས་འཕྲོག་གདོང་བཞི་པ་ལས་སྦྱོར་གྱི་མགོན་པོ་གདོང་བརྙན་ཅན་འཁོར་མང་དང་བཅས་པ་ལ་བསྟོད་ཅིང་འཕྲིན་ལས་ གསོལ་བ་བདུད་དགྲའི་སྲོག་འཕྲོག་དམ་ཉམས་ཙིཏྟ་དམར་འབྱིན། འགོར་བླ་མ་དང་དམ་ཅན་སྲུང་མའི་ཚོགས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་ལ་བློ་གྲོས་རབ་རྒྱས་ཤིང་ཞེས་ཡོད་པའི་གདོང་བཞི་པའི་ལོ་རྒྱུས་དཀར་ཆག་བསྐྱེད་ཆོག་ ཡི་འདྲ་བའི་ཁྱད་པར་མཁའ་འགྲོ་འཁུ་ལྡོག་སྤོང་བ་དང་བཅས་སྟོན་པའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་གྱིས་མཛད་པ་མངོན་སུམ་ཉིད་དུ་གྲུབ་པའི་ལས་མཛོད་ཅིག་གི་མཐའ་ཅན། འདིའི་འགོའི་མཆོད་བརྗོད་ལ་བདག་ཆེན་ [058B] །འགོར་རྡོ་རྗེ་འཆང་དབང་རྩ་བའི་བླ་མ་དང་ཞེས་ཡོད་པའི་བརྒྱུད་འདེབས་ཀྱི་ལོ་རྒྱུས་ཟུང་ལྡན་གྱི་རྒྱན་དང་བཅས་པ་བདུད་རྩིའི་འོད་ཅན་ཞེས་བྱ་བ་རྡོ་རྗེ་འཆང་ཚར་བ་བློ་གསལ་རྒྱ་མཚོས་ ཁའུ་བྲག་རྫོང་ནག་པོར་མཛད་པ། དེས་མདོ་ཁམས་པ་དབོན་པོ་དཔལ་གྲུབ་དང་བསོད་ནམས་མཆོག་གྲུབ་གཉིས་ཀྱིས་བསྐུལ་བ་ལྟར་ནཱ་ལེནྡྲར་མཛད་པའི་རྡོ་རྗེ་ནག་པོ་ཆེན་བསྟོབས་འཕྲོག་དབང་པོ་གདོང་བཞི་བ་འཁོར་བཅས་ཀྱི་རྗེས་གནང་དངོས་ གྲུབ་རྒྱ་མཚོ། བསྐུལ་བ་པོ་དང་མཛད་པ་པོ་གོང་ལྟར་གྱི་དཔལ་སྟོབས་འཕྲོག་དབང་པོ་གདོང་བཞི་པ་སྒྲུབ་དུས་ཀྱི་ཐུན་མོང་མ་ཡིན་བའི་རྗེས་གནང་ཆིག་བརྒྱུད་གསེར་ཆོས་ཀྱི་ཡིག་ཆུང། སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་གྱི་རྗེས་གནང་གི་ཁོག་ཕུབ་བསྙེན་ དུས་སྒྲུབ་དུས་ཐུན་མོང་མ་ཡིན་པ། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པ། དམར་པོ་དབང་སྡུད། སེར་པོ་རྒྱས་བྱེད་ལྷ་དགུ་སྔོན་པོ་བགེགས་འཇོམས་དང་བཅས་པ་རྣམས་ཀྱི་ཐོ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ངག་དབང་ ཆོས་གྲགས་ཀྱིས་མཛད་པ། དེས་རྩེ་གདོང་ཕྱོགས་ལས་རྣམ་རྒྱལ་བའི་ཆོས་གྲྭར་མཛད་པའི་དཔལ་མགོན་གདོང་བརྙན་ཅན་གྱི་རྗེས་གནང་གོ་བདེ་བཀླག་ཆོག་ཏུ་བཀོད་པ། འགོར་ཏཱ་ར་ན་མོ་འདི་ཆིག་བརྒྱུད་མ་གཏོགས་ཡེ་མི་བྱེད་དོ་ཞེས་ཡོད་པའི་ གནད་དབབ་ཀྱི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་མངོན་རྟོགས་རྗེས་གནང་གི་ཡི་གེ་དཀྱུས་དང་འྡྲའོའི་མཐའ་ཅན་ཚར་ཆེན་གྱི་གསུང། དེའི་གསུང་འགོར་ཏཱ་ར་ན་མ་བྲམ་ཟེ་མངགས་བའམ་བྲན་དུ་གཏད་བ་ཞེས་ཡོད་བའི་བྲམ་ཟེ་ནག་པོ་མངགས་ [059A]༄༅། །གཏད་ཀྱི་རྗེས་གནང་འཆོལ་བར་སྤྱད་ན་དམ་ཚིག་ཉེས་པ་ཆེན་པོར་འགྱུར་དེ་བས་གསང་ཞིང་སྦ་བར་བྱའོའི་མཐའ་ཅན། འགོར་ཨོཾ་སྭ་སྟི་རྡོ་ནག་པོ་མི་གཅིག་གིས་ཐེག་མི་ཐེག་ཅིག་ཅེས་ཡོད་པའི་སྒྲུབ་དུས་ཀྱི་ ལས་ཁྲིཌ་གསལ་བྱེད་ཀྱི་ཡི་གེ་རྙིང་པ་ཞེས་སྤེལ་བ་ནི་མན་ངག་དམ་པའོའི་མཐའ་ཅན། དཔལ་མགོན་གདོང་བཞི་པའི་གོར་མ་ཞི་བ་དམ་ཚིག་བསྐང་བའི་གཏོར་སྐྱོང་དང་གཏོར་མའི་ལས་ཙམ་གྱིས་དགྲ་བགེགས་འདུལ་བའི་ཚེ་བྱ་བ་དྲག་ པོ་གཏོར་ཆེན་གྱི་ཚུལ་ལྷན་ཅིག་ཏུ་གསལ་བར་སྟོན་པའི་ཆོ་ག་གནམ་ལྕགས་འབར་བ་ཞེས་བྱ་བ་མཐུ་སྟོབས་ཀྱི་དབང་ཕྱུག་དཔལ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། འགོར་ཨོཾ་སྭ་སྟི་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་ ཐམས་ཅད་ཀྱི་གཙུག་རྒྱན་ཞེས་ཡོད་པའི་ཞལ་བཞི་པའི་དམ་ཚིག་བསྐང་གསོ་རྡོ་རྗེ་འཆད་ཚར་བ་ཆོས་རྗེའི་གསུང་རྒྱུན་ཕྱག་ལེན་ལྟར་མཁན་ཆེན་གཞོན་ནུ་བློ་གྲོས་ཀྱིས་ཟིན་བྲིས་སུ་མཛད་པ་ནག་པོ་ཆེན་པོ་མཆེ་བ་ཅན་སོགས་ཀྱི་བསྐུལ་བྱའི་མཐའ་ཅན་ འགོར་ཨྀམྲ་ཏས་བསངས་སྭ་བྷཱ་ཝས་སྦྱངས་ཞེས་ཡོད་པའི་རྡོ་རྗེ་ནག་པོ་ཆེན་པོ་སྟོབས་འཕྲོག་དབང་པོའི་གཏོར་མ་དྲག་པོའི་ཆོག་སྒྲིགས་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱིས་མཛད་པ་གནོད་བྱེད་ཚར་བཅད་པར་བསམ་མོའི་མཐའ་ཅན་ དཔལ་མགོན་གདོང་བཞི་པའི་གཏོར་ཆེན་གྱི་འཆམ་ཡིག་ཐུ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་གྱིས་མཛད་པ། དེས་མཛད་པའི་གཏོར་ཆེན་གྱི་རྔ་བརྡུང་བསྟན་པ་ནི་ཞེས་ཡོད་པའི་གཏོར་ཆེན་འཆམ་ཡིག་གི་ཞལ་ཤེཾས་མཐར་དགུ་བརྡུང་ [059B] དཔལ་མགོན་ཁྱུང་ཞལ་ཅན་གྱི་རྗེས་གནང་གི་ཡི་གེ་ལས་སྦྱོར་གྱི་མགོན་པོར་གཏོགས་གསུང་ངོའི་མཐའ་ཅན། དཔལ་མགོན་སེང་གེ་ནག་པོའི་གཏོར་ཆོག་ལས་དབང་པོ་པ་འགའ་དང་རང་གི་རྒྱུན་གཏོར་གྱི་ཕྱིར་ཕུན་ ཚོགས་གླིང་དུ་བྲིས་པ། དེའི་རྗེས་གནང་འགོར་མཁྱེན་བརྩེའི་འོད་ཟེར་སྟོང་འཕྲོས་པས་ཞེས་ཡོད་པ་ག་ག་ན་དྷརྨ་ཤྲཱིས་བྲིས་པ། འགོར་དཔལ་མགོན་གདོང་བཞི་པའི་སྲུང་འཁོར་ཚེ་སྒྲུབ་ཅེས་ཡོད་པའི་ཡི་གེ་རིན་པོ་ཆེ་རྟ་ར་བའི་གསུང་ལ་རྡོ་རྗེ་འཆང་ དབང་ཕྱུག་རབ་བརྟན་གྱིས་རེག་ཁྲིག་མཛད་པ་དེ་ཙམ་མ་གཏོགས་རྒྱུན་འཁྱེར་ཇི་ལྟ་བས་འཁྲིད་མཛད་ཀྱི་འདུག་གོའི་མཐའ་ཅན། དབེ་ཆ་མ་རྙེད་བས་ལུང་མ་ཐོབ། ས་སྐྱ་ཁྲི་ཆེན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་སྲུང་འཁོར་ཚེ་སྒྲུབ་ཀྱི་ཡི་ གེ་བདུད་རྩི་འགུགས་པའི་ལྕགས་ཀྱུ། གཉིས་པ་གསུང་གི་མགོན་པོ་དམར་པོའི་ཉམས་ལེན་སྙན་བརྒྱུད་ཟབ་མོའི་བདུད་རྩི་རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པས་མཛད་པ་ཆོས་བདག་ཞིང་སྐྱོང་མཁའ་འགོར་གཏད་པའི་མཐའ་ཅན། དེས་མཛད་པའི་ རྒྱས་པ་གཙོ་འཁོར་དགུའི་འཁྲིད་གཞན་ལ་མེད་པའི་ཁྱད་ཆོས་བླ་མ་དམ་པའི་བཀའ་དང་བཤེས་གཉེན་དམ་པ་འགའི་ངོར་བཀོད་པ་ཆོས་བདག་ཞིང་སྐྱོང་མཁའ་འགོར་གཏད་པའི་མཐའ་ཅན། དེས་མཛད་པའི་གསུམ་པ་རྒྱས་པའི་ལས་སྒྲུབ་ན་ཡོན་ཏན་གྱི་ མགོན་པོ་སེར་པོ་ལྷ་ལྔའི་ཉམས་ལེན་བརྒྱུད་པ་བཟང་ལྡན་ས་སྐྱ་པའི་སྙན་བརྒྱུད་ཟབ་མོའི་གདམས་པ་ཆོས་བདག་ཞིང་སྐྱོང་མཁའ་འགྲོར་གཏད་པའི་མཐའ་ཅན། སྐུ་སྐྱེ་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོས་བསྐུལ་བ་ལ་བརྟེན་ནས་ཐམས་ཅད་ [060A]༄༅། །མཁྱེན་པ་བསོད་ནམས་རྒྱ་མཚོས་བྱང་ཕྱོགས་ཐེག་ཆེན་ཆོས་འཁོར་གླིང་དུ་མཛད་པའི་ཞལ་བཞི་པ་དཀར་པོའི་ཚེ་སྒྲུབ་ཀྱི་ཡི་གེ་ཟླ་བའི་ཆུ་རྒྱུན་གྱི་སྙིང་པོ་བསྡུས་པ། རྡོ་རྗེ་འཆང་ཚར་བ་ཆོས་རྗེས་མཛད་པའི་བླ་རྡོ་བཅའ་བའི་ ཐབས་མེན་ངག་གིས་རྣམ་པར་བརྒྱན་པ། དེས་མཛད་པའི་ཆུ་བོ་གངྒཱཾ་ཡང་གྱེན་ལ་ངེས་པར་བཟློག་ནུས་པའི་ཤྭ་ཟློག་གི་མན་ངག་རྗེ་བཙུན་ཀུན་སྤངས་ཆེན་པོའི་གསུང་གི་ཉིང་ཁུ་འགྲོ་དོན་དཔག་ཡས་ས་སྟེང་ཁྱབ་བར་ཤོག་གི་མཐའ་ཅན། བླ་མ་གསེར་ གླིང་པའི་མན་ངག་རྒྱ་གར་ཁྲག་འཐུང་ནག་པོ་ལ་ཞུས་པ་སྲོག་མེཾ་ཁབ་མ་གསེར་སྲབ་འདུན་མའི་ཡོན་ཏན་ཡར་ཀླུངས་བའི་ཕྱག་དཔེ་ལས་བཤུས་པ། དཔལ་མགོན་གདོང་བཞི་པའི་ཐེབས་བཟློག་བརྩི་བའི་མན་ངག་རྡོ་རྗེ་འཆང་དབང་ཕྱུག་ རབ་བརྟན་གྱིས་མཛད་པ། འགོར་ན་མ་ཙ་ཏུ་རྨུ་ཁ་འགབ་ཆད་དང་གཞོགས་དྲུད་དང་ཞེས་ཡོད་པའི་དཔལ་འབར་གྱི་མེ་བཀྲ་བྲྟག་པ་ཁའུ་བས་གནང་བའི་མཐའ་ཅན། འགོར་སྐྱབས་མེད་སྐྱོབ་བ་རྣམས་ལ་ཕྱག་འཚལ་ལོ་སྒྲུབ་པའི་ཁང་པ་དབེན་པ་ རུ་ཞེས་ཡོད་པའི་མེ་བཀྲ་དང་དུ་བ་བརྟག་པ་ཞལ་ལས་ཤེས་པར་བྱའོའི་མཐའ་ཅན། འགོར་ཏཱ་ར་ན་མོ་མེ་བཀྲ་འདི་ལ་བཟང་པོའི་རྟགས་བཞི་ཞེས་ཡོད་པའི་མེ་བཀྲ་བརྟག་བ་མངོན་ཤེས་སུཾ་འགྱུར་རོའི་མཐའ་ཅན། དཔལ་འྦར་ བཀྲ་བརྟག་བ་ལིང་བཀྲཾ་བརྟག་རྣམས། གཉིས་པ་གསང་སྒྲུབ་ཀྱི་སྐོར་ལ། དཔལ་མཧཱ་ཀཱ་ལ་ཞལ་བཞི་བའི་གསང་སྒྲུབ་ཀྱི་རྣམ་གཞག་གསལ་བར་བྱེད་པ་སྙིང་གི་ཡང་ཐིག་ཅེས་བྱ་བ་རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོས་ཁའུ་ [060B] དེས་མདོ་ཁམས་པ་ལྕགས་སྒོམ་ཆོས་རྗེའི་གསུང་ཇི་ལྟ་བ་བཞིན་མཛད་པའི་འགོར་བླ་མ་མཆོག་དང་ཡི་དམ་ལྷ་ཞེས་ཡོད་པའི་གསང་བ་ཐུན་མོང་མཾ་ཡིན་པའི་རྗེས་གནང་གི་ཐོ་ དེས་མཛད་པའི་ཞིང་སྐྱོང་གདོང་བཞི་པའི་གསང་འཁྲིད་ཀྱི་སྔོན་འགྲོ་རྣམ་པ་བཞིའི་ཁྲིད་ཉམས་ལེན་གྱི་སྙིང་པོར་དྲིལ་བ་ཡིན་ནོའི་མཐའ་ཅན། ལྕགས་སྒོམ་ཆོས་རྗེའི་གསུང་བཞིན་དེས་དམ་པའི་གསུང་ངོར་བྲིས་པའི་ཞིང་སྐྱོང་དབང་པོའི་ གསང་ཁྲིད་ཀྱི་སྐབས་སུ་འཁོར་ལོ་བཞི་ལ་བརྟེན་པའི་ལས་སྦྱོར་གྱི་གདམས་བསྙན་བརྒྱུད་མ། གོང་གི་འཕྲོས་འགོར་གསུམ་པ་ཙིཏྟ་དྷརྨ་ཙ་ཀྲ་ཞེས་ཡོད་པའི་ཆོས་བྲ་བ་ཡང་གསང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་གྱི་ཡི་གེ་རྟགས་མྱུར་ དུ་འབྱུང་བ་ནི་ངེས་པའོའི་མཐའ་ཅན། འདི་གཉིས་ཅུང་ཟད་འདྲ་མིན་འདུག་ལུང་ནི་གཉིས་ཀ་ནོས་ལ་ཕྱི་མ་ལེགས་པར་མངོན། འགོར་གསུམ་པ་ལས་སྦྱོར་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཞེས་ཡོད་པའི་སྙིང་ཁ་ཆོས་ཀྱི་འཁོར་ལོའི་ལས་སྦྱོར་སྙན་བརྒྱུད་ ཞལ་ཤེས་ཁོ་ན་ཡིན་གྱི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་ཕྱི་མའི་ཡང་ཡིག་འགོར་ལྷ་མོ་ནག་མོའི་གདམས་པ་ནི་རང་ཉིད་སྒྲུབ་པའི་དུས་ཀྱི་མགོན་པོ་ཞེས་ཡོད་པའི་ལས་སྦྱོར་སྤོགས་ཆོག་གི་དུས་སུ་ཉེ་བར་མཁོ་བའི་ལྷ་མོ་ནག་ མོའི་གནད་འབེབས་ཤོག་དྲིལ་གྱི་གནད་འབེབས་ལས་ཁྱད་པར་དུ་གྱུར་པའི་ཟིབ་ཁྱད་ཅན་ཆར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་རྒྱུན་གཞན་དུ་མ་འཁྱར་བ་མཛོད་ཅེས་བཀའ་བསྒོ་ཡོད་དོའི་མཐའ་ཅན། ཆབ་མདོ་བྱམས་པ་གླིང་གི་གང་ནས་ [061A]༄༅། །པ་བ་སོ་སྤྲུལ་སྐུ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་བ་ལ་བརྟེན་ནས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་རྫ་ངོམ་ཆབ་མདོའི་སྒར་ཐོག་ཏུ་མཛད་པའི་གསང་ཁྲིད་དངོས་གྲུབ་སྙེ་མ་ཞེས་བྱ་བ་ཟུང་འཇུག་ རྣམ་རོལ་ལས་ཉེ་བར་བསྡུས་པ། ཟབ་ཆོས་འདི་ཉིད་འཆད་པ་ལ་མེད་དུ་མི་རུང་བའི་སྙིང་ནང་གི་ཁྲག་ལྟ་བུའི་ཁྲིད་ཡིག་རྡོ་རྗེ་འཆད་དབང་ཕྱུག་རབ་བརྟན་གྱིས་ཟིན་བྲིས་སུ་མཛད་པ། འདི་ཉིད་མཐུ་སྟེབས་ཀྱི་དབང་ཕྱུག་དགོན་གསར་བ་ བསོད་ནམས་ཆོས་འཕེལ་གྱི་བཀའ་དྲིན་ལ་བྲ་རྟེན་པའི་རྒྱུ་མཚན་གྱིས། མཇུག་ཏུ། རྒྱལ་བ་ཀུན་དངོས་ཁྱབ་བདག་རྡོ་རྗེ་འཆང། །རིགས་བརྒྱའི་འཁོར་ལོས་བསྒྱུར་བའི་ཟློས་གར་གྱིས། །དེང་འདིར་སྐྱེ་རྒུའི་དོན་སླད་བཤེས་གཉེན་སྐུ། །ཕ་ རྒོད་སྐུ་དྲིན་དབང་པོ་དགོན་གསར་བ། །མགོན་དེའི་གསུང་གི་གསང་བ་མི་ཟད་པ། །ཟབ་རྒྱས་སྙན་བརྒྱུད་བདུད་རྩིའི་རྒྱ་མཚོ་ལས། །དད་གུས་སྙིམ་པའི་བཅུད་ཀྱིས་བསྡུས་པ་འདི། །སྐལ་བཟང་སྙིང་ལ་གྲུབ་པའི་དགའ་སྟོན་སྤེལ།། ཞེས་པའང་སྣང་ངོ། །འགོར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཞེས་ཡོད་པའི་གསང་ཁྲིད་ཀྱི་ཟིན་བྲིས་མཁན་ཆེན་ཞྭ་ལུ་བ་རྡོ་རྗེ་འཆང་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱིས་མཛད་པ་ཡིག་ཆུང་ལྟར་གསུང་གིན་འདུག་གོའི་ མཐའ་ཅན་རྣམས། གསུམ་པ་ཕྱི་སྒྲུབ་ཀུན་གྱི་སྙིང་པོར་གྱུར་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙིང་ཐིག་ཧ་ལ་ནག་པོའི་སྐོར་ནི། ཕྱི་བྲམ་ཟེ་ལྟར་སྒྲུབ་བ། ནང་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གི་སྒྲུབ་པ། གསང་བ་སྟོབས་འཕྲོག་ནག་པོར་ [061B] གོང་གི་ཕྱི་སྒྲུབ་དང་ཁྱད་པར་གྱི་མན་ངག་རྣམས་སུ་གབ་སྦས་ཐོར་བུ་བཞུགས་པས་ཤེས་རློམ་ཅན་དག་མན་ངག་གི་ཁོག་སྒྲིགས་མི་ཤེས་པས་དཔེ་མཐོང་བས་ཕྱོགས་ཙམ་ཡང་མི་རྟོགས་པའི་ཕྱིར་སྙན་བརྒྱུད་ཀྱི་ གདམས་པ་ཟབ་མོ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱི་གསུང་རྒྱུན་ཞལ་ཤེས་ཕྱག་ཁྲིད་ཁོ་ན་ལ་བལྟོས་དགོས་པས་རྗེ་བཙུན་ཀུན་སྤངས་རྡོ་རིང་བ་ཡན་ཆད་དུ་ཡི་གེ་གསལ་བར་བཀོད་པ་མེད་འདུག་ནའང། སྙིགས་མ་ལྔ་ཆེས་ཆེར་བདོ་ཞིང་ བདུད་རིགས་སྙིང་ལ་ཞུགས་པའི་སྐྱེ་བོ་མི་བསྲུན་པའི་རྣམ་པར་འཚེ་བ་བསྲུང་བ་ལ་ཇི་སྐད་དུ། འཕགས་པའི་ཡུལ་དང་གངས་རིའི་ལྗོངས་འདི་ན། །བསྟན་པ་བསྲུང་བའི་ཆོས་སྐྱོང་བགྲང་ཡས་ཀྱང། །ཁྲོ་ཞིང་འཁྲུག་ལ་གཉན་ཞིང་མྱུར་བ་ མི། །ཡོངས་སུ་གྲགས་པ་སྟོངས་འཕྲོག་དབང་པོ་ཡིན། །ཞེས་ཆེས་ཁྱད་པར་དུ་འཕགས་པའི་གདམས་སྐོར་རྣམས་མེད་དུ་མི་རུང་བ་ལྟ་བུ་ཡིན་ནའང། ཀྭ་ཡེ་ད་ནི་ལང་ཚོ་མཐོན་པོར་སོང། །ཁ་བའི་ཁྲོད་ན་འདི་འདྲ་ཤེས་པ་མེད། །ག་ལེ་ སྤེལ་ཀྱང་ནུབ་པར་གྱུར་དོགས་ནས། །ང་ཡིས་འདི་ནི་ཡི་གེ་གསལ་བར་བྲིས། །ཞེས་བསྟན་པ་རིན་པོ་ཆེའི་བཙས་སུ་འཁྲུགས་བསྡེབས་མཛད་པ་ཤིན་ཏུ་རྣོ་བ་རེག་ཐབས་མེད་པ་ལྟ་བུ་ནས། དེ་ལྟར་འདི་ནི་སྲོག་འཕྲོག་ཧ་ལའི་དུག་བསྟན་དགྲའི་ སླད་འགེམས་གཤིན་རྗེའི་དབྱུག་པ་སྟེ། །རྣལ་འབྱོར་སྒོས་དགྲའི་སྙིང་འབྱིན་བཤན་པ་ཆེ། །གང་ལའང་ཐོགས་མེད་གནམ་ལྕགས་འབར་བའི་མཚོན། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་གཅེས་པའི་ནོར། །ཀུན་སྤངས་ཆོས་རྗེའི་ཞལ་གྱི་བདུད་ [062A]༄༅། །རྩིའི་བཅུད། །སངས་རྒྱས་བསྟན་པ་བསྲུང་བའི་མཚོན་ཆ་མཆོག་རྣལ་འབྱོར་གཡུལ་ལས་རྒྱལ་བའི་དཔའ་བོའི་ཆས། །ཞེས་དགའ་རབ་དབང་ཕྱུག་སྡེ་དང་བཅས་པ་ལས་རྣམ་པར་རྒྱལ་བའི་གོ་མཚོན་ཡིན་ ལ༑ དེ་ཡང་དགོས་པའི་གཙོ་བོ། གང་འདི་ཐུབ་བསྟན་འཇིག་ལ་ཐུག་པའམ། །རྣལ་འབྱོར་ཁ་ཞན་སྐྱབས་དང་བྲལ་གྱུར་ནས། །ཁ་དྲག་དཔུང་གིས་བསྡིགས་ཤིང་གནོད་པའི་ཚེ། །མཚོན་འདི་ཕྱུང་ལ་སྡིག་ཅན་ཆོས་དབྱིངས་སྐྱོལ། །ཞེས་ བསྟན་པའི་སྤྱི་དགྲ་དང། རྣལ་འབྱོར་བྱང་ཆུབ་སྒྲུབ་པའི་སྒོས་དགྲ་བསྒྲལ་བ་ལ་དགོངས་ནས་མཛད་པ་ཡིན་པས། དེ་ལ་མ་ཡིག་དང་བུ་ཡིག་གཉིས། དང་པོ་ནི། དཔལ་མགོན་ཞིང་སྐྱོང་ནག་པོ་ཆེན་པོ་དགྲ་བོའི་སྟོབས་འཕྲོག་གདོང་བཞི་པའི་ སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བ་སྙིང་ཐིག་ཧ་ལ་ནག་པོའི་བེའུ་བུམ་འདི་ཉིད་ཀྱི་ལུང་གནང་བའི་དུས་མགོན་པོའི་བྲིས་འབུར་གྱི་སྐུ་བྱིན་རླབས་ཅན་གྱི་མདུན་དུ་མཆོད་གཏོར་དང་བཅས་ཏེ་སྤྱིར་ལས་འབྲས་ལ་འཛེམ་ ཞིང་བསྟན་པ་རིན་པོ་ཆེ་གཅེས་སྤྲས་དང། ཁྱད་པར་དཔལ་ལྡན་ས་སྐྱ་པའི་བསྟན་པ་དྲི་མ་མེད་པ་སྤྱི་དང། ཡང་སྒོས་གསང་ཆེན་སློབ་བ་ཤད་པའི་རིང་ལུགས་ལ་གཅེས་པར་འཛིན་ཞིང། སྣོད་ལྡན་ལ་ཆིག་བརྒྱུད་ལས་མང་པོར་མི་སྤེལ་བ་སོགས་ མགོན་པོ་དབང་དུ་བཙུགས་པའི་དམ་བསྒྲག་ཅིང། འཆོལ་བར་སྤྱོད་པ་རྣམས་གནོད་སྦྱིན་བེཀྩེ་ལྕམ་དྲལ་གྱིས་སྙིང་ཁྲག་འཐུང་བའི་བཀའ་རྒྱ་ཤིན་ཏུ་དམ་པ། དུས་དེར་ཆོས་ཀྱི་ཡོན་ལ་གསེར་སྲང་གང་ངམ། ཡང་ན་དེ་རི་བའི་དངོས་པོ་འབུལ་བ་ [062B] རྐུ་ཐབས་སུ་བྱེད་པ། ས་སྐྱ་པའི་བསྟན་པ་སྤྱི་སྒེར་ལ་གཅེས་པར་འཛིན་པ་ལྟ་ཞོག་གནོད་པ་ལྷུར་ལེན་བཞིན་དུ་ཚུལ་འདི་དོན་དུ་གཉེར་བ་རྣམས་ནི་ས་ བོན་མེས་ཚིག་པ་ལ་སོ་ནམ་འབད་བ་ལྷུར་ལེན་པ་དང། བཙན་དུག་རྗེན་ཟས་བྱེད་པ་དང་མཚུངས་པས་བག་ཡོད་པར་བྱ་བ་ནི་གནད་དམ་པའོ། །གཉིས་པ་བུ་ཡིག་ནི། གོང་གི་མ་ཡིག་གི་བེའུ་བུམ་མིའི་ལུས་ཀྱི་ཕྱིའི་དབྱིབས་ལྟ་བུ་ལ་སྟོད་སྨད་བར་ གསུམ་གྱི་ཟབ་གནང་དོན་སྣོད་དང་དབང་པོ་ལྟ་བུ་རྣམས་ལོགས་སུ་གབ་པ་ཡིན་ལ། དེའི་རྒྱུ་མཚན་ནི། ཚེ་འདིའི་འདོད་པ་ཕྲ་མོ་ཙམ་གྱི་ཕྱིར། །དྲག་པོའི་ལས་སྦྱོར་བྱུང་རྒྱལ་རྩོམ་བྱེད་ཅིང། །ཆོས་ལ་བརྟེན་ནས་སྡིག་ཆེན་གསོག་པ་ཡི། །བླུན་པོ་ ཞེ་སྡང་ཅན་དེའང་འདིའི་སྣོད་མིན། །སྡིག་ཅན་མི་དཕོན་སྟོབས་ལྡན་ཁྱིམ་ནང་དུ། །ལས་སྦྱོར་དྲག་པོས་ལྟོ་གོས་འཚོལ་བྱེད་ཅིང། །ལས་འབྲས་རྒྱབ་བསྐྱུར་མཐུ་སྟོབས་ཆེན་པོར་རློམ། །དམྱལ་བའི་བུད་ཤིང་ཆོས་འདིའི་སྣོད་མ་ཡིན། ། ཞེས་པའི་གང་ཟག་གི་ལག་ཏུ་སོན་ཚེ་སྤྲེའུ་ལ་སྒྲོན་མེ་བསྐུར་བ་བཞིན་ཐམས་ཅད་ཕུང་ལ་སྦྱོར་བའི་དགག་བྱ་དང་དགོས་པ་ལ་དགོངས་སྲ་བ་ཡིན་པས། བུ་ཡིག་གི་སྐོར་ལ། མཱ་རིའི་ལག་ལེན་དེ་འཁོར་གསེལ་བྱེད་དང། །ལམ་བསྲུང་བཟློག་ ཟབ་ཙཀྲའི་བྲི་ཡིག་བཅས། །གཏའ་རུ་སྲོག་བཟུང་ལ་སྦྱོར་དེའི་གསེལ་བྱེད། །ཡིད་བཞིན་འཁོར་ལོ་ལོ་ཙཱའི་སྒྲོའི་རྙིང་གི་ཙཀྲ་མཁའ་མིག་མདའ་གཟུགས་ལེང་ཚེ་རྙིང། །འཁོར་ཅན་ལིང་ཅན་སྔགས་ཅན་རྐྱང་གཟུགས་བཞི། །པཎྜུ་ར་ཡི་ [063A]༄༅། །མཁས་པའི་བཞེད་ཚུལ་གཅིག་ཙཎྜའི་ཙཀྲ་དེ་ཡི་ལག་ལན་བཅས། །རྡོ་རྗེ་གྲི་གུག་དངོས་སྐུའི་བསྲུང་བ་དང། །མི་མིན་རཀྵི་ཏ་དང་བ་ལིང་གཟུངས། །སྤུ་གྲི་སོ་འདེབས་མན་ལུགས་ལྡོག་དང། །རལ་གྲི་རྟགས་ ཅན་ལས་བཤུས་རྣམ་དག་སྡོགས། །ཉི་ཟླ་ཅན་དང་དེ་ལི་ཀཱ་ལི་མ། །མནན་པ་དུར་རྡོ་མནྟྲའི་རི་མོ་ཅན། །བྲི་ཡིག་ལག་ལེན་གསལ་བྱེད་ཞལ་ཤེས་དང། །དྲག་གཏད་གཟུགས་བསྣུན་རྟེན་བྲབ་སྤྲེའུ་དང། །བཅུན་འཁོར་ཀ་པཱ་ལ་དང་གནད་ འཁོར་ལོ། །གནད་དབབ་ཤི་སའི་ཚོད་འཛིན་མཚམས་སྦྱོར་དང། །འཇམ་མགོན་ནས་སྐྱའི་ཆོས་ཀྱི་ཁྲིར་བཞུགས་པའི། །ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་ཡིས། །ཁྱབ་བདག་དབང་ཕྱུག་རབ་བརྟན་ཞབས་བསྟེན་ནས། ། ཡབ་ཆོས་གསན་ཚེ་འདི་དང་གསང་སྒྲུབ་ཟུང། །དཀར་ཆག་ཞིང་སྐྱོང་དགྱེས་པའི་མཆོད་རྫས་ཀྱིས། །མཐའ་རྟེན་ཁོ་བོའི་སྙིང་དབུས་བུམ་པར་བལྟམས། །ཞེས་གྲངས་ཙམ་འགོད་པ་ལས་གསལ་བར་མི་འདྲི་བ་ནི། འདི་ནི་ལྷོ་བལ་ གསེར་གྱིས་གནོངས་པ་ལྟར། །ཡོད་ཅེས་མི་སྨྲ་ཤིན་ཏུ་གསང་ཞིང་སྦ། །སྦས་ཀྱང་ཤེས་ན་ཁྱི་དང་གློ་བ་ནི། །ཕྲད་ལྟར་མི་བྱ་རིམ་གྱིས་བརྟགས་བྱས་ཏེ། །སྐལ་བཟང་སྣོད་དང་ལྡན་པའི་བུ་མཆོག་ལ། །ཆིག་བརྒྱུད་ཁོ་ནར་བྱིན་ལ་ རྒྱས་གདབ་བྱ། །ཞེས་པའི་དོན་སྙིང་གི་དཔལ་བེའུ་བཅང་དགོས་པས་ཞིབ་ཆ་མཐའ་དག་ཡིད་ལ་རི་མོར་འདྲི་བ་དང། གལ་ཏེ་བརྗེད་ངས་ཀྱིས་འཇིགས་ན་ཐོ་གསལ་པོ་བྲིས་ནས་གུད་དུ་བཅང་བ་ལས་ཐོ་ཡིག་ཡོངས་གྲགས་སུའང་རྒྱས་པར་མི་ [063B] །དེ་ལྟར་ཆོས་སྐོར་རྣམས་ཡོངས་རྫོགས་ནོས་པ་ལས། བསྙེན་དུས་ཀྱི་བརྒྱུད་ཚུལ་འདི་རྣམས་ཀུན་བློ་རང་གི་གསན་ཡིག་ཇི་ལྟ་བ་ཡིན་ཅིང། དེས་ན་འདི་ལ་ཡང་དག་པ་མ་གཏོགས་དོན་ལ་ཐ་མི་དད་ནའང་ཡིག་ཆ་སོགས་ འདི་ལ་གཙོ་བས། མགོན་པོའི་རྗེས་གནང་དང་རི་སུལ་གྱི་རྣལ་འབྱོར་མ་ལས་བརྒྱུད་པའི་ས་བཅད་དང་པོ་ཕྱི་སྒྲུབ་སྐོར་དང། ས་བཅད་གསུམ་པ་སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་རྣམས་ལས་ཤོག་དྲིལ་དང་པོའི་གསལ་བྱེད་རྗེ་ བཙུན་རྡོ་རིང་པ་ཆེན་པོས་མཛད་པ་མ་གཏོགས་པ་ཡོངས་རྫོགས། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ལྡོང་གཡུང་དྲུང་ལྷན་ཅིག་པའི་རྟགས་ཅན། རྟགས་མེད་རྣམས་དང་བཅས་པའི་ལུང་གི་བརྒྱུད་པ་ནི། རྡོ་རྗེ་འཆང། འཕགས་ པ་སླུ་སྒྲུབ། གྲུབ་ཆེན་བ་ལིནྟ་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བའི་ཞབས། དྲི་མེད་སྤས་པ། རིན་ཆེན་གྲགས་པ། རིན་ཆེན་རྡོ་རྗེ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་ཙཱ་དར་མ་གྲགས། གནམ་ ཁའུ་པ་དར་མ་རྒྱལ་མཚན། བླ་མས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་ཆེན་དཔལ་ལྡན་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ ཞང་དཀོན་མཆོག་དཔལ། རྒྱལ་བ་བྲག་ཕུག་པ་ཆེན་པོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་ [064A]༄༅། །བཟང་པོ། རྗེ་བཙུན་ཀུན་སྤངས་རྡོ་རིང་པ། རྡོ་རྗེ་འཆང་ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་ བརྟན། མཁན་ཆེན་རིན་ཆེན་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་མཆོག་ གྲགས་པ། ཀུན་དགའ་རབ་རྒྱས། བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བཀྲ་ཤིས། ངག་དབང་རིན་ཆེན། དཔོན་སློབ་རིན་ཆེན་བཟང་པོ། དྲག་ཤུལ་འཕྲིན་ལས་རིན་ཆེན། མཚུངས་མེད་སྐྱབས་རྗེ་གཟིམས་འོག་ མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ། དེས་བདག་ལའོ། །གསུམ་པའི་ནང་གི་ དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ བཅས་པའི་ལུང་གི་བརྒྱུད་པ་ལུགས་གཅིག་ནི། གྲུབ་ཆེན་བྲག་ཕུག་པ་ཡན་གོང་གི་བསྙེན་དུས་དང་འདྲ་བ་ལས། དེ་ནས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་ བསོད་ནམས་རྒྱལ་མཆོག་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ་ཀུན་སྤངས་ཆེན་པོ། ཐམས་ཅད་མཁྱེན་པ་བློ་གསལ་རྒྱ་མཚོ། འཇམ་མགོན་མཁྱེན་བརྩེའི་དབང་ [064B]མཐུ་སྟོབས་དབང་ཕྱུག་བསོད་ནམས་ཆོས་འབེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་ གསར་བ། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་མཆོག་གྲགས་པ། ཀུན་དགའ་རབ་རྒྱས། བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན། གཟིམས་འོག་གོང་མ་ངག་དབང་བསྟན་ འཛིན་སྙན་གྲགས་དཔལ་བཟང་པོ། སྙན་གྲགས་འགྱུར་མེད། བཀའ་དྲིན་མཚུངས་མེད་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས། བདག་ལའོ། །ལུང་གི་བརྒྱུད་པ་རྣམས་ནི་དང་པོ་རྟགས་སོ་སོ་ལྟར་ བརྒྱུད་པ་ཁོ་ན་ཡིན་ཡང། ཕྱིས་སུ་གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་ཟེན་པ་ཚུན་ཆད་ནས་ལུང་གི་བརྒྱུད་པ་ཐད་ད་བགྲངས་སུ་མེད་པར་བསྡོམས་ནས་གླེགས་བམ་དང་བེའུ་བུམ་གྱི་ལུང་ཐོབ་ཡུལ་གང་ཡིན་ལྟར་རྒྱུན་ཆགས་སུ་སྦྲེལ་ཤེས་ དགོས་སོ། །ཡང་རྗེས་གནང་དང་ས་བཅད་དང་པོའི་ལུང་རྒྱུན་ལུགས་གཅིག་ནི། བླ་ཆེན་ཀུན་དགའ་རྒྱལ་མཚན་ནས། བདག་ཆེན་ཞྭ་ལུ་བ་བསོད་ནམས་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། རྗེ་བཙུན་རྡོ་རིང་པ་ཆེན་པོ། ཚར་ཆེན་ཆོས་ཀྱི་ རྒྱལ་པོ་མན་འདྲ། བླ་མ་དམ་པ་ནས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། བཞི་ཐོག་པ་བདག་ཆེན་ཀུན་དགའ་དབང་ཕྱུག་བདག་ཆེན་རྡོ་རྗེ་འཆང་མན་ [065A]༄༅། །གོང་ལྟར་རོ། ། རྗེ་བཙུན་རྡོ་སིང་པ་ཡན་གོང་ལྟར་ལ། དེ་ནས་རྗེ་བཙུན་སྒོ་རུམ་པ་ཀུན་དགའ་ལེགས་པའི་འབྱུང་གནས། འཇམ་མགོན་མཁྱེན་བརྩེའི་ཞབས་མན་འདྲ། བའི་རྟགས་ཡོད་པའི་ལུང་བརྒྱུད་ནི། འཕགས་པ་རིན་པོ་ཆེ་ནས། བླ་ཆེན་རོང་པ། བླ་མ་ཤེས་རབ་སེང་གེ་བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་གི་དབང་ཕྱུག་བླ་མ་དཔལ་ལྡན་ལེགས་དབང། བྲག་ཐོག་པ་བསོད་ནམས་བཟང་པོ་ རྡོ་རྗེ་གདན་པ། ཐུགས་སྲས་ཀླུ་དབང་གླིང་པ། རིག་འཛིན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲའོ། ། གཉན་ལོ་ནས་གཤོང་མའི་སྔགས་བན་ག་རོད། རྟོགས་ ལྡན་མཚོ་དཀར་བ། འདི་དགུང་ལོ་ཕྱེད་ཉིས་བརྒྱ་ཙམ་བཞུགས། སྐུ་ཚེའི་སྟོད་ལ་སྔགས་བན་དད་མཇལ། སྐུ་ཚེའི་སྨད་ལ་སྤྱན་སྔ་དང་མཇལ་ཞེས་རྡོ་རྗེ་གདན་པ་དང། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་སྣང། ཐེལ་སྤྱན་སྔ་བསོད་ནམས་གྲགས་པ། རིན་པོ་ཆེ་ཚལ་མིག་པ། རྗེ་སེངྒེ་ དཔལ་བ། ཕ་བྲག་ཐོག་པ་མན་འདྲ། འདི་སྐོར་ལ་བརྒྱུད་ཚུལ་ཟུར་པ་འདི་འདྲ་ཞིག་མཆིས་ནའང། དེ་རྒྱུ་མཚན་དུ་བྱས་ནས་རྗེ་བཙུན་གོང་མ་ནས་མ་བརྒྱུད་པར་འདོད་པ་ནི་ལོག་རྟོག་གོ་ཞེས་རྒྱལ་དབང་ལྔ་པ་ཆེན་པོས་གསུངས། ཅན་གྱི་ལུང་གི་བརྒྱུད་ལུགས་གཅིག་ནི། ཁའུ་པ་ནས། སློབ་དཔོན་གོ་ཆ། དམ་པ་དེ་སྐྱེས། གྲུ་རྡོ་རྗེ་སེང་གེ་བཅོམ་ལྡན་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་ཆེན་པོ། ཉ་དབོན་ཀུན་དགའ་དཔལ། རྗེ་ལུང་རིག་པ་ [065B] བྲག་ཐོག་པ་མན་འདྲ། རྡོ་རིང་པ་ཆེན་པོ། རྗེ་གྲོལ་མཆོག་མཁྱེན་བརྩེའི་ཞབས་མན་འདྲ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས་ གཉན་སྟོན་སྤྲུལ་པའི་ཟློས་གར་རྡོ་རྗེ་འཆང་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་བ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ་མན་འདྲ། རྟགས་ཅན་གྱི་བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་ནས། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཞྭ་ལུ་བ་མན་འདྲ། རྗེ་དབང་རབ་ཡན་གོང་ལྟར་ལ། དེ་ནས་མཁན་ཆེན་ངག་དབང་ཆོས་གྲགས། ས་ སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག་ཁྱབ་བདག་མཁན་ཆེན་ཞྭ་ལུ་བ། བྱམས་པ་ངག་དབང་ལྷུན་གྲུབ་མན་འདྲའོ། ། ངོར་ཆེན་རྡོ་རྗེ་འཆང། མུས་ཆེན་དཀོན་མཆོག་རྒྱལ་ མཚན། སྦྱན་སྔ་དཀོན་མཆོག་རྒྱ་མཚོ། མུས་ཆེན་སངས་རྒྱས་རྒྱལ་མཚན། སྔགས་འཆང་ཀུན་དགའ་བསོད་ནམས་མན་འདྲའོ། ། མཁན་ཆེན་བསོད་ནམས་རྒྱལ་མཆོག་ནས། བྲག་ཐོག་པ་ བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡངས་པ་ཅན་ཤཱཀྱ་ཀུན་དགའ། དམ་ཆོས་གླིང་པ་ཡེ་ཤེས་དབང་པོ། བླ་མ་བཛྲ་མ་ཏི། ཉི་མ་གླིང་པ་ཚུལ་ཁྲིམས་བཀྲ་ཤིས། དེ་གཉིས་ཀ་ནས་པཎ་ཆེན་ [066A]༄༅། །ཀུན་བཟང་རྩེ་བས་གསན། དེ་ལས་ཞྭ་ལུ་མཁན་ཆེན། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་པ། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་ མཆོག་གྲགས་པ། ཀུན་དགའ་རབ་རྒྱས། བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། གཟིམས་འོག་གོང་མ་ངག་དབང་བསྟན་འཛིན་སྙན་གྲགས་དཔལ་བཟང་པོ། སྙན་གྲགས་འགྱུར་མེད། བཀའ་ དྲིན་མཚུངས་མེད་གཟིམས་འོག་མཆོག་སྤྲུལ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་སྩལ་བའོ།། ཤིན་ཏུ་ཟབ་པའི་གདམས་པ་དཀར་ཆག་གིས་མ་ཟིན་པའི་ས་བཅད་གསུམ་ པ་སྙིང་ཐིག་ཧ་ལ་ནག་པོ་མ་ཡིག་བུ་ཡིག་རྟགས་མེད་རྣམས་ཀྱི་མན་ངག་ཕྱག་ཁྲིད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཚར་པ་ཆོས་ཀྱི་རྒྱལ་པོ་ནས། དྲུང་ཡིག་བྱམས་པ་དོན་གྲུབ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ མགོན་པོ་བསོད་ནམས་མཆོག་ལྡན། ངག་དབང་རྣམ་རྒྱལ། མཁན་ཆེན་བཟང་པོ་རྒྱལ་མཚན། རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ། པད་རབ། བྱ་བྲལ་སངས་རྒྱས་བསྟན་པ། ཁམས་སྟོན་སངས་རྒྱས་རྒྱ་མཚོ། འཇམ་མགོན་ གནས་གསར་པ། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་མཆོག་གྲགས་པ། ཀུན་དགའ་རབ་རྒྱས། བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བཀྲ་ཤིས། ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེན། གཟིམས་འོག་མན་འདྲ་ [066B] འཇམ་མགོན་ཨ་མེས་ཞབས། བྱམས་པ་ངག་དབང་རྣམ་རྒྱལ་མན་འདྲ། ཡང་ན་བྱམས་པ་ངག་དབང་རྣམ་རྒྱལ། མུས་ཆེན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན། མན་འདྲ། ཡང་ན་ མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། དཀའ་བཅུ་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་གོང་བཞིན་ནོ། །ས་བཅད་གཉིས་པ་ཏ་ཐཱ་ག་ཏ་རཀྵི་ཏ་ནས་བརྒྱུད་པའི་སྒྲུབ་བསྐོར་དང་དཀར་ཆག་གིས་མ་ཟིན་པའི་ས་བཅད་ དང་པོའི་ རྡོ་རྗེ་འཆང། འཕགས་པ་ཀླུ་སྒྲུབ། བ་ལིནྟ་པ། སངས་རྒས་ཡེ་ཤེས། མར་མེ་མཛད། དཔལ་བདེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། པཎྜི་ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ ལོ་མན་གདུང་རྒྱུད་བརྒྱུད་པ་དང་འདྲ། རྣལ་འབྱོར་དབང་ཕྱུག་ཡར་ཀླུངས་པ་ནས་བརྒྱུད་པ་གཉིས་སྔགས་འཆང་བསོད་ནམས་ཆོས་འཕེལ་དང་སངས་རྒྱས་རྒྱ་མཚོ་བཞུགས་པ་ལྟར་རོ། །ས་བཅད་དང་པོ་པཎྜེ་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ ཆོས་སྐོར་དང་དཀར་ཆག་གིས་མ་ཟིན་པའི་ ཚར་ཆེན་ཡན་ཞལ་དོ་ནང་བརྒྱུད་དང། ཡར་ཀླུངས་པ་ནས་བརྒྱུད་པ་རྟ་རབ་བཞུགས་པ་ནས། མཁྱེན་བརྩེའི་ཞབས། རྟ་ར་བ། རྗེ་དབང་གྲབ་མན་འདྲ། མཚོ་ དང་གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་གསུང་རྒྱུན་ཕྱག་ལེན་ལྟར་ནང་ཞིང་སྐྱོང་ལྟར་སྒྲུབ་པའམ་གསང་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་བསྙེན་དུས་ཀྱི་རྗེས་གནང་ཚར་ལུགས་ལྟར་ལ། དེ་ནས་དམ་པ་ཀུན་ [067A]༄༅། །དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དགེ་བ་རྒྱལ་མཚན། ཆོས་རྗེ་ སངས་རྒྱས་མཆོག་པ། སྐྱེས་མཆོག་རྒྱལ་མཚན། མདོ་ཁམས་པ་ལྕགས་མོ་བཀྲ་ཤིས་སེངྒེ། འདིས་སྟན་ཐོག་གཅིག་ཏུ་ཞལ་གྱི་སྔགས་ཐུང་འབུམ་ཕྲག་བརྒྱ་སོང་ཞིང་ཞལ་དངོས་སུ་གཟིགས་པ་ཡིན་ནོ། །རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ དབང་ཕྱུག། །སྔགས་འཆང་བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། རྡོ་རྗེ་འཛིན་པ་སངས་རྒྱས་རྒྱ་མཚོ་ གནས་གསར་བ། ས་ཆེན་ཀུན་དགའ་བློ་གྲོས། ཆོས་རྗེ་དཀོན་མཆོག་གྲགས་པ། ཀུན་དགའ་རབ་རྒྱས། བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བརྐ་ཤིས། ས་སྐྱ་སྔགས་འཆང་ཀུན་དགའ་རིན་ཆེན། གཟིམས་འོག་གོང་མ་ ངག་དབང་བསྟན་འཛིན་སྙན་གྲགས་མན་གོང་དང་འདྲ། ཕྱི་ནང་གི་སྲུང་འཁོར་འཆི་མེད་སྒྲུབ་བ་ཞར་བྱུང་བཟློག་པ་དང་བཅས་པའི་ཕྱིའི་ཉམས་ཁྲིད་དང། གསང་ཁྲིད་ཀྱི་ཉམས་ཁྲིད་ཟབ་མོ་རི་སུལ་གྱི་རྣལ་འབྱོར་མ་ནས་བརྒྱུད་པའི་ ས་བཅད་གཉིས་པའི་སྐོར། དཀར་ཆག་གིས་མ་ཟིན་པའི་ས་བཅད་གཉིས་པའི་རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ཡན་བཤད་མ་ཐག་པའི་གསང་སྒྲུབ་ཀྱི་རྗེས་གནང་ལྟར་ལ། དེ་ [067B] དེ་གཉིས་ཀ་ནས་རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བླ་མ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་བློ། ཆོས་རྗེ་ དཀོན་མཆོག་གྲགས་པ། ཀུན་དགའ་རབ་རྒྱས་བྱམས་པ་བསྟན་འཛིན། སློབ་དཔོན་ཀུན་དགའ་བཀྲ་ཤིས། ངག་དབང་ཀུན་དགའ་རིན་ཆེན། གཟིམས་འོག་གོང་མ་མན་གོང་དང་འདྲ། ཡང་དཀར་ཆག་གིས་མ་ཟིན་པའི་ས་ བཅད་གཉིས་པའི་རྟགས་གང་ཡང་མེད་པ་རྣམས་ཀྱི་ལུང་བརྒྱུད་གཅིག་ནི། རྨོར་ཆེན་རྡོ་རྗེ་འཆང་ཡན་གོང་ལྟར་ལ། དེ་ནས་རྗེ་སངས་རྒྱས་རྒྱ་མཚོ་མན་འདྲའོ། །གསང་ཁྲིད་ཡིག་རྙིང་དང་བཅས་པའི་བརྒྱུད་པ་ལུགས་གཅིག་ལ་ ཆོས་རྗེ་བླ་མ་དམ་པ་ནས། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། འདི་མཚམས་དཔྱད། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག། །མཁན་ཆེན་ ཞྭ་ལུ་བ་མན་འདྲའོ།། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ས་སྐྱ་པ་འཇམ་དབྱངས་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག་མཁན་ཆེན་ཞྭ་ལུ་བ་མན་འདྲ། གྱི་ལུང་བརྒྱུད་ནི། ཆོས་རྗེ་བླ་མ་དམ་པ་ཡན་བསྙེན་དུས་ཀྱི་མགོན་པོའི་རྗེས་གནང་གི་ཞལ་ངོ་ནང་བརྒྱུད་ལྟར་ལ། དེ་ནས་བཞི་ཐོག་པ་བདག་ཆེན་ཀུན་དགའ་རིན་ཆེ། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན་ [068A]༄༅། །གྲ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་སྔགས་འཆང་བསོད་ནམས་ཆོས་འཕེལ། དབང་ཕྱུག་རབ་བརྟན། ལོ་པ་སྤྱན་ སྔ་ཀུན་དགའ་དོན་གྲུབ། ལྕགས་ཟམ་པ་ཀུན་དགའ་བསོད་ནམས་དབང་ཕྱུག་ཁྱབ་བདག་ཞྭ་ལུ་བ། མཁྱེན་རབ་བྱམས་པ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་འདྲ། དཀར་ཆག་གིས་མ་ཟིན་པའི་ཤཱི་རྟགས་ཅན་གྱི་ལུང་ གི་བརྒྱུད་པ་ནི། རྡོ་རྗེ་འཆང། མྷཱ་དེ་ཝཱ། པཎྜི་ཏ་ཤཱི་ལ་སིདྷ། ཨཱ་ཙརྱ་གཉེན་ཆེན་དཔལ་དབྱངས། རྒྱ་གར་ཀ་མ་རཱུ་པ། གཉན་ལོ་དར་མ་གྲགས། གླང་བན་ག་རྡོ། རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ་ གཉག་ཕུ་བ་བསོད་ནམས་གྲགས་པ། སེང་གེ་དཔལ་བ། རྗེ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་བསྙེན་དུས་ཀྱི་ཞལ་ངོ་ནང་ བརྒྱུད་བཞིན་ནོ།། །། ༈ ཐོག་མར་གནས་དང་ལོ་རྒྱུས་བརྒྱ་བྱིན་ཚངས་པ་མ། རྩ་བ་སྒྲུབ་ཐབས་ཚིགས་བཅད། ཕྱི་ནང་ གསང་བའི་རྟན་ཨྀཐིའི་མཐའ་ཅན། ཡི་གེ་ལས་ཀྱང་མཐའ་ཅན་གཏོར་སྔགས་སྤྱན་འདྲེན་བཀའ་ཉན་མ། བསྟོད་པ་བསྐལ་མེ་མ། བསྐུལ་ལྷོ་ཕྱོགས་མ། བླ་བརྒྱུད་དང་སྔགས་འགའ་རེ་མི་འདྲ་བ་རྣམས་ནམ་མཁའ་མངྒ་ལཾ་གྱི་མཐའ་ [068B] འདི་ཡན་སྒྲུབ་སྐོར་འདིའི་རྩ་བ་ཡིན། གཞན་ཡང་བློ་བདེས་མཛད་པའི་མཆོད་གཏོར་འབུལ་ཚུལ་དགོས་འདོད་ཀུན་འབྱུང། བཤགས་པ་བསྐང་བ་བཅས་པ་རྣམས། འདི་གསུམ་ད་ལྟ་འདོན་ཆ་ཡོངས་གྲགས་མིན། བསྙེན་སྒྲུབ་ལས་གསུམ་ཐུན་མོང་མ་ཡིན་པ། ཕྱག་ དར་བྲིས་སྐུའི་མན་ངག། ཕྱི་ནང་གསང་རྟེན་བཅའ་ཐབས་ཐུན་མོང་བ་དང། ཐུན་མོང་མ་ཡིན་པ་མེད་ཐབས་མེད་པ། གནད་བཞིའི་མན་ངག་སྙིང་ལ་བཞག་པར་ཨྀཐིའི་མཐའ་ཅན། རྗེས་གནང་བྱ་ཚུལ། ལས་སྦྱོར་ཐུན་མོང་མ་ཡིན་པའི་མཐར་ སྔགས་མཆན་བཅས་ཡོད་པ་རྣམས་དང། འདི་དག་གཞན་ལ་མ་སྤེལ་བཀའ་རྒྱ་གུ་ཧྱ་ས་མ་ཡའི་མཐའ་ཅན། ཉམས་ཆགས་སྦྱོང་ཚུལ་ཐུན་མོང་མ་ཡིན་པ་དང། འཇམ་དབྱངས་གཞོན་ནུའི་ཀ་བསྟོད། བསྟོད་བསྐུལ་འཕྲིན་ལས་མྱུར་མགྱོགས། ཐུན་ མོང་པའི་བསྙེན་སྒྲུབ་ལས་གསུམ་རྣམས་ཀྱི་ལུང་གི་བརྒྱུད་རིམ་ནི། རྗེ་བཙུན་འཇམ་དཔལ་དབྱངས། དབུ་མ་པ་དཔའ་བོ་རྡོ་རྗེ། རྒྱལ་བ་འཇམ་དཔལ་སྙིང་པོ། ཇོ་གཞན་བསོད་ནམས་ལྷུན་གྲུབ། སྟོན་པ་སངས་རྒྱས་མགོན་པོ། ཤར་ལུང་ནམ་མཁའ་ དཔལ་ལྡན། མཁས་གྲུབ་འཇམ་དབྱངས་གཞོན་ནུ། རྡོར་འཛིན་སངས་རྒྱས་དཔལ་འབྱོར། དེ་ལ་རིན་ཆེན་རྡོ་རྗེ་དང། གུ་རུ་བསྟན་པའི་ཉི་མ་གཉིས་ཀྱིས་གསང། དེ་གསུམ་ག་ལས་བྱང་སེམས་བློ་གྲོས་འོད་ཟེར་གྱིས་གསན། དེ་ནས་འཕགས་པ་ སངས་རྒྱས། དཔོན་དྲུང་སངས་རྒྱས་འབྱུང་གནས། བྲག་གཡབ་དཀའ་བཅུ་གྲགས་པ་རྒྱ་མཚོ། བེའུ་བུམ་བསྒྲིགས་པ་པོ་མཐུ་སྟོབས་དབང་ཕྱུག་བསོད་ནམས་གྲགས་པ། རྗེ་འདི་དཔལ་མགོན་དུག་རི་ནག་པོ་བྲན་ལྟར་བཀོལ་བའི་རྣལ་འབྱོར་པ་ཞིག་གོ།། [069A]༄༅། །གྲུབ་པའི་དབང་ཕྱུག་བསོད་ནམས་ཆོས་འཕེལ་ནས། བཀྲས་ལྷུན་དཀྱིལ་ཟུར་རིན་པོ་ཆེ་བློ་བཟང་སྦྱིན་པའི་བར་དེའི་གསུང་འབུམ་དུ་གསལ་བ་ལྟར་ལ། དེ་ནས་ཐོགས་བསམ་གླིང་མཁན་ཟུར་རིན་པོ་ཆེ་འཇམ་ དཔལ་དཀོན་མཆོག་ཆོས་འཕེལ་དཔལ་བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་དུ་སྩལ་བའོ།། །། ༈ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་དཔལ་ལྡན་དམག་ཟོར་རྒྱལ་མོའི་ པེའུ་བུམ་ལས་ཐོག་མར་ལྷ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་སློབ་དཔོན་པདྨའི་གཏོར་ཆེན་དྲག་པོའི་ཆོས་ག། ཡང་དེ་ཉིད་ཀྱི་གཏོར་ཆེན་དྲག་པོ། གཏོར་མ་ལ་བརྟེན་པའི་གློ་བུར་ལས་བཅོལ། ཐགས་བཟང་རིས་ཀྱིས་ལྷ་ལ་ བསྟོད་པ། ལྷ་མོ་དྲག་བསྐུལ་མ། ཟོར་གྱི་རྣམ་གཞག་དྲག་པོའི་སྦྱིན་སྲེག་དྲག་ལ་སེར་བ་འདེབས་པ། ལྷ་མོའི་ལས་ཁ་ཚར། དམ་ཅན་གཉིས་ཕོ་ཉར། བསྙེན་སྒྲུབ་བྱ་བའི་ཚུལ། སྔགས་སོ་སོའི་དགོས་བསྙེན། དངོས་གྲུབ་ ཀུན་གྱི་རྩ་བ། ལས་ཚོགས་ཐོར་བུ། མ་མོའི་ཐུན་དྲུག་དགྲ་ལ་ཆོ་འཕྲུལ་བཏང་བ། ནག་མོ་ཉི་མའི་དམོད་ཟོར་བསྙེན་སྒྲུབ་ལ་ཇི་ཙམ་འབད་ཀྱང། ལས་སྦྱོར་མེད་མི་རུང། འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ་བརྟེན་པའི་རྫས། སོ་སོའི་གནས་ བརྒྱད། ལྷ་མོའི་རྟེན་གཞི། སེམས་ཉིད་མ་མོ། བདེ་ཆེན་ཆོས་སྐུ། མདོས་གླུད་རླུང་ལ་བསྐུར་རོའི་མཐའ་ཅན་བཅས་ཀྱི་བརྒྱུད་པ་ནི། བེའུ་བུམ་བསྒྲིགས་པ་པོ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཁྲི་ [069B] པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་པ་ཆེན་པོ། དགེ་སློང་འཇམ་དབྱངས་གྲགས་པ། རྗེ་མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་བའི་རྡོ་རྗེ། ཁྲི་ཆེན་ངག་དབང་མཆོད་ལྡན། ཞི་བ་ལྷ་དགེ་ལེགས་རྒྱལ་ མཚན། དཀོན་རྡོར་བློ་བཟང་ཕྱོགས་ལས་རྣམ་རྒྱལ། ཞི་སྤྲུལ་དོན་གྲུབ་རྒྱ་མཚོ། མང་ཐོས་ལྷ་བཙུན་ཡེ་ཤེས་དོན་གྲུབ་རྒྱལ་མཚན། ཆུ་བཟང་བླ་མ་ཡེ་ཤེས་རྒྱ་མཚོ། སེར་མཁན་བློ་བཟང་ཡི་མ། བྲག་རི་འཇམ་དབྱངས་འཕྲིན་ལས་ མང་ཐོས་དཀོན་མཆོག་ཆོས་འཛིན། མི་ཉག་སྤྲུལ་སྨྱོན་དཔལ་ཆོས་རྡོ་རྗེ་རོལ་པ་རྩལ། ཡོངས་འཛིན་བླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། སྐྱབས་མགོན་བྲག་རི་རྡོ་རྗེ་འཆང། བཀའ་དྲིན་མཚུགས་མེད་མཁན་ཆེན་རྡོ་རྗེ་འཆང་ མཁྱེན་རབ་བསྟན་པ་ཆོས་འཕེལ་དཔལ་བཟང་པའོ། དེས་བདག་ལའོ།། །།འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བཀའ་བསྒོས་པའི་སྲུང་མ་སྐྱེས་བུ་གསུམ་གྱི་ཆོ་སྐྱོང་དུག་རགས་པའི་ནང་ན་སྐྱེས་བུ་ འབྲིང་གི་ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམས་མང་ཐོས་སྲས་ཀྱི་ཆོས་སྐོར་བེའུ་བུམ་བོད་གཉིས་བཞུགས་པའི་སྟེང་ན་སྐལ་བཟང་ཐོབ་པའི་ཆོས་ཚན་གྱི་ཀ་ཐོ་དང་བརྒྱུད་རིམ་ཆབས་ཅིག་ཏུ་བཀོད་པར། ཐོག་མར་ སྔོན་ཅན་གྱི་སྒྲུབ་ཐབས་མཁན་པོ་ཏེ་ཙ་དེ་ཝ་དང་ལོཙྪ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། ཐུན་མཚམས་སུ་གཏོར་མ་བཏང་བའི་ཆོ་ག། །རྫས་སྔགས་སྨན་གྱི་འཁྲུལ་འཁོར། བསྐྲད་པའི་འཁྲུལ་འཁོར། བསྣུན་པའི་འཁྲུལ་འཁོར་ [070A]༄༅། །སྲེག་ཆོག་བཅས་ལེ་ཚན་དྲུག་འགྲོ་བཟང་སྙིང་པོས་མཛད་པ་འགྱུར་གོང་འདྲ། དཔུང་བཟང་གསུངས་པའི་ཁྲུས་ཆོག་ ཁ་ཆེ་ད་ན་གུཔྟ་དང་རབ་ཞི་ ལོཙྪ་བའི་འགྱུར། ཁ་ཆེ་དགོན་པ་བ་དང། ལོ་ཙྪ་བ་ཡེ་ཤེས་སྔེའི་འགྱུར། རྒྱུད་ལེའུ་སུམ་ཅུ་པ་འགྲོ་བཟང་སྙིང་པོས་མཛོད་པ། དམར་ཁྲིད་དུ་ཤེས་པར་བྱའོའི་མཐའ་ཅན། གསེར་འོད་འབར་བའི་གཟུངས། པཎྜི་ཏ་ཙཱ་དེ་ཝ་དང། ལོཙྪ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། རྫོགས་བྱང་གི་མཐའ་ཅན། ཟབ་མོ་ཡིན་པས་གསང་བར་ ཞུའི་མཐའ་ཅན། བསྙེན་པའི་ཆོ་ག་དྲང་སྒྲུབ་པའི་ཆོ་ག། ཐུས་སྒྲུབ་ཆོག་ཡོན་ཏན་སྒྲུབ་ཆོག་འཕྲིན་ལས་སྒྲུབ་ཆོག་འཕྲིན་ལས་བཞི་སྒྲུབ་སྟེ་ཤོག་དྲིལ་དང་པོ། གསུང་ཆོས་དུང་ལ་བརྟེན་ པས་སྙན་གྲགས་སྒྲུབ་པ། ཤོག་དྲིལ་གཉིས་པ། བང་མཛོད་སྒྲུབ་པ། མན་ངག་སྒྲུབ་པ་རྒྱ་གཞུང། ཙིཏྟ་ཐུས་ཏེ་ཤོག་དྲིལ་གསུམ་པ། ཤེལ་བུམ་པ་བརྟེན་ན་ཚེ་སྒྲུབ་ཤོག་དྲིལ་བཞི་པ། སྤུ་གྲིལ་བརྟེན་ནས་དགྲ་སྲོག་གཅོད་ [070B] གཏེར་བུམ་ལ་བརྟེན་ནས་ནམ་མཁའ་མཛོད་སྒྲུབ་པའི་ཤོག་དྲིལ་དང་དྲུག་མན་ངག་འཁོར་ལོ་བྲི་ཚུལ། ཏེ་ཙཱ་དེ་བའི་མང་ངག་ཡིན་ཞེས་པའི་མཐའ་ཅན། ཀུན་ལ་ཡོད་ན་མཁས་པ་སུའི་མཐའ་ ཅན། གསངས་སྒྲུབ་རིན་པོ་ཆེའི་ཁང་པ་བརྩེགས་པ། ཐུགས་སྒྲུབ་ལྗང་སེར་བེ་ཅོན་ཅན། གསང་བའི་མན་ངག་གང་གི་དངོས་གྲུབ་སྒྲུབ་བྱེད་པ། །ཞེས་པ་ལ་ནང་གསེས། དངོས་གྲུབ་གཞི་ བཟུང་བ། རྟེན་གཟུག་པ། གཤམ་བུ་བདུན་གྱི་དངོས་གྲུབ་བརྫུབ། ཚེ་སྒྲུབ་པ། བསེ་རག་ཁ་འཆིང་བཅས་འགྲོ་ཟང་སྙིང་པོས་མཛད་པ་ཡིན་ཞེས་པའི་མཐའ་ཅན། སྣ་ཚོགས་དག་པའི་གྱུ་གང་ལ་དམིགས་པའི་ལིངྒ་ཡི་ཞེས་པ་ལ་ མནན་པ། རྨི་ལྟས། ཁ་འཆིང་རྣམས་འགྲོ་བཟང་སྙིང་པོས་དེ་སྐད་གཟུངས་སོའི་མཐའ་ཅན། རྟེན་གསུམ་གཟུགས་པ། ཐམས་ཅད་འགྲུབ་ཐེ་ཚོམ་མེད་ཀྱི་མཐའ་ཅན། སྤོགས་ཆོག་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི་མཐའ་ཅན། མན་ ངག་བཅུ་གསུམ་སྟོན་པའི་ཞལ་གདམས་རིན་པོ་ཆེའི་ཕྲེང་བ་རྫོགས་བྱང་གི་མཐའ་ཅན། རྟེན་གསུམ་འཁོར་ལོ་བྲི་ཚུལ། གཤམ་བུའི་ཚུལ། དབུ་བྯླའོའི་མཐའ་ཅན། ཚེ་སྒྲུབ་པ། ཤིན་ཏུ་ཨཐྀའི་མཐའ་ཅན། གསངས་གྲུབ། ཁ་ཆེ་དགོན་ པ་བའི་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོའི་མཐའ་ཅན། ནོར་སྒྲུབ་ལས་ཚོགས་ལ་གཞི་སྒྲུབ། རྟེན་སྒྲུབ། གཤམ་བུ་བདུན་པའི་དངོས་གྲུབ། ཚེ་སྒྲུབ་བསེ་རག་ཁ་འཆིང་བཅས་འགྲོ་ [071A]༄༅། །བཟང་སྙིང་པོས་མཛད་པ། གསད་གསོའི་གནད་ཀྱི་མན་ངག་ཅི་འདོད་སྟེར་རོའི་མཐའ་ཅན། སྤོགས་ཆོག་འགོར་བསྙེན་པས་ཉེར་མ་བཏུབ་ན། ཞེས་པ་ནས། གཅུན་སྔགས་སོའི་མཐའ་ཅན། རྒྱའི་ པགས་པ་ལ་བརྟེན་ནས་ནོར་སྒྲུབ་པ། ལྕགས་མཁྱིད་གང་པ་ནས། རྫས་དང་ལོངས་སྤྱོད་འབྱུང་གསུངས། ཞེས་པའི་བར་དང། ལག་པ་ལ་བརྟེན་ནས་ནོར་སྒྲུབ་པ། ཡང་རྒྱའི་པགས་པ་ལ་བརྟེན་ནས་ནོར་སྒྲུབ་པ། ཕྱི་གྲི་རྒོད་ ཀྱི་ལག་པ། ནང་བྱི་བ། གསང་བ་རྒྱ་རུ། ཡང་གསང་བསེ་ཡི་གའུ་སྐུ་འཁར་བ། གསུང་གཏོར་མ། ཐུཌ་ཙིཏྟ། ཡོན་ཏན་རིན་ཆེན། འཕྲིན་ལས་ཕུར་པ། རྣམ་སྲས་སྲེ་ཐོད་ཞེར་བྱུང་སྤོགས་ཆོག་དང་བཅས་པ། ཡང་རི་དྭགས་རྒྱའི་པགས་ པ༑ རྐུན་མ་བྱི་བ་འདྲ་བའི་པགས་པ། རྒྱ་ལྕགས་རྣམས་ལ་བརྟེན་ནས་ནོར་སྒྲུབ་ཚུལ། གཞན་གྱི་ནོར་འགུགས་པ་རྣམས་ལྷ་སའི་གཏེར་མའི་མཐའ་ཅན། མིས་ མི་མཐོང་བར་སྤའོའི་མཐའ་ཅན། གནོད་སྦྱིན་སྟག་མདའ་གདོང་དང། ལྷ་མོ་ནོར་དཔལ་མའི་སྒྲུབ་ཐབས་རང་ཤུགས་ཀྱིས་འགོ་བའི་མཐའ་ཅན། ཡང་སྟག་མདའི་སྒྲུབ་ཐབས་ཉུང་ངུ་གཅིག་ལས་མི་སྤེལ་ཞེས་པའི་མཐའ་ཅན། མཐུན་ རྐྱེན་སྒྲུབ་པའི་ཆ་རྐྱེན་ཇོ་བོས་ཟངས་དཀར་བར་གནང་བ་ཐེ་ཚོམ་མེད་དོའི་མཐའ་ཅན། བསེ་གདོང་ཅན་གྱི་མནན་པ་བྱ་ཐབས་ཤིན་ཏུ་ཟབ་པའི་མཐའ་ཅན། [071B] རྨི་ལམ་གཞུང་ན་གསལ་ལོའི་མཐའ་ཅན། དྲུག་ཆ་ནས་སྤྲད་དེ་བཞུགས་པའི་མཐའ་ཅན། མཛད་པ། གང་ ཐུགས་གཉིས་མེད་མ། དུ་མ་ཞིག་འདུག་གོའི་མཐའ་ཅན། འབྱོར་པ་ཕུན་སུམ་ཚོགས་པར་ཤོག་གི་མཐའ་ཅན། གསངས་རྟེན་གའུ་ཞི་བ་ནོར་སྒྲུབ། སྲོག་འཁོར་དཔེ་ཆུང། ནེའུ་ལེའི་ལས་སྦྱོར་ཐུན་མིན། མེ་ཏོག་གཙུག་ཕུད་ཀྱི་ལས་སྦྱོར་ སྐྱེས་དར་མའི་རུས་པ། བུད་མེད་ཀྱི་འཕང་ལོ། སྐྱེར་ཕུར། ཁམ་ཕོར་རྣམས་ལ་བརྟེན་ནས་དབང་དུ་བསྡུ་བ། ལྟས་ངན་གཏོང་པ། སེང་གེའི་ལས་ཚོགས། ཕྱིར་འབྲང་ཚར་གཅོད། རང་དམ་འཁོར་གྱི་གནོད་པ་བསྲུང་བ་རྣམས། སངས་རྒྱས་གསང་བས་མཛད་པའི་སྒྲུབ་ཐབས། ནོར་གནས་ཀྱི་སྒྲུབ་པ། གནོད་སྦྱིན་བརྒྱད་སྐོར་གྱིས་གྲུབ་ཐབས། ལག་སྒྲུབ་སྲིན་པོའི་ནོར་ལེན། རྒྱལ་སྒྲུབ་རྫས་ཀྱི་ནོར་ [072A]༄༅། །བུ༑ སྙིང་སྒྲུབ་རིག་པའི་ནོར་ལེན། སྲིའུ་གསོ་བའི་སྐོར་ལ། ཆགས་པར་བྱེད་པའི་ཐབས། ལྟེ་བསྒྱུར། རྒྱལ་འགོང་འདུལ་བ། འགྲོ་བ་དབང་དུ་བྱ་བ། བུད་མེད་དབང་དུ་བྱ་བ། ནད་ཞི་བར་བྱ་བ། བགེགས་ བསྲུང་བའི་མན་ངག་དྲག་པོ་མཐུ་སྒྲུབ། ལས་མཐའ་དོན་བརྒྱད་མ་རྣམས་བུདྡྷ་གུཔྟས་མཛད་པ། རྒྱལ་པོ་ནང་ལུགས་སུ་སྒྲུབ་པ་ འདི་མཇུག་ན་ནང་སྒྲུབ་ཡིག་ཆུང་ཞེས་པ་ཞིག་སྣང་ཡང་གསན་ཡིག་ནང་མི་གསལ་བས་ལུང་མ་ཐོབ། ཟངས་དཀར་ཐུགས་ དམ་མ། ཞེས་པ་ནས། བྱིན་རླབས་རྫོགས་སོའི་མཐའ་ཅན། གང་བའི་སྟེང་དུ་ལྷ་ སྒོམ་ཞེས་པའི་མཐའ་ཅན། བསྣུབས་སངས་རྒྱས་ཡེ་ཤེས་ཀྱི་གསར་འགྱུར། རིན་ཆེན་རྡོ་རྗེས་མཛད་པ། རིན་ཆེན་ཆར་པ་རྒྱུན་ཆད་མེད་འབབ་ཤོག་གི་མཐའ་ཅན། བསྟོད་བསྐུལ་མགོན་པོ་དང་ སྔོན་གྱི་བསྐལ་པ་མ། རྣམ་སྲས་དཀར་པོའི་ཚེ་སྒྲུབ་རྗེས་གནང། འདི་ལུང་མ་ཐོབ། འདི་ལུང་མ་ཐོབ། [072B] ཞེས་པ་ནས། གསང་སྒྲུབ་ནཱ་རོ་པས་ཡི་གེར་བཀོད་པ་རྫོགས་སོའི་མཐའ་ཅན་ལེ་ཚན་གཉིས། ཡིག་སྣ་འགོར་བླ་མ་གཏུམ་པོ་ལ་བཏུད་དེ། ཞེས་པ་ནས། ཉ་སྟོང་ཐམས་ཅད་ལ་བྱའོའི་མཐའ་ཅན། འདྲུག་གཞོན་གསང་སྒྲུབ། མི་འཛུབ་བདུན་ནོའི་མཐའ་ཅན། བཻ་ཤྲ་མའི་རྟོག་པ་གསུམ་པ། དཔའ་བོ་རྡོ་རྗེའི་འགྱུར། མན་ངག་ཟངས་ དཀར་མགུལ་ཁུག་མ། འགྲོ་ཀུན་སྦྱིན་རྫོགས་བྱང་ཆུབ་ཤོག་གི་མཐའ་ཅན། སྒྲུབ་ཐབས་འགོར་མཁའ་ཁྱབ་ཚད་ཀྱི་ཞེས་པ་ནས། བཏགས་ནས་འབུལ་ལོའི་མཐའ་ཅན། སྲོག་སྒྲུབ། བཙན་དུག་ཁོལ་མ་རྫོགས་སོའི་མཐའ་ཅན་ བསྟོད་པ་གནོད་སྦྱིན་རྒྱལ་པོ། ཞེས་པ་ཡན། གཏོར་འབུལ་དགྲ་བོ་སྦོས་ནས་འཆི་བའི་མཐའ་ཅན། ལྟས་ངན་བྱེད་པ། སྔགས་འཁོན་རྒྱས་པ། རྒྱལ་པོ་བུད་མེད་དགེ་འདུན་དབང་དུ་འདུ་བ། སྲོག་སྒྲུབ་ལས་ཀྱི་སྦུ་གྲི་སྒྲུབ་ཐབས་འགོར་ ཐུགས་རྗེའི་གཙོ་བོ། ཞེས་པ་ནས། གསུང་ཉན་ཟེར་བར་བསམ་མོའི་མཐའ་ཅན། དེའི་གཏོར་ཆོག་དགྲ་བགེགས་འདུལ་ཕྱིར་མ། རྗེས་གནང་ན་ཚོད་ བཅུ་དྲུག་མ་རྣམས་སྐྱོར་མོ་ལུང་དུ་ཡི་གེ་བྲིས་པའི་མཐའ་ཅན། ཡང་གསང་སྒྲུབ་ཐབས་གཙང་སྟོན་གྱིས་ཞུས་སོའི་མཐའ་ཅན། འཕྲིན་ལས་རྣམ་ [073A]༄༅། །བཞིའི་རྗེས་གནང་བྱ་སྡེར་ལུགས་སྐྱི་སྟོན་བཛྲ་ཏྣའི་མཐའ་ཅན།། །། ༈ དེ་ལས་བཏུས་ པའི་ཚེ་སྒྲུབ་བི་མ་མི་ཏྲས་མཛད་པ། འཛད་མེད་མཛོད་ལ་སྤྱོད་པར་ཤོག་གི་མཐའ་ཅན། ཡི་གེ་པ་ནི་རིག་འཛིན་རྒྱ་མྪོའོའི་མཐའ་ཅན། ལེའུ་བཅུ་གཉིས་པ། སྐལ་ལྡན་གཅིག་དང་འཕྲད་པར་ཤོག་གི་མཐའ་ཅན། རྟག་ཡིག་ལས་བྱང་རི་རྒྱལ་ལྷུན་པོ་བཅས་ཀུན་སྐྱོང་གིས་གདམས་པའི་མཐའ་ཅན། གྱི་ཆ་ལག་ལས་ལོ་རྒྱུས་ནས་དྲག་སྔགས་སྒྲུབ་རྒྱུད་པར་དང། དྲེགས་པ་སྤྱི་སྒྲུབ་བསྐུལ་རི་རྒྱལ་ལྷུན་པོ། དེའི་ལས་བྱུང་གཅིག་སྒྲིལ། དྲེགས་པ་ཡོངས་སྒྲིལ་གྱི་མན་ངག་ངན་སྔགས་དྲག་པོ་ཡོངས་དྲིལ། བསྐུལ་མི་མངོན་དབྱིངས་ བཞུགས་མ་རྣམས་གནོད་སྦྱིན་ཤིང་རྟའི་རྒྱུད་ལས་སློབ་དཔོན་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་བཏུས་པ། ཡང་དག་ཤེས་ལ་བརྟེན་ནས་མངོན་ཤེས་དབང་ཕྱུག་སྒྲུབ་པ། གང་བཟང་ལ་བརྟེན་ནས་དམག་ [073B]ནོར་བཟང་ལ་བརྟེན་ནས་ནོར་སྒྲུབ། ཀུ་བེ་ར་ཡི་ཆོམ་རྐུན་འཆིང་བ། ལྔ་རྩེན་གྱི་ཚེ་སྒྲུབ། ཛམ་ལྷའི་ཕྱག་མཚན་བི་ཛ་པུ་རའི་དབང་སྡུད། ནེའུ་ལེའི་ཟས་ནོར་སྒྲུབ་པ། པ་དན་གྱི་དམག་བཟློག་འབྲོག་གནས་ཀྱི་དགྲ་བསད་པ་ ཙི་ཀུཎྜ་ལིའི་ཆུ་འཁྱག་སྲུང་བ་རྣམས་ཁྲོ་ལོའི་ཞལ་གདམས། ཤུགས་ཀྱིས་འགོ་བ་ཡིན་ནོའི་མཐའ་ཅན། འགོར་སྟག་མདའི་སྒྲུབ་ཐབས་ཞེས་པ་ ནས༑ ཟས་སྒྲུབ་མན་ངག་ལགས་སོའི་མཐའ་ཅན། འགོར་སྟག་མདའ་གདོང་གི་ཞེས་པ་ནས། ཤཱཀྱ་ཤྲཱི་ལ་མི་བསྐྱོད་རྡོ་རྗེས་ཞུས་པའི་མཐའ་ཅན། རྣམ་སྲས་ཀྱི་ཐག་པ་ཞེས་པ་ཚན་པ་གཉིས་འགྲོ་བཟང་སྙིང་པོས་མཛད་པ། འགོར་དེ་བཞིན་ གཤེགས་པ་ཞེས་པ་ནས། ཟངས་དཀར་ལོ་ཙཱ་བའི་ཁྱད་ཆོས་ཨྀཐིའི་མཐའ་ཅན། ཨྀཐིའི་མཐའ་ཅན། ཨ་པ་ར་དཀར་པོ་དྲེད་ཞོན་གྱི་སྒྲུབ་ཐབས། ཞལ་གདམས་རྫོགས་སོའི་མཐའ་ཅན་ ལས་ཚོགས་བཅུ་གསུམ། ཐུགས་ལ་གབ་ཅེས་པའི་མཐའ་ཅན། གནོད་སྦྱིན་ལག་སྤུན་གྱི་མནན་པ། འཇིག་རྟེན་གསུམ་ན་དཀོན་པའི་མཐའ་ཅན། མདུང་དམར་ཅན་གྱི་ཡིག་སྣ་ལས། སྒྲུབ་ཐབས་འགོར་མན་ངག་འདི་ལ་ ཞེས་པ་ནས། འཕྲིན་ལས་དཔག་བསམ་མེད་སྒྲུབ་ཀྱི་མཐའ་ཅན། འགོར་ཤྲཱི་བཛྲ་པཱ་ཎི་ལ་ན་མོ། ཞེས་པ་ནས། བཀའ་རྒྱས་བཏབ་བོ་ཨྀཐིའི་མཐའ་ཅན། འགོར་རྣམ་སྲས་སྙིང་གི་ཟེའུ་འབྲུ་ཞེས་པ་ནས། དང་པོའི་བསྙེན་པའོའི་ [074A]༄༅། །མཐའ་ཅན། འགོར་ལས་ལ་སྦྱར་ཏེ་བསྒྲལ་པ་ནི། ཞེས་པ་ནས། ལས་ཅན་གྱི། ནཱ་རོ་པས་བགོད་པའོའི་མཐའ་ཅན། འགོར་རྒྱལ་པོའི་བླ་རྡོ་ཞེས་པ་ནས་གདམས་པ་གནད་དུ་ཆེའོའི་མཐའ་ཅན་ ཡིག་ཆུང་ཨྀཐིའི་མཐའ་ཅན། འགོར་དེའི་ཚེ་སྒྲུབ་ཅེས་པ་ནས། མི་དམིགས་པར་བཞག་གོའི་མཐའ་ཅན། འགོར་བསྙེན་སྒྲུབ་ལས་གསུམ་རྟགས་བྱུང་ན། ཞེས་པ་ ནས༑ དབང་དུ་བསྡུ་བའི་སྔགས་སོའི་མཐའ་ཅན། འགོར་གསོ་བ་ནི། ཞེས་པ་ནས། གསོ་བའི་མན་ངག་གོའི་མཐའ་ཅན། འགོར་ཡ་མ་སྲོག་ལས་ཀྱི་ཡིག་སྣ། ཞེས་པ་ནས། ཤིན་ཏུ་གསང་པོའི་མཐའ་ཅན། འགོར་མ་ ཏྲག་བཞིའི་ཡིག་སྣ་ལས། ཞེས་པ་ནས། བསྟོད་ཅིང་གསོལ་བ་གདབ་བོའི་མཐའ་ཅན། འགོར་ཕྱག་ན་རྡོ་རྗེ་ལ་ན་མོ་ཞེས་པ་ནས། ཞལ་གདམས་ཀུན་ནོ་ཞེས་པའི་མཐའ་ཅན་གྱི་སྲོག་རྩ་ཡིད་བཞིན་ནོར་བུའི་སྒྲུབ་པ། གསང་སྒྲུབ་དམར་ པོ་བླ་མ་ཡི་དམ་ཞེས་པ་ནས། སྙིང་ལ་སྦས་སོའི་མཐའ་ཅན། ཡང་དམར་པོ་གོ་ཆ་ཅན་གྱི་ཞེས་པ་ནས། སྒྲུབ་འདྲེ་མེད་དོའི་མཐའ་ཅན། འགོར་ན་མོ་གུ་རུ་ཞེས་པ་ནས། ཤིན་ཏུ་གསང་བ་གལ་ཆེའོའི་མཐའ་ཅན། དྲག་སྤེལ་མའི་སྒྲུབ་ཐབས་སྒྲ་ཚད་རིན་ཆེན་རྣམ་རྒྱལ་གྱིས་སྦྱར་རོའི་མཐའ་ཅན། བྱ་བྲལ་འཇམ་དབྱངས་གྱིས་ཟིན་བྲིས་སུ་བྲིས་ཞེས་པའི་མཐའ་ཅན། སྒྲུབ་རིའི་ [074B] གཉག་ཕུ་རིན་ཆེན་གྱིས་སྦྱར་བའི་མཐའ་ཅན། ག་ག་ན་སིདྡྷི་མཛད་པ། སྐད་གཉིས་སྨྲའི་ ཤེས་རབ་རིན་ཆེན་གྱིས་མཛད་པ། ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱི་འགྱུར། པ༑ རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། རྒྱལ་པོ་དོ་རྗེ་འཆང། ཕྱག་རྡོར། སྤྱོད་ མཛད་ཆོས་ཀྱི་རྡོ་རྗེ། སློབ་དཔོན་ཀུན་ཏུ་བཟང་པོ། འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ཆེ་དགོན་པ་ལ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན། གཙུར་བསོད་ནམས་རིན་ཆེན། འབྱེད་ཕུ་བ་པདྨ་བཀྲ་ཤིས་ ལྷ་རྗེ་ཇོ་བཟང། ཁྲོ་ཕུ་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག་ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ་བུ་སྟོན་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ་དཔལ་ བཟང། ཆོས་རྗེ་རིན་ཆེན་དཔལ་གྲུབ། སྐུ་ཞང་རིན་ཆེན་མཆོག་གྲུབ། རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ [075A]༄༅། །ཆེན་ངག་དབང་ཆོས་གྲགས། ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་ཀུན་དགའ་བསོད་ནམས་དབང་ཕྱུག་ཞྭ་ལུ་བ་རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ་ རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་བ་ཀུན་དགའ་ལེགས་འབྱུང། བོད་ཕྲུག་བློ་གསལ་རྒྱ་མཚོ། བཅོ་བརྒྱད་པ་ངག་དབང་ཀུན་དགའ་མཁྱེན་རབ། བྱམས་པ་ངག་དབང་བསྟན་འཛིན་འཕྲིན་ལས། ལྔ་རིག་པཎ་ཆེན་ཀུན་ དགའ་བཀྲ་ཤིས། ས་སྐྱ་པ་ངག་དབང་ཀུན་དགའ་རིན་ཆེ། གཟིམས་འོག་ངག་དབང་པ་སྟན་འཛིན་སྙན་གྲགས། རྗེ་འཇམ་དབྱངས་འཕྲིན་ལས། བཀའ་དྲིན་ཟླ་མེད་ཤག་སྐོར་མཁན་ཆེན་རྗེ་བཙུན་བློ་བཟང་སྨོན་ལམ་དཔལ་ བཟང་པོ། དེས་བདག་ལ་དགྱེས་པ་ཆེན་པོས་སྩལ་བའོ། ། རྡོ་རྗེ་འཆང། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་དཀའ་མ་རུ་པ། སློབ་དཔོན་ཀརྣ་པ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཆེན་རྡོ་རྗེ། ཁ་ ཆེས་ཛྫ་ན། ཁ་ཆེ་ཏེ་ཙཱ་དེ་བ། ཀ་པ་ཛི། སུ་མ་ཏི་ཀའི་རྟི། ཀོང་བུ་རི་པ། ཁྲོ་ལོ་མན་འདྲ། མཛད་པ་པོ། སྤོས་ཁང་པ་མཁན་ཆེན་རྒྱལ་མཚན། མཁན་ཀུན་དགའ་བློ་གྲོས། པཎ་ཆེན་བསོད་ ནམས་བློ་གྲོས། ཤམ་བར་ཀུན་དགའ་སངས་རྒྱས། ཚར་ཆེན་མན་འདྲ། གསང་བདག་ཕྱག་རྡོར། སློབ་དཔོན་སངས་རྒྱས་གསང་བ། ལོ་ཙཱ་བ་མྙྫུ་ཤྲཱི། ལ་གསུམ་རྒྱལ་བ་བྱང་ཆུབ། པཎྜི་ཏ་ཁ་ [075B] ཟངས་དཀར་ལོ་ཙཱ་བ། འབྲོམ་སྡེ་ཉི་མ། དགེ་བཤེས་ལོ་ཙཱ་བ། སླེའུ་མཚུར་སྟོན། སླེའུ་སྟོན་པ། གྲུ་སྟོན་སྨོན་ལམ། ཇོ་སྲས་ནས་རིམ་པར་བརྒྱུད་དེ། ཤམྦྷར། ཀུན་དགའ་སངས་རྒྱས། ཚར་ཆེན་མན་འདྲའོ། ། རྣམས་ཀྱི་བརྒྱུད་པ་ནི། ཁྲོ་ལོ་ཡན་རྟགས་མེད་དང་འདྲ། མཁན་ཆན་གཙང་པ་དབང་ཕྱུག་གྲགས། མཁས་པ་བྱང་ཆུབ་གྲགས། མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ་ཐོག་སྟོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཆེན་རྒྱ་མཚོ། བླ་མ་རིན་ ཆེན་དཔལ། བླ་མ་རིན་པོ་ཆེ་ཆོས་གྲགས་པ། བླ་མ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་ཚེ་འཕེལ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་མན་འདྲའོ། ། བརྒྱུད་པ་ནི། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་དཔལ་བཟང། ཤམ་བཧར་ཀུན་དགའ་སངས་རྒྱས། བོད་མཁར་མཻ་ཏྲི་དོན་གྲུབ་རྒྱལ་མཚན་མན་འདྲའོ།། །། ༈ བསྐལ་ བརྒྱར་བསགས་པའི་སྒྲིབ་ཚོགས་དྲུངས་ཕྱུང་ཞིང། །བསྟེན་འོས་ཞབས་སེན་གཙུག་ན་བསྟེན་པས་ཀྱང། །གཏན་བདེའི་གོ་འཕང་ལ་འགོད་དེ་ལ་འདུད། །དཔལ་དུར་ཁྲོད་བདག་པོའི་ལས་ཚོགས་བེའུ་བུམ་འབྲིང་པོའི་ལྗགས་ལུང་ལེགས་པར་ཐོབ་ པའི་བརྒྱུད་ཐོ་འགོད་པ་ལ། །དུར་ཁྲོད་བདག་པོའི་གསང་རྒྱུད་དོན། །ལེགས་ [076A]༄༅། །བཤད་མན་ངག་རྒྱ་མཚོ་ལས། །རྩ་བའི་ལས་བཞི་ལྷུན་འགྲུབ་བཞུགས། ། རྒྱ་མཚོ་རྣམ་པར་གཡོ་བའི་རྦ་རླབས། པར་ཁྱད་རྟེན་ཉི་ཟླ་སྐར་གསུམ། ཏོག་དེའི་མན་ངག། རྒྱན༑ དོན་ཡོད་ཞགས་པ། འཁོར་ལོ། རང་སྲུང། གཞན་སྲུང། ཟས་ཀྱི་དུས་སུ་གཅན་སོགས། [076B] ལས་ཚོགས་ཐུན་མོང་མ་ཡིན་པ་བི་རོའི་གསུང། དུར་ཁྲོད་བདག་པོའི་མཆོད་བསྟོད། འཁོར་ལོའི་མན་ངག་སྲུང་བའི་ཞལ་གདམས། དུར་ཁྲོད་བདག་པོའི་རྗེས་གནང། རྔས་སྔགས་ལ་བརྟེན་ནས་སྨྱོན་པ་འདུལ་བ། དུར་ཁྲོད་ བདག་པོའི་བསྙེན་སྒྲུབ་ལས་གསུམ། ཡིག་ཆུང་འདོད་ཡོན་སྤྲིན་ཕུང། དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་གསལ་བར་བྱེད་པའི་གཏམ་གྱི་རྒྱུད་ འདི་ཞུ་དག་པ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་ལགས། མངས་བཅས་ཀྱི་ལྗགས་ལུང་ ལེགས་པར་ཐོབ་པའི་བརྒྱུད་རིམ་ནི། དཔལ་འཁོར་ལོ་བདེ་མཆོག་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ཤྲཱི་བཛྲ། བཛྲ་རཱ་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱུ་ན་སིདྡྷི། དམ་ཚིག་རྡོ་རྗེ། འཆི་མེད་བློ་བཟང། བཻ་རོ་ཛྙཱ་ན། ཁམས་ བ་རྭ་ལོ། ལོ་ཙཱ་བ་གཞོན་ནུ་དཔལ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། བླ་ཆེན་ཡར་སྒོམ། དོལ་པ་སྟོན་ཚུལ། རྒྱལ་ཚ་ཆོས་དབང། མཁས་པ་ཡོན་ཏན་ཁྲི། རིན་ཆེན་སེང་གེ་ བཟང་པོ། ཡར་ཀླུངས་པ་བསོད་རྒྱལ། བླ་ཆེན་བསོད་ནམས་རྒྱལ་མཚན། རྒྱལ་བ་མཆོག་དབྱངས། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། འཁོན་སྟོན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ་ འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་སྔགས་ཆེན་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ [077A]༄༅། །ཆེན་ཀུན་དགའ་བློ་གྲོས། ངག་དབང་རྡོ་རྗེ་རིན་ཆེན། མཁའ་སྤྱོད་ཌཱ་ཀི་དབང་མོ་བསྐལ་བཟང་ཆོས་ཀྱི་ཉི་མ། མཁན་པོ་བྱམས་པ་བཀྲ་ཤིས་ཆོས་འཕེལ། ཐོ་ཡོན་བློ་བཟང་ཚེ་རིང་རྡོ་རྗེ། ཡེ་ཤེས་ བསྟན་འཛིན། ཤར་ཟུར་ཉི་མ་རྒྱལ་མཚན། ལྷོ་སྤྲུལ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་ བཟང་པོའི་ཞལ་སྔ་ནས། བདག་ལ་དགྱེས་བཞིན་བཀའ་དྲིན་དུ་སྩལ་བའོ། །བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་རྣམས་ནི། མཛད་པ་པོ་ནས། རིག་འཛིན་ངག་གི་དབང་པོ། ཤར་ཟུར་ངག་དབང་བཀྲ་ཤིས་རྣམ་རྒྱལ་ གླིང་སྟོད་ཆོས་རྗེ་དཀོན་མཆོག་དཔལ་འབྱོར། པདྨ་འཕྲིན་ལས། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། ངག་ དབང་རྡོ་རྗེ་རིན་ཆེན། མཁའ་སྤྱོད་ཌཱ་ཀི་དབང་མོ་བསྐལ་བཟང་ཆོས་ཀྱི་ཉི་མ་མན་གོང་དང་འདྲ།། །། ༈ བདག་དམར་པོ་བཤན་པ་སྒྲོལ་བྱེད་ཀྱི་རྒྱུད། [077B] ། དམར་པོའི་དྲག་སྔགས། ཐོག་དམར། ལ་ཁྱི་དམག་དྲངས་པ། ཐབས་གཉན་ལོས་མཛད་པ། [078A]༄༅། །དང་བཅས་པ། བན་གྱིས་མཛད་པ། རྗེ་ཚར་ཆེན་གྱིས་མཛད་པ། ལ་ནག་པོའི་དུག་གི་སྤུ་གྲི་རྗེ་ཚར་ཆེན་གྱིས་མཛད་པ། རྗེས་གནང་གི་བརྒྱུད་པ་ཟུར་དུ་གསལ་བ་ལྟར་ལ་ ལུང་གི་བརྒྱུད་རིམ་ལ། གཤིན་རྗེ་གཤེད། མཧཱ་དེ་ཝ།། ཉི་འོད་གྲགས། ཟླ་བ་ནག་པོ། གྷ་ཡ་དྷ་ར་ཤྲི་དཧར་ཀྲ་ཐུ་ཡང་ཟེར་འདི་ཐམ་འབྲས་བའི་གྷ་ཡ་དྷར་དང་མི་གཅིག་པར་བསྐལ་བཟང་གཞན་ཡིག་ཏུ་གསུངས།། གཉན་ལོ་དར་མ་གྲགས། ཁཱུ་པ་དར་མ་སེང་གེ་རྗེ་ས་ཆེན། ར་སའི་ཤོད་བུ་བཀྲ་ཤིས་འོད་ཟེར། གྲུབ་ཐོབ་འདར་ཕྱ་རུ་བ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། སློབ་དཔོན་ཤེས་རབ་རྒྱ་མཚོ། བླ་མ་བསོད་ [078B]ལྕང་སྤེ་བ་སེང་གེ་འབུམ། ཀུན་མཁྱེན་དཔལ་ལྡན་སེང་གེ་ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་གཞོན་ནུ་དཔལ། མུས་སྲས་པ་རྡོ་རྗེ་རྒྱལ་མཚན། རྒྱུད་གསུམ་སྨྲ་བ་ཤེས་ རབ་རིན་ཆེན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག་རྟ་ར་བ་བསོད་ནམས་ཆོས་འཕེལ། སྔགས་འཆང་དབང་ཕྱུག་རབ་བརྟན། བཀའ་འགྱུར་བ། ཟུར་ཆེན། ལྔ་པ་ཆེན་པོ། འཇམ་དབྱངས་གྲགས་པ་ མང་ཐོས་རྒྱ་མཚོ། འཇམ་དབྱངས་བདེ་རྡོར། ཁྲི་ངག་དབང་མཆོག་ལྡན། རྗེ་དགེ་ལེགས་རྒྱལ་མཚན། ཐང་སག་དོན་གྲུབ་བསྟན་འཛིན། ཆོས་རྡོ་རྗེ། ཀླུ་ཕུག་པ་རྡོ་རྗེ་བདེ་འབྱུང། ཨ་བུ་བླ་མ་འཕགས་པ་མཆོག་དགའ། རྗེ་བློ་ བཟང་བསྟན་འཛིན་མཐུ་སྟོབས། རྡོ་རྗེ་འཆང་བདེ་ཆེན་མཉམ་ཉིད་རྡོ་རྗེ། སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ། དེས་བདག་ལའོ། ། རབ་བརྟན་ བླ་ཟུར་རྡོར་འཛིན་ཀུན་དགའ་དཔལ་འབྱོར། རྡོ་རྗེ་འཆང་བདེ་ཆེན་མཉམ་ཉིད་རྡོ་རྗེ་མན་གོང་དང་དྲ། གནས་གསར་བསོད་ནམས་ཆོས་འཕེལ་ཡན་གོང་ལྟར་ལ། དེ་ནས་ངག་དབང་ཆོས་གྲགས་ ངག་དབང་རྣམ་རྒྱལ། ཀུན་དགའ་བཀྲ་ཤིས། མཁན་འཇམ་དབྱངས་སངས་རྒྱས་ཕུན་ཚོགས། ཆོས་རྗེ་ཡེ་ཤེས་འཕྲིན་ལས། རྗེ་བསོད་ནམས་ཆོས་འབྱོར། ཀུན་དགའ་ཆོས་འཕེལ། མཁན་འཇམ་དབྱངས་དཔལ་བཟང། ཚུལ་ཁྲིམས་རིན་ཆེན་ [079A]༄༅། །དེ་དཔོན་དགེ་ལེགས་ལྷུན་གྲུབ། ཀུན་དགའ་དོན་གྲུབ། དགེ་འདུན་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། བསོད་ནམས་འཕྲིན་ལས། མཁྱེན་རབ་བཟང་པོ། བདེ་ཆེན་མཉམ་ཉིད་རྡོ་རྗེ་མན་འདྲ། བྲྒྱུད་ལུགས་གཅིག་ ནི༑ རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། མུས་སྲས་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་དགའ་འཁྲུལ་ཞིག་དཀོན་མཆོག་བཟང་གོ། ཐར་ཆེན་མན་འདྲ་་བསྣུབས་ལུགས་གཏེར་མའི་ལུང་བརྒྱུད་ནི། ཆོས་སྐུ་སྣང་བ་ མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། བསྣུབས་ཆེན་སངས་རྒྱས་ཡེ་ཤེས། བསྣུབས་མཚུར་སྟོན་ཁ་སྣུབས་སྟོན་ཕུག་པ་འབར། དེ་ནས་རིམ་པར་སྔགས་འཆང་སངས་རྒྱས་འཕེལ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་བརྒྱུད་པར་བཞུགས་པ་བཞིན་ནོ། ། ཉང་གཏེར་ལུགས་ཀྱི་བརྒྱུད་པ་ནི། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཚན། ལྷ་སྲས་མུ་ཁྲི་བཙན་པོ། ཉང་ཉི་མ་འོད་ཟེར་ནས་རིམ་བར་བརྒྱུད་དེ། ཚར་ཆེན་མན་འདྲ། ཉེ་བརྒྱུད་ནི་སློབ་ དབོན་ཆེན་བོས་གྲུབ་ཆེན་འདའ་ཕྱར་བ་ལ་དབང་དང་གདམས་ངག་དངོས་སུ་གནང་བ་ཡིན་ནོ།། །། ༈ །མ་ངེས་འགྲོ་བློའི་རྗེས་སུ་སྐྱེ་བ་ལས། །ཡེ་ཤེས་ལྔ་ཡི་རང་རྩལ་རྒྱལ་ཆེན་ལྔའི།། སྣ་ཚོགས་ལས་རིམ་ཐོབ་བའི་ཐོ་བྱང་སྤེལ། །འདིར་རྒྱལ་དབང་པདྨ་ཀ་རའི་བཀའ་སྡོད་དམ་ཅན་ཡོངས་ཀྱི་རྗེ་བོ་སྤྲུལ་པའི་ཆོས་རྒྱལ་སྐུ་ལྔའི་ཆོས་སྐོར་ལ་ཐོག་མར་གོང་གནོན་དུ་བླ་མ་གསང་འདུས་ཀྱི་ཟླུམ་པོ་བཞི་དབང། སྐུ་ལྔའི་སྲོག་གཏད་ [079B] བྱེས་ཆས་སྲོག་གཏད་བཅས་ཐོབ་ནས། རྒྱབ་རྟེན་ལུང་ལ་གཉིས་ལས། དང་པོ་གཏེར་མ་རྒྱུད་སྐོར་ལ། རྒྱལ་པོ་ཤེལ་ཕྲེང་དཀར་པོའི་མན་ངག་གི་རྒྱུད་ལ། གཡུ་ཕྲེང་སྔོན་པོའི་རྒྱུད་ལ། འདིའི་མཇུག་ལ་སློབ་དཔོན་པདྨས་ མཛད་པའི་གཡུ་ཕྲེང་སྔོན་བོའི་སྒྲུབ་ཐབས་ཞིག་ཡོད། ལྕགས་ཕྲེང་ནག་པོའི་རྒྱུད་ལ། ནོར་ལྷ་ནག་པོའི་རྒྱུད་ལ། ར་ཙ་སྤུཾ་གྲིའི་རྒྱུད་ལ། སྲོག་བདག་གསེར་གྱི་གར་བུའི་རྒྱུད་ལ་། སྲོག་བདག་གསེར་གྱི་རྟ་བའི་རྒྱུད་ལ། མཚོན་ཆ་ལ་ལས་ཀྱི་འཁོར་ལོ་གའུ་ དགར་བོའི་བསྙེན་སྒྲུབ་སྲོག་གི་སྤུ་གྲི་ལ་། རྒྱལ་པོའི་སྲོག་གཏད་ལ་། པེ་ཧར་དཀོར་མདོས་སམ་རྒྱལ་པོ་ལྷ་ཁང་གི་མདོས་ལ། གསོལ་མཆོད་དམ་གཞག་བཅུ་གསུམ་མར། རྒྱལ་པོའི་སྲོག་འཁོར་སོགས་ཀྱི་ཉེར་མཁོར་། སྐུ་ལྔ་དང་དྲག་མོ་རྒྱལ་ གཉིས་ཀྱི་ཕྱི་ནང་གསང་བའི་རྟེན་འཛུགས་ཕྱག་ལེན་ཟིན་བྲིས་ལ། ཤེལ་གྲེང་རྒྱུད་ལས་ཁོལ་དུ་ཕྱུང་པ་ལས་བཅོལ་གསོལ་ཁ་དམ་ཉམས་དགྲ་སྲོག་གཅོད་པའི་ཐོག་མདའ་ལ་། དགྲ་ལྷ་ཁྱུང་ཆེན་ཀླུ་འབྲུག་འདུལ་གྱི་སྒྲུབ་རིམ་སྦྲིན་ནས་ འཁྲིགས་བ་དགྲ་ལྷའི་རྒྱལ་པོའི་ལས་ཡོངས་སུ་རྫོགས་པར་། རྒྱལ་པོའི་ལས་མཐའ་ནད་པ་གསོ་ཐབས་ལ་བཅས་དང། ་གཉིས་པ་ཆོག་སྲིགས་སྐོར་ལ། རིག་འཛིན་པདྨ་འཕྲིན་ལས་གསུང་སྐུ་ལྔའི་སྒྲུབ་རིམ་སྤྲིན་ནག་འཁྲིགས་པའི་ གསལ་བྱེད་གློག་གི་ཕྲེང་བ། དེའི་ཞལ་ཤེས་ཟིན་བྲིས་གསལ་བྱེད་གློག་འཕྲེང་དུ་མི་གསལ་བའི་ཞལ་ཤེས་ཟིན་བྲིས། སྦྲིན་ནག་འཁྲིགས་པ་ལས་བཏུས་པའི་འབོད་རྦད་བསད་གསུམ་གྱི་མན་ངག་གནམ་ལྕགས་འབར་བ། བཙན་ [080A]༄༅། །གྱི་ཇག་པ་རྟ་རྒྱུག་གི་བསྐུལ། དམག་དཔོན་གྱི་རྒྱུད་སྒྲུབ་ཐབས། གནོད་སྦྱིན་ཆེན་པོའི་གསོལ་ཁ། རྟ་མགྲིན་རྗེ་ཁོལ་ངལ་བསོ། དྲེགས་པ་རྗེ་ཁོལ་ངལ་བསོ། རྒྱལ་བཙན་སྲོག་སྔགས། སྐུ་ལྔའི་ སྲོག་ཁང་དང་འབྲེལ་འཕྲིན་གཞུང་དངོས་གྲུབ་ཆར་འབེབས་བཅས། ་སྔགས་སྨྱོན་བློ་གསལ་རྒྱ་མཚོའི་གསུང་ཆོས་སྐྱོང་རྒྱལ་པོའི་སྒྲུབ་རིམ་སྤྲིན་ནག་འཁྲིགས་པའི་མན་ངག་སྤས་པ་མིག་འབྱེད། རྒྱལ་འགོང་ཀླད་པ་འགེམ་བྱེད་སྤུ་གྲི་དམར་ ལེན༑ པེ་ཧ་རའི་སྔགས་ཐེམ་རྒྱལ་པོའི་གན་མཛོད། རྒྱལ་པོའི་སྔགས་ཐེམ་གནད་གསང་ལྷུག་དཀྲོལ། གཡུ་འཕྲེང་སྔོན་མོའི་ཕྱི་ནང་གསང་བའི་སྒྲུབ་པ། ནོར་ལྷ་ནག་པོ་དང་ལྕགས་འཕྲེང་གཉིས་ཀྱི་ནོར་སྒྲུབ་བྱ་ཐབས། སྲོག་འཁོར་ དང༑ སྲུང་བ་ཟབ་མོའི་གནད་ཡིག་ཆོས་འཁོར་རྒྱལ་པོའི་ལས་མཐའ་དཀར་པོ་སྤྱན་གཅིག་ལས་མ་དྲ་གཏད་པའི་མན་ངག་བསྐང་མདོས་མན་ངག་སྙེ་མ་རྒྱལ་པོའི་མན་ངག་སྲེག་པའི་མན་ངག་རྒྱལ་བའི་ལས་མཐའ་ཚེ་སྒྲུབ་བཅས་ བཞད་རྡོར་གསུང་བཙན་གྱི་སྲོག་གཏད་འཁྲུལ་འཁོར་དང། ཁྲུས་བྱེད་ཚུལ་དག་འདོན་དང། དམིགས་རིམ་སྤེལ་བ་གདོད་མའི་བདུད་ཙི། ་སྐུ་རྟེན་དག་དབང་རྒྱ་མཚོའི་གསུང་གྲས་རིག་འཛིན་ཆེན་པོར་སྲོག་ཁང་གྱི་དོགས་ སེལ་ཞུས་ལན་ཡིད་མཚོར་ཤར་བའི་ཟླ་གཟུགས། སྲོག་ཁང་དུང་འབྲེལ་སྒྲུབ་རྣམ་བཤད་བཀླགས་པས་ཀུན་ཤེས། སྐུ་ལྔའི་ལས་བཞིའི་འཕྲིན་གཞུང་ཕན་བདེའི་ཉིན་བྱེད་འདྲེན་བའི་སྐྱ་རེངས། སྲོག་འཁོར་སྒྲུབ་ཚུལ་འདོད་དགུའི་གཏེར་ [080B] རྟེན་འཛུགས་ཀྱི་ཆོ་ག་ཁྱེར་བདེ་དོན་ཚང། སྐོང་ཆོག་བསྟན་སྲུང་དགྱེས་པའི་འཛུམ་ཞལ། མངའ་གསོལ་ལྷ་རྒྱལ་དབྱངས་སྙན་ཀུན་ཁྱབ། རྟེན་མདོས་བཅའ་ཚུལ་ཟིན་བྲིས། ལས་བཞིའི་སྦྱིན་སྲེག་ཀུན་ཕན་འདོད་འཇོའི་བུམ་ བཟང། ལས་བཅོལ་གཉེར་གཏང་བྱ་ཚུལ་བྱིན་རླབས་མྱུར་འཇུག་སྐུ་ལྔའི་ལས་མཐའ་སྲེག་པའི་མན་ངག་བསྐལ་པའི་མེ་དབུང། སྲོག་ཁག་དན་འབྲེལ་དག་སྲེག་ཧོམ་མཆོད། ཚེ་ཆོག་བརྒྱུད་འདེབས་ཏེ་བཅུད་དངོས་གྲུབ་ བསྐུལ་བ། འཚི་མེད་སྲོག་སྒྲུབ་དང་འབྲེལ་བའི་ཚེ་བཅུད་དངོས་སྒྲུབ་བསྐུལ་པ། ཚེ་རྫས་ལ་རོལ་ཞིང་ཤིས་པ་བརྗོད་པ་བཅས། ་པདྨ་དགྱེས་པའི་གསུང་ཆོག་གནོད་སྦྱན་རྒྱལ་པོ་སྡེ་ལྔ་ཕྱི་ནང་གསན་བའི་རྟེན་རྫས་བཅའ་ཚུལ། དབང་ སྡུད་ཀྱི་ལས་སྦྱོར་ཉི་ཟླའི་འཕྲུལ་ཞགས། དྲག་པོ་གཏོར་མའི་ལས་རིམ་དང་འབྲེལ་འབོད་དྲག་གསད་གསུམ་གྱི་མན་དག་ནམ་ལྕགས་འབར། དབང་གི་སྦྱིན་སྲེག་སྲིད་གསུམ་ཡིད་འགུགས། བཙན་གྱི་སྲོག་འཁོར་བྲི་ལུགས་བཅས། ཀུན་ བཟང་པདྨ་འགྲོ་འདུལ་གྱི་སྐུ་ལྔའི་རུ་མཚོན་གྱི་རྟེན་འཛུགས་སོག་སྙེར་མཁོའི་མན་དག་ཕྱོགས་སྒྲིགས་སྤས་གསང་མིག་འབྱེད། གཏོར་མའི་ལས་རིམ་གྱི་ཟུར་རྒྱན་མེ་རླུང་འཁྲིལ་བ། བློ་བུར་ལས་བཅོལ་གནམ་ལྕགས་ཐོག་མདའི་ཆ་རྐྱེན་ཧོམ་ མཆོད་ཉུང་དུ་རྣམ་གསལ། ཞི་རྒྱས་ཀྱི་སྒྲུབ་བ་ཟླ་ཉིའི་མེ་ལོང། གཡང་འགུགས་འཕྲུལ་ཞགས་ནོར་མཛོད་འཁྱིལ་པ། དབང་སྲེག་སྲིད་གསུམ་ཡིད་བསྐུལ། ཚེ་སྒྲུབ་འཆི་མེད་སྲོག་གི་བཅུད་ལེན། དེའི་སྒོ་ནས་བསུན་བཟློག་བརྟན་ [081A]༄༅། །བཞུགས་རྡོ་རྗེའི་རྒྱ་མདུད་བཅས། ཨ་རྒྱན་འཇིགས་མེད་གློང་ཡངས་གསུང་གྲས་ཆོས་རྒྱལ་སྐུ་ལྔའི་ནོར་སྒྲུབ་དང་དབང་སྡུད་ཟུང་འབྲེལ་རླུང་འཁོར་འཛུགས་ཐབས་ནག་འགྲོས། བཞད་རྡོར་དག་སྣང་སྐུ་ལྔའི་ སྒྲུབ་ཐབས་དང་འབྲེལ་ལས་ཕྲན་ཉམས་སུ་ལེན་ཚུལ་ཀུན་ལ་མི་བསྟན་དམ་ཤིང་རྒྱ་ཅན། སྲོག་ཁང་ལྷ་བསྐྱེད་དམིགས་རིམ་བྱིན་ཆེན་ལས་བྱང་སྤ་ཞུག་རྒྱ་ཅན། སྲོག་ཁང་རྣམ་བཤད་ཆེན་པོའི་ཟུར་རྒྱན་ཡོ་ག་གསུམ་གྱི་ཉམས་ལེན་ཁྱད་པར་ ཁྲེག་གཅོད་ཐོད་རྒལ་ཟབ་ཁྲིད་དགོངས་པ་རང་གྲོལ་བཅས། རྒྱལ་པོ་བྱེས་ཆས་ཀེ་རུའི་སྒྲུབ་ཕྲིན་ཕྱོགས་སྒྲིགས་ཀུན་གཟིགས་ལྔ་པའི་བྱེས་ཆས་ལས་བྱང་དགྲ་སྲོག་གཅོད་པའི་སྤུ་གྲི། པད་འཕྲིན་གསུང་བྱེས་ཆས་ཀྱི་ལག་ལེན་ཟིན་བྲིས་ ཨོ་རྒྱན་འཇིགས་མེད་ཀློང་ཡངས་གསུང་བྱེས་ཆས་ཀེ་རུའི་ལས་བྱང་བསྐང་བའི་རིམ་པ་དབང་གི་ལས་སུ་བསྐུལ་ཐབས། གདམས་ཟབ་ཁུངས་བཙུན། བྱེས་ཆས་སྒྲུབ་ཐབས་སྐོར་ལེགས་པ། བྱེས་ཆས་གསོལ་མཆོད་སྒབ་འདྲེ་མནན་ཐབས་རྒྱས་བསྡུས་ གཉིས། དེའི་བཅའ་གཞི་ཞལ་ཤེས། བྱེས་ཆས་སྐབས་ཀྱི་ཟུར་རྒྱན་བཅས། རིག་འཛིན་པདྨ་དབང་རྒྱལ་གསུང་གྲས་ཆོས་རྒྱལ་བྱེས་ཆས་ཀེ་རུས་བསྙེན་སྒྲུབ་ལས་གསུམ་ལམ་ཁོ་བའི་འཁོར་ལོ་བྲི་ཐབས་སྦས་པ་ཀུན་གསལ། བྱེས་ཆས་ལས་ བྱང་སྙིང་པོ་གསལ་བའི་ཟིན་བྲིས་ཀུན་གསལ། བྱེས་ཆས་སྙིང་པོར་སྒྲུབ་པའི་ལས་བྱང་གསལ་བྱེད། བྱེས་ཆས་ཀྱི་སྲོག་གཏད་ཙིཏྟ་དམར་འབྱིན། བྱེས་ཆས་ཉམས་ལེན་རྒྱུན་ཁྱེར་བཅས། གནས་ཆུང་སྐུ་རྟེན་ཤཱཀྱ་ཡར་འཕེལ་གསུང་སྐུ་ [081B] དགའ་གདོང་ལྕོག་ཏུ་སྐུ་ལྔའི་ཕྱི་ནང་གསང་བའི་རྟེན་མདོས་འཛུགས་སྐབས་ཀྱི་བཅའ་གཤོམ་ཟིན་ཐོ་བཅས་གནས་ཆུང་གྲྭ་ཚང་གི་ཕྱག་དབེ་བོད་གཉིས་ཐོག་ནས་ལུང་ལེགས་པར་ཐོབ་ པའི་བརྒྱུད་པ་ལ། རྒྱུད་སྐོར་གཏེར་མ་རྣམས་ནི། གསང་བའི་བདག་པོ། ཨོ་རྒྱན་ཆེན་པོ། མཁར་ཆེན་མཚོ་རྒྱལ། ཁྲི་སྲོང་ལྔའུ་བཙན། མངའ་བདག་མྱང་རལ། དོན་སེང་རྒྱལ་མཚན། རྩ་བྲལ་བྱ་བཏང། འཇམ་དབྱངས་བློ་ གྲོས༑ འཇམ་དབྱངས་དཔལ་རིན། དཔལ་ལྡན་དོན་གྲུབ། ནམ་མཁའ་བཟང་པོ། མཁའ་ཀློང་ཡངས་པ། རྒྱལ་བ་མི་འགྱུར་པ། འབྲི་ཁུང་ཟུར་པ། ཉི་ཟླ་སངས་རྒྱས། ལན་བུ་ཨ་མི། དཔལ་འབྱོར་ལྷུན་གྲུབ། ཆོས་དབྱིངས་རང་གྲོལ། ཀུན་ མཁྱེན་རྡོ་རྗེ་ཐོགས་མེད་རྩལ། རིག་འཛིན་པདྨ་འཕྲིན་ལས། ཆོས་རྗེ་ཆོས་དབང་རྒྱ་མཚོ། མཁའ་རིག་བློ་བཟང་དོན་གྲུབ། མི་བསྐྱོད་དཀོན་མཆོག་ལྷུན་གྲུབ། སྐལ་བཟང་པདྨ་དབང་ཕྱུག་སྐུ་རྟེན་ངག་དབང་རྒྱ་མཚོ། སློབ་དཔོན་ངག་ དབང་བློ་བཟང། རིག་འཛིན་ཀུན་བཟང་པདྨ་འགྲོ་འདུལ། སློབ་དཔོན་སྐལ་བཟང་རྣམ་རྒྱལ། དགེ་སློང་བློ་བཟང་སྐལ་བཟང། གནས་ཆོས་པདྨ་དར་རྒྱས། གནས་ཆུང་སློབ་དཔོན་སྐལ་བཟང་མཁས་གྲུབ། དགེ་སློང་ངག་དབང་མཁྱེན་རབ་ དེ་གཉིས་ཀ་ལས་སྐུ་རྟེན་ཤཱཀྱ་ཡར་འཕེལ། གནས་ཆུང་ཀུན་བཟང་འཕྲིན་ལས་ཆོས་འཕེལ། མཚུངས་མེད་གང་རྒྱ་རིན་པོ་ཆེ་ཀརྨ་མཐུ་སྟོབས་རྩལ་ལམ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ། དེས་བདག་ལའོ། །རིག་འཛིན་པད་འཕྲིན་ [082A]༄༅། །གསུང་རྣམས། མཛད་པ་པོ་ནས། ཁྱབ་བདག་རིག་འཛིན་དབང་རྒྱལ། སྐལ་བཟང་པདྨ་དབང་ཕྱུག་རིག་འཛིན་པདྨ་བཤེས་གཉེན། ཁྱབ་བདག་པདྨ་ངག་དབང། རིག་འཛིན་འཇིགས་ མཛད་པ་ མེད་དཔའ་བོ་ མེད་འཕྲིན་ལས་དབང་པོའི་སྡེ། སྐུ་རྟེན་ཤཱཀྱ་མཆན་ཅན་མན་འདྲ། ཡང་ན་སྤྱི་རྒྱུད་པད་འཕྲིན་ནས། རིན་ཆེན་དབང་རྒྱལ། གསང་སྔགས་བསྟན་འཛིན། ཆོས་དབང་རྒྱ་མཚོ་མན་འདྲ། སྔགྶ་སྨྱོན་བློ་གསལ་གྱི་གསུང་རྣམས་ པོ་ནས། བཞད་པའི་རྡོ་རྗེ། སྣང་མཛད་རྡོ་རྗེ། གཡུང་མགོན་རྡོ་རྗེ། པདྨ་དགྱེས་པ། པདྨ་འགྲོ་འདུལ་མན་འདྲ། བདེ་དབྱིངས་བཞད་རྡོར་ནས། སྐུ་རྟེན་ཤཱཀྱའི་བར་གྱི་ཆོག་སྒྲིགས་ཡོངས་རྫོགས། མཛད་པ་པོ་ནས་རིམ་པར་བརྒྱུད། གནས་ཆུང་ མཆོག་སྤྲུལ་ཀུན་བཟང་འཕྲིན་ལས་ཆོས་འཕེལ། མཚུངས་མེད་གང་རྒྱ་རིན་པོ་ཆེ་ངག་དབང་བྱང་ཆུབ་ཚུལ་ཁྲིམས་དཔལ་བཟང་པོ། དེས་བདག་ལའོ། །། །། ༈ ཆེན་བསྐལ་བཟང་རབ་རྒྱས་ཀྱིས་མཛད་པའི་ཐ་འོག་བསྟན་སྲུང་ཆེན་པོ་ལ་བརྟེན་ནས་འབོད་རྦད་བསད་གསུམ་ཟོར་ལས་དང་འབྲེལ་བའི་ཚུལ་དམ་ཉམས་དགྲ་བགེགས་ཀྱི་སྲོག་གཅོད་སྤུ་གྲི་རྣོན་པོ་ཞེས་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སེར་སྨད་སྤོམ་འབོར་རྒྱུད་སྨད་ མཁན་པོ་འཇིགས་མེད་མཚན་ཅན་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་ལེགས་བཤད་ཆོས་འཛིན་རྒྱ་མཚོ་དཔལ་བཟང་པོས་བདག་ལའོ།། །། ༈ །སྒྲིབ་ [082B] །ཐ་མལ་མི་ཡི་ཟློས་གར་གྱིས། །འགྲོ་འདྲེན་ཚུལ་འཆང་མགོན་དེར་འདུད། །གང་དེའི་ཐུགས་རྗེའི་སྒྱུ་འཕྲུལ་ལས། །མྱོང་གྲུབ་ཟབ་གསར་གདམས་པའི་ཕུལ། །བྱིན་རླབས་དྲོད་ངད་འཐུལ་བཞིན་པར། །བཀའ་དྲིན་ ནོས་པའི་ཐོབ་བྱང་སྤེལ། །པཎ་ཆེན་ན་བཟའ་བ་ངག་དབང་དཔལ་བཟང་གིས་མཛད་པའི་བེའུ་བུམ་གྱི་བཀླགས་ལུང་ལེགས་པར་ནོས་པའི་ཀ་ཐོ་དང་བརྒྱུད་རིམ་ཆབས་ཅིག་ཏུ་འགོད་པ་ལ། སེར་སྲུང་སྐོར། པའི་དྲེག་འདོན་པ་སོགས་ཀྱི་སྐོར། བསྲུང་བའི་སྐོར། བརྟེན་པའི་ལྟས་ངན་ཟློག་པའི་སྐོར། [083A]༄༅། ། ཀྱི་རྦད་བཞི་མ་སོགས་ཀྱི་སྐོར། མཛད་པ་པོ་ངག་དབང་དཔལ་བཟང། འདིའི་ བར་བརྒྱུད་པ་བརྟག་དགོས། པཎ་ཆེན་བློ་བཟང་ཡེ་ཤེས། ལྷ་བཙུན་ལྷ་དབང་རྡོ་རྗེ། གནས་བརྟན་བློ་གྲོས་རྒྱལ་མཚན། སྨན་རམ་པ་འཇིགས་མེད་རྡོ་རྗེ། རྗེ་བློ་བཟང་བསྟན་དར། ཆོས་རྗེ་བློ་བཟང་རྡོ་རྗེ། རྗེ་བློ་བཟང་ཐུབ་བསྟན་རྒྱལ་ མཚན། རྗེ་བློ་བཟང་བཀྲ་ཤིས། ཨ་མཆོད་བླ་མ་འཇིགས་མེད་རབ་རྒྱས། རྗེ་བསྐལ་བཟང་ཡོན་ཏན། རྡོ་རྗེ་འཆང་ངག་དབང་ཆོས་འཛིན། དགེ་སློང་སངས་རྒྱས་ངག་དབང། དགེ་བཤེས་བློ་བཟང་ཡེ་ཤེས། རྗེ་བཙུན་སྐལ་བཟང་མཁས་ གྲུབ༑ ཆུ་བཟང་བླ་མ་ཡེ་ཤེས་རྒྱ་མཚོ། སྨད་ཚ་ཁྲི་སྤྲུལ་འཇམ་དཔལ་ཚུལ་ཁྲིམས་དཔལ་ལྡན། བཀའ་དྲིན་མཚུངས་མེད་བཤེས་གཉེན་ཆེན་པོ་བློ་བཟང་དཔལ་འབྱོར་དཔལ་བཟང་པོ། དེས་བདག་ཕ་བོང་ཁའི་སྦྲུལ་མིང་བཙུན་གཟུགས་བྱམས་ པའི་མིང་ཅན་ལའོ།། །། ༈ སྒྱུ་མ་འཕྲུལ་གྱི་བེའུ་བུམ་གཞན་ལ་མི་མངོན་པའི་བཀའ་རྒྱ་ཅན་ལ། འགོར་འཕྲུལ་ཡིག་སྣ་ཚོགས། མར་མེ་ཡུན་རིང་སོགས། མེ་འབྱེད་རྫས། ཡང་འཕྲུལ་མེ། མེའི་མན་ངག་རྡ་ [083B] གཏོར་མ། ཟོར། ཧོམ་རྣམས་ལ་མེ་སྦར། ཐུན་མེ། མེ་ཐུན། རྭ་རྒྱུག་མི་མགོ་ཀུས་འདེབས། ཁྱི་མགོ་ཟུག་བ། རྩ་མི། དར་མི་ཀུས་འདེབས། རྩ་མི་རྒྱུག་པ། ཆུ་སྟེང་འགྲོ་བ། རྔ་གནམ་འདོག་མཁའ་ལ་མེ་ཏོག་ཆགས་པ་ རྡོ་ལ་ཕུར་འདེབས། གདོན་ཀུས་འདེབས། རྫས་ཀྱི་གཏུ་མི་མོ། ཧམ་མ། ལྷ་འདྲེ་སྨྲ་བ། ས་གཏེར་མཐོང་བ། རྐང་མགྱོགས་རྫས། ཆུ་མིག་ཁྲག་བསྒྱུར། དགྲ་ཁྱིམ་ཁྲག་བསྒྱུར། བུད་མེད་སྤྲེལ་བསྒྱུར། བྱ་ཁྱིའི་ཁ་སྡུད། ཁྱིའི་ཁ་སྡུད་ ཁྱི་ཐན་སྐོར། མོ་མཚན་སྨྲ་བ། དགྲ་དབང་པོ་མི་ལྡང་བ། དགྲ་སྨྱོ། སྒྲིབ་ཤིང། མིག་རྣོན། པྲ་སྒྲུབ། སྒྲིབ་ཤིང་གསུམ། རལ་ཕྲེང་སྦྲུལ་བསྒྱུར། སྦྲུལ་འགྱེད། སྦྲུལ། རྫས་སོགས་སྦྲུལ་ཐ་ན། ཐན་འགྱེད། གཤིན་རྗེའི་ཁ་ཕུར། རྩི་རྩི་ སྐད་དན། བཻ་རོའི་རྫས་སྦྱོར། སྣང་པ་དགུ་འགྱུར། ཡང་གཉིས། དགྲ་བོ་མགོ་འཁོར། སྨྱོ་བྱེད། སྨྱོ་བྲོས་བྱེད་ཐབས། སྣང་བ་དགུ་འགྱུར། ཡང་གཅིག་ཐན་རྒྱུག་སྲོག་གི་སྤུ་གྲིའི་གབ། ལྟས་ངན་གཏོང་བ། རྐུན་མ་ངོས་འཛིན། གྲོས་ ཞིག་རྒྱན། ཤྭ། མདའ། མདའ་རྡོ། རྒྱན་རྣམས་ལས་རྒྱལ་བ། དཔུང་གཅོག་བ། ཁྲོམ་སྡུད། དབང་སྡུད། འགུགས་རྫས། མི་དབང་དུ་བྱ་བ། དགའ་བར་བྱ་བ། ཡིད་འོང་རྫས། སྡང་བ་ཞི་བ། ཁྲོ་བ་ཞི་པ། གཞན་དགའ་ བ༑ ཁྲོ་བ་ཞི་བྱེད། ཟས་རྙེད། ལས་འགྲུབ། གོས་རྒྱན་ཐོབ་པ། དོན་འགྲུབ། ཁེ་སྤོགས་སྒྲུབ་པ། བཅིངས་གྲོལ། གཟེ་མི་བཤིག་པ། ནོར་སྒྲུབ། ཆུ་ཟློག་གྲོགས་འབྱུང་བ། མིས་བྱམས་པ། ཡི་གེའི་རྟེན་འབྲེལ། མགྲིན་སྙན་ [084A]༄༅། །སྨེ་ཤིག་སེལ་བ། སྐྲ་དཀར་འགོག་པ། གཏེར་མཐོང་བ། མངོན་ཤེས། རྐང་མགྱོགས། ཁ་བས་མིག་ཕྱིད་པ། ནུབ་མོ་མཐོང་བ། གཉིད་ཁུགས་པ། བ་སེ་དྲི་བཅོས། སྐྲ་སྨིན་སྐྱེ་ཐབས། སྐལ་བ་ བཟང་བ། སྲིས་སྨ། རྡོ་སོལ། ར་མི་བཟི་བ། ཁྱི་ཤིག་སྲུང་བ། དམ་པའི་མན་ངག་སྐོར། འབྱེད་རྫས། མེ་ཏོག་མི་སྐྱེ་བ། སྐྱེ་རྒྱུན་གཅོད་ཐབས། ཇག་ཆིང་བཅས་དང། དེའི་ལྡེ་མིག་ཡང་མཎིའི་ལས་ཚོགས་ མ་ཐོབ་ ། དེའི་ལྡེ་མིག་ མ་ཐོབ། བཅས་ མཛད་པ་པོ་སེམས་པ་སྤྲུལ་སྐུ། དེ་ནས་བོད་པ་བློ་བཟང་བསྟན་འཛིན། ཟུང་ཤན་གྲགས་པ་དོན་གྲུབ། མེར་གན་དཀོན་མཆོག་སེངྒེ། ཁྲི་ཟུར་དགེ་འདུན་དར་རྒྱས། བློ་བཟང་ཆོས་འཕེལ། ཤེས་རབ་རྒྱ་མཚོ། དཀོན་མཆོག་རྒྱལ་ མཚན། བློ་བཟང་བསྟན་པ་ཆོས་འཕེལ། འཇིགས་མེད་རིག་པའི་རལ་གྲི་བཀའ་དྲིན་མཚུངས་མེད་རི་སྐུ་རིན་པོ་ཆེ་བློ་བཟང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། དེས་བདག་ལའོ། །ཡང་ན། རྗེ་ཤེས་རབ་རྒྱ་མཚོ། མཁན་ པོ་དཀོན་མཆོག་སེངྒེ། ཁྲི་ཟུར་དགེ་འདུན་དར་རྒྱས། རྒྱུད་པ་ངག་དབང་རྒྱ་མཚོ། རྡོ་རམ་པ་བསམ་གཏན་རྒྱ་མཚོ། རྗེ་དགེ་འདུན་བསྟན་འཛིན། སྙན་བརྒྱུད་བསྟན་པའི་སྒྲོན་མེ་ཆེ་ཤོས་མཆོག་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས་བདག་ ལའོ༑༑ །། ༈ དཀར་པོའི་སྐོར་ནས་འཁྲུགས་པ་དང་ནད་ཞི་བ་ནས། རྒྱུན་དུ་གནོད་པའི་འདྲེ་ཞི་བའི་བར། ཁྲ་བོའི་སྐོར་རྟ་ཕྱུགས་ཀྱི་ནད་ཞི་བ་ནས། ཐོག་པ་སྲུང་ [084B] ནག་པོའི་སྐོར་འཆི་ལ་ཁད་གསོ་པ་ནས། ཁང་པ་འགས་པའི་བར། ཁ་འཐོར་གྱི་སྐོར་ཟླ་བའི་འཁྱུད་དཔྱད། ཚེས་ཀྱི་འཁྱུད་དཔྱད། སྐར་མའི་འཁྱུད་དཔྱད། འཆི་བ་བླུ་བའི་འཁྱུད་དཔྱད། མཚོན་ཆའི་འཁྱུད་དཔྱད། དྲང་སྲོང་གི་ འཁྱུད་དཔྱད། ཡི་གེའི་འཁྱུད་དཔྱད། སྐུད་པའི་འཁྱུད་དཔྱད་སོགས་དང། རྫས་ཀྱི་རྟེན་འབྲེལ་དཀར་པོ་བརྒྱད་ཅུ། སྶྟི། སྣ་ཚོགས་ཆོ་འཕྲུལ་ཞེས་པ་ནས་དབང་དུ་བསྡུ་བའི་བར་བརྒྱད་ཅུ། སྔགས་ཀྱི་རྟེན་འབྲེལ་གསེར་གྱི་ཆར་པ། ན་མོ་རཏྣ་ གུ་རུ༑ ཨཱ་ལི་ཀཱ་ལིའི་སྒྲ་སོགས་ནས། རྒྱུ་གཟེར་སེལ་བའི་བར་བཅས་ཀྱི་ལུང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཨ་ཁུ་ཤེས་རབ་རྒྱ་མཚོ་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་རྗེ་དཀོན་མཆོག་རྒྱལ་མཚན། བློ་བཟང་བསྟན་པ་ཆོས་འཕེལ། འཇིགས་ མེད་རིག་པའི་རལ་གྲི། སྐྱབས་མཆོག་ཟླ་མེད་འདན་མ་རི་སྐུ་རྡོ་རྗེ་འཆང་བློ་བཟང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། དེས་བདག་ལ་དགྱེས་བཞིན་དུ་བཀའ་དྲིན་སྩལ་བའོ།། །། ༈ དཔལ། །བསིལ་བས་སྲིད་པའི་གདུང་འཕྲོག་པ། །ཁྱོད་ཀྱི་གསུང་གསང་དགེ་བ་ཡིས། །རྟག་ཏུ་བདག་སྙིང་དཀར་གྱུར་ཅིག་འབྲོང་རྩེ་ལྷ་སྲས་རྗེའི་མན་ངག་བེའུ་བུམ་གྱི་ལུང་ནོས་པའི་བརྒྱུད་རིམ་དང་དཀར་ཆག་ཆབས་ཅིག་ཏུ་འགོད་པ་ལ། མགོ་བོའི་ལཱུམ་བཅོས་སྐོར། [085A]༄༅། །གྲེ་འགགས་གསོ་སྐོར། སྐད་བཅོས་སྐད་འགགས་སེལ་བ། མཁལ་ནད་དང་རྩ་འཆུས་སྐོར། ཟ་ཕྲུགས་བཅོས། བ་ཤ་ནག་པོའི་སྦྱོར་བ་སོགས། སྨུག་པོ་ བཅོས་སྐོར། རྡོ་ནག་གསོ་བ། རླེག་སྐྲང་གསོ་བ། དང་གྲུམ་བུ་གསོ་བའི་སྐོར། གཞན་ལ་སྦོ་བ། སྦྱིན་སྲེག། བསྲུང་བ། འཁྲུལ་འཛག་གི་སྐོར་བཅས། པ་ནས་བརྒྱུད་པའི་དངུལ་ཆུ་སྐོར་གསུམ་གྱི་གདམས་པ་ཆ་ཚང་བ་ཞལ་ཤེས་མན་ངག་གིས་བརྒྱན་པ། རབ་གནས་གཏོང་ཚུལ། ཁ་བསྒྱུར། རིན་ཆེན་ཐལ་བཟོ། ནད་གཞན་ལ་ཁ་བསྒྱུར། སྔགས་ཀྱི་དྲུག་བདོས་པའི་སྐོར། ཆུ་བཤིག་གཏུམ་མཁས་པ་ཁྱད་འདོན་དང། ཡང་ཚོ་གཉིས། མེ་ལོང་ལས་སྦྱོར་དཔེ་རིས་ཅན། དམ་པའི་རྟེན་འབྲེལ་སྙིང་སྐོར། ཡང་ [085B] པད་མཆུའི་སྐོར། བསྲུང་བ་བརྟག་པ། རང་སྲུང། ནག་པོ་གཟའ་འདུལ་གྱི་མན་ ངག་སྡིག་འཁོར་དཔེ་ཆུང། ཡང་བསྲུང་བ་སོགས་རྒྱས་པ། དྲག་པོ་གསུམ་སྦྱོར། ལྷ་མོ་ཤྲ་མ་ཎ། ཤཱཀྱ་ཐུབ་པ། སྒྲོལ་མ་རྣམས་ལ་བརྟེན་པའི་རྨི་ལམ་བརྟག་པ། མཁའ་འགྲོ་སེང་གདོང་མའི་ ལས་ཚོགས། ཕད་མ་པའི་ས་དུ་རྦད་ཀྱི་ལས་ཚོགས་ཞལ་ཤེས་མ། དུས་འཁོར་ལས་བསྲུང་བ་དཔེ་རིས་བཅས། ཡང་བསྲུང་བ་བྭི་ཚུལ། བཅས༑ མཁྲིས་པ་རྩ་རྒྱུག་གསོ་སྐོར། བའི་སེང་ལྡེང་གི་སྦྱོར་བ། ཡང་འབྲུམ་སྲུང། སྦྱོར་ཚད་འཁོར་ལོ། སྨན་སྔགས་སོགས། སེལ་སྲུང་བའི་སྐོར། སྲི་སྲུང། བསམ་གཏན་ཉལ་ཆོག་འཁོར་ལོ། ཁྱུང་ལྔ། ཁྱུང་བདུན་པ། དགུ་པ། ཁྱུང་གཤམ་ཁ་བསྒྱུར་བཅས། [086A]༄༅། །རོ་གསུམ་སྦྱོར། རྣམས་ཀྱི་བཀླགས་ལུང་ལེགས་པར་ནོས་པའི་ བརྒྱུད་པ་ནི། བཱ་རིན་རབ་འབྱམས་པ་སྐལ་བཟང་ཆོས་འཕེལ་ཡན་དེའི་གསན་ཡིག་ལྟར་ལ། དེ་ནས་སྔགས་རམ་པ་ངག་དབང་དཔལ་ལྡན་འཕྲིན་ལས། སློབ་དཔོན་རབ་འབྱམས་པ་སངས་སྐྱབས། ཤར་ཟུར་ཉི་མ་རྒྱལ་མཚན། ལྷོ་སྤྲུལ་ ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་ཀུན་སྤངས་བློ་བཟང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། དེས་བདག་ལ་དགྱེས་བཞིན་དུ་སྩལ་བའོ།། །། ༈ གང་ཞིག་ཡོན་ཏན་ཚོགས་ རྣམས་ཀུན་སྤུངས་བཞིན། །མཁྱེན་དང་ཐུགས་རྗེ་སྨྲ་བ་ཟླ་མེད་པ། །དེ་ཡི་དྲུང་ན་མངོན་མཐོའི་ཁེངས་ལྡན་ཀྱང། །ཁེངས་པ་ཐུང་ངུར་སྒྲུབ་མཛད་དེ་ལ་འདུད། །མཚུངས་མེད་ཁྱོད་ཀྱི་ཞབས་པད་ནི། །ཉམས་སུ་མྱོང་བའི་སྐལ་བཟང་བདག་ངེས་ པར་བློ་ཡི་མུན་འགགས་ཤིང། །དགེ་བའི་ཆེས་དཀར་ཉིད་དུ་བསྒྲུབས། །གང་ཞིག་མ་ལ་ཡ་ཡི་ཀླུང། །གྲོགས་སུ་ཐོབ་པའི་ཕལ་པའི་ལྗོན། །དེ་ལ་མངར་བའི་དྲི་བསུང་ནི། །ཆེད་དུ་མ་བྱས་པར་བགོས་བཞིན། །མན་ངག་ཟབ་མོ་ཀུན་གྱི་ཉིང་ཁུ་ བསྡུས་པ་དར་མ་སྨན་རམ་པ་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་པོའི་གདམས་ངག་བཀའ་རྒྱ་མའི་བཀླགས་ལུང་ལེགས་པར་ནོས་པའི་དཀར་ཆག་དང་བརྒྱུད་རིམ་ཆབས་ཅིག་ཏུ་སྤེལ་བ་ལ། རླུང་ནད་བཅོས་པའི་ཐབས། མཁྲིས་ནད་བཅོས་པའི་ [086B] བད་ཀན་གྱི་ནད་བཅོས་ཐབས། པད་ཀན་སྨུག་པོའི་བཅོས་ཐབས། ཁོང་ནད་བཅོས་ཐབས། ད་མུ་ཆུ་བཅོས་ཐབས། ཚབ་བཅོས་ཐབས། མགོ་ནད་བཅོས་ཐབས། འདུས་རིམས་བཅོས་ཐབས། མིག་ནད་བཅོས་ཐབས། རྣ་བའི་ནད་ བཅོས་ཐབས། སྣ་ནད་བཅོས་ཐབས། ཁ་ནད་བཅོས་ཐབས། ཝ་བཅོས་ཟབ་མོ། སྙིང་ནད་བཅོས་ཐབས། གློ་བཅོས་ཟབ་མོ། ཕོ་བ་སོགས་སྣོད་ནད་བཅོས་ཐབས། མཆིན་ནད་བཅོས་ཐབས། མཚེར་ནད་བཅོས་ཐབས། མཁལ་ནད་ བཅོས་ཐབས། གདམས་ངག་ཟབ་བསྡུས། ལར་ཁུའི་ལག་ལེན་བཅུང་བསྡུས། རྡེའུ་དམར་འབྱིན་གྱི་ལག་ལེན། ཐོར་བུའི་ནད་བཅོས་ཟབ་མོ། དྲེག་གྲུམ་རྐང་འབམ་བཅོས་ཐབས། རྩ་དཀར་ནད་ཀྱི་བཅོས་ཐབས། རྩ་པྲའི་མངོན་ ཤེས་སྒྲུབ་ཚུལ། ལོ་སྐོར་བཅུ་གཉིས་ཀྱི་གདོན་ངོས་འཛིན་ཚུལ། དེའི་བཅོས་ཐབས། དྲང་སྲོང་རྀ་ཥྲིའི་ལོ་རྒྱུས་དང་སྟོན་ཟླའི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་ཚུལ། ཕྲན་གསོས་ཟབ་རྒྱས་མན་ངག་གསར་འགྱུར་རྩལ་བརྟག་ཐབས་ གསར་འགྱུར་ཆུ་བརྟག་ཐབས། ཟླ་ཟེར་ལས་བཏུས་པའི་འོ་མའི་སྡེ་ཚན། ཇག་ཆིང་དང་གྲོད་པ་ཕུ་འདེབས། སྨན་དཔྱད་འཁོར་ལོ། ཀླུ་རིགས་ལྡན་འཆར་ཚུལ། བླ་གནས་བརྩིས་ནས་མེ་བཙའ་སྤང་ཚུལ། སྔགས་བཅོས་ཟབ་མོ། གཟའ་བཅོས་ དུག་བཅོས་ཀྱི་སྐོར། ཁྱི་སྨྱོན་བཅོས་ཐབས། འབྲས་ནད་ཀྱི་བཅོས་ཐབས་ཟབ་མོ། གཞང་འབྲུམ་བཅོས་ཐབས། ཀླུ་གདོན་བཅོས་ཐབས་ཟབ་མོ། མཚོན་རྨ་གསོ་ཐབས། མེ་དཔལ་སུརྱའི་བཅོས་ཐབས། རྐང་འབམ་བཅོས་པའི་གདམས་ [087A]༄༅། །པ༑ རེག་དུག་བཅོས་ཐབས། བདུད་རྩི་འོད་ལྡན་སོགས་བཅུད་ལེན་གྱི་རིམ་པ། མོ་ནད་བཅོས་ཐབས། རྫས་སྲུང་རྡོ་རྗེའི་གོ་ཆ། བྱ་འདྲེ་བཅོས་ཐབས། བྱིས་པའི་ཆུང་དཔྱད་ཟབ་མོ། མོ་སྒྲུབ། བླ་མ་ དགོངས་འདུས་ཀྱི་མཁའ་འགྲོ་ལྔ་ཡི་མོ་སྐོར། མདོས་ཀྱི་སྐོར་ལ། དམུ་མདོས། རྒྱལ་མདོས། བཙན་མདོས། བདུད་མདོས། གཟའི་མདོས། མ་མོའི་མདོས། གཤིན་རྗེའི་མདོས། གཤིན་རྗེའི་ཁྲམ་མདོས། ཀླུ་བདུད་ཀྱི་མདོས་ སྲིན་པོའི་མདོས། སྤྱི་བཙན་གྱི་མདོས། སྨན་བླའི་གཟུངས་སྔགས་ཕན་ཡོན་བཅས་ཨ་མདོ་བཀྲ་ཤིས་འཁྱིལ་གྱི་སྤར་མ་ཁྱོན་གྲངས་་བཞུགས་པའི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། དཔལ་མང་དཀོན་མཆོག་རྒྱལ་མཚན་ཡན་ དེའི་གསན་ཡིག་ལྟར་ལ། དེ་ནས་རྗེ་ཤེས་རབ་རྒྱ་མཚོ། མཁན་ངག་དབང་དགེ་ལེགས། ཀུན་སྤངས་ཚངས་དབྱངས་རྒྱ་མཚོ། མཚུངས་མེད་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོ། དེས་བདག་ཕ་བོང་ཁའི་ སྐྱེ་མིང་པ་ལ་དགྱེས་བཞིན་དུ་བཀའ་དྲིན་སྩལ་བའོ།། ༈ །།དད་དམ་མཚུངས་མེད་ལྷ་ཀླུ་དགའ་ཚལ་བས། །ཡོན་སྦྱར་མཐུན་རྐྱེན་འབྲེལ་ཚད་བླ་མ་ཡིས། །ཚེ་རབས་འབྲལ་མེད་མཉེས་བཞིན་རྗེས་འཛིན་ཅིང། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག་ འགྲོ་དོན་འཕེལ།། །།